ཧི་བོན་ཟིན་བྲིས།
ཐང་སྲས།—འབྲོག་ཁ་མང།
སྤྱི་བསྒྲགས།





    རུས་མིང། རྐྱང་ཚེ་བློ་བཟང་དཔལ་འབྱོར།

      ཕ་ཡུལ། བྱང་འདམ་གཞུང་རྫོང།

     དེ་རིང་གཉིད་ནས་བཞུར་བའི་ཁ་ཆུ་དེ

    སང་ཉིན་གྱི་མིག་ཆུ་ཡིན།


ལི་ཐོ།
    <<  < 2021 - >  >>
    1234567
    891011121314
    15161718192021
    22232425262728
    2930
ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
པར་མཛོད།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
རྡོ་ཕུང་ཉིལ་བ།༼ཞར་བཀོད་གཅིག༽ | 2014/6/22 20:58:00



རྡོ་ཕུང་ཉིལ་བ།


                        
    འབྲོག་ཁ་མང་། 


སེམས་པ  ཤེལ་བུམ་གཟུགས་སུ་གྲུབ་རྐྱེན
མགྲིན་པ་བརྣངས་ཤིང་ངག་སྒོ་འགགས
དུ་བ་དང་བསྲེས་པའི་ཆུ་ཚོད་སྐར་མ
མགྱོགས་ནས་སོང་ངམ་དལ་བར་ཐལ
སེམས་ཀྱི་གཙང་པོ་འཕྱུར་ཚུལ་དང
ཁོག་ཏུ་རྡོ་ཕུང་ཉིལ་ལུགས
ང་ལ་མ་འདྲི
སྐད་ཅིག་གི་འཁྱུག་འགྲོས་བརྒྱུད་དེ
མེ་ལོང་ངོས་ཁ་རླངས་ཕོག་འགྲོ


ཁ་རོག་གེར
དུ་བ་དང་བསྲེས་པའི་ཆུ་ཚོད་སྐར་མ
རྣ་ལམ་གཟན་པའི་སོ་སྒྲ་ཏོག་ཏོག
སོ་སྒྲ་ཏོག་ཏོག

         
                                                  ༢༠༡༤/༠༤/༢༤ཉིན།

རྡོ་བའི་གྲོང་ཁྱེར།


                          
       འབྲོག་ཁ་མང་།


ཚུལ་འཚོས་ཀྱིས་བཏེགས་པའི་ངག་གི་དབྱངས་རྟ
སྤྲིན་གྱི་གཤིས་སུ་སྦྲུམ་ནས་མཁའ་རུ་འཕགས


ང་ནི་ཁྱོད་དང་ཁྱོད་ཀྱང་ཁོང་ཡིན་བསྙད་པའི
གློ་བ་དང་མཆིན་པས
རྣ་བ་གོས་སུ་གྱོན


གློག་ཞགས་ལ་འཁྱུད་པའི
འུག་མིག་རྣོ་པོས།
མཚན་གཏིབ་གཏོང་བར་བྲེལ


ཞུ་མར་འགྲམ་ལྡིང་བའི
མེ་ལྕེབ་འདུར་མ
ཐབས་དང་ཤེས་རབ་ཕོངས


དེང་གཞས་མི་ལེན་པའི
བརླ་རྐང་མ་ཆགས་པའི
འབྲོང་རྭ་ཁ་ཤས་ཀྱིས
ཨུ་ཚུགས་སྐམ་ཟ་རྒྱག

                                             ༢༠༡༤/༠༤/༠༦ནུབ་མོར། 

དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.