ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
པར་མཛོད།
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ཤར་རྒྱལ་མོ་རོང་གི་སེམས་འགྱུ་ཐར་འཐོར། | 2013/9/8 14:07:00

 

ཤར་རྒྱལ་མོ་རོང་གི་སེམས་འགྱུ་ཐར་འཐོར།

འབྲོག་ཁ་མང་།

བྲེད་ཤ་འཚུབ་བེ་སྤོས་ལྡན་གྲོང་ནས་ཆས།།
ལམ་བར་ཡུལ་ལྗོངས་སེམས་པའི་གཏིང་རིམ་སིམ།།

ཁྱད་ལྡན་ཁང་མིག་སྟེར་ཕྲེང་མིག་ལ་མཛེས།།

དེ་ལྟར་རྒྱལ་མོ་རོང་དུ་ཡུན་གྱིས་ཆས།།


ལམ་ཐག་ངལ་བ་སེམས་ཀྱིས་མཇལ་གྱིན་ཡོང།།
གནས་དེའི་ཡུལ་དེའི་ལོ་རྒྱུས་ཀློག་གིན་ཡོང།།
དེར་བཞུགས་གྲོགས་ཀྱི་ངོ་གདོང་དྲན་གྱིན་ཡོང།།

མཚར་སྣང་སྣ་ཚོགས་ཁོག་ཏུ་རུམ་ནས་ཡོང།།


ཁུལ་དེའི་ལྟེ་བ་སེམས་ཀྱི་འབར་ཁམས་ཐོན།།
གྲོགས་ཀྱི་དྭངས་མ་གངས་ཀྱི་སྨྱུག་འཛིན་མཇལ།།
ཁ་ཁོག་འདྲེས་མའི་བདེ་སྡུག་ཡུན་གྱིས་གླེང།།

མ་འགྲོས་གཅིག་མཐུན་གནའ་མཁར་ཕྱོགས་སུ་འདུར།།

 


སི་ཁྲོད་རྒྱ་སྐད་བསྙད་དུས་སྨྲ་ལྕེ་ལྐུག།།
རྒྱལ་རོང་བོད་སྐད་ལབ་ན་ཡང་ལྐུག་རེད།།
བོད་སྐད་དབུས་སྐད་དེ་བས་སྤྱོད་ཡུལ་དབེན།།

མཛུབ་བརྡ་སྤྱི་སྐད་འགྲོགས་ཀྱིན་ག་ལེར་སོང།།


ཡུལ་གྱི་བཀོད་པ་པིར་གྱིས་བྲིས་འདྲ་ཞིག།།

ཁང་གི་ཁྱད་ཆོས་གང་གི་ཡན་ཆོད་ཞིག།།

གནའ་མཁར་ཐར་འཐོར་ཡིད་དབང་འཕྲོག་འཕྲོག་ཞིག།།

རྒྱུན་ལོན་གང་མང་ཟེར་གྱིན་དལ་གྱིས་མྱུལ།།      


ནུབ་འགྲིམས་གཏམ་རྒྱུད་ཟེར་བའི་འཁྲབ་ཚན་ནང།།

བར་གྱི་བུད་མེད་རྒྱབ་ཁབ་འདི་ན་བསྙད།།

ཕོ་རེ་སྐྱེས་ན་མཁར་རེ་བརྩིགས་རབས་གསུངས།།

ཨི་བདེན་མི་བདེན་དོགས་པའི་སྒོ་ཁྱི་ཟུག།།


རྩེ་མོ་དགུང་དུ་ཟུག་པའི་མཁར་རྫོང་བརྗིད།།
སྣ་མང་ལྗོན་གྱིས་བཏུམས་པའི་རི་ཚོགས་མཛེས།།
ཁུ་སིམ་ལྷིང་འཇགས་ཀློང་གི་རི་གྲོང་སྐྱིད།།
ཡིད་སེམས་དྲག་ཏུ་སྐྱོམ་པའི་འུ་གཉིས་སྤྲོ།།

 


རི་ཆེན་རི་ཆུང་ཡོད་ཚད་ངལ་བས་འཛེགས།།
གནའ་མཁར་ཆོས་ཁང་ཐམས་ཅད་གྲས་ཀྱི་མྱུག།།
གནའ་རྫས་སྲོལ་བཟང་ཟེར་བ་མ་མཆིས་ཀྱང།།
དེ་དུས་བཟོ་བཀོད་གླེང་དུས་ཡིད་སྨོན་འཆོར།།

 


གནས་འདིའི་བཀོད་པ་ཟེར་གྱིན་རྒྱང་བལྟ་བྱས།།
སྐད་འདིའི་ཡ་མཚར་ཟེར་གྱིན་ཕྱིར་འདང་བྱས།།
དེ་དུས་གང་འདྲ་ཟེར་གྱིན་སྨྲེང་ཚིག་གྱེར།།
དེང་སང་དེང་སང་ཟེར་ཞོར་དངན་པ་ཤོར།།

                    ༢༠༡༣.༠༨.༢༨ཉིན་འབར་ཁམས་ནས་གསེར་རྟའི་ལམ་བར་དུ་བྲིས།

 

 

 

 

 

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.