ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
པར་མཛོད།
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
བདེ་འཇགས་གྲོང་གི་སེམས་འགྱུ། | 2013/9/2 15:00:00


བདེ་འཇགས་གྲོང་གི་སེམས་འགྱུ།


                                           འབྲོག་ཁ་མང་།

སེམས་ངོགས་དྲན་གདུང་འཁྱིལ་ནས་ཡུལ་ལས་ཆས།།

དབུས་ཀྱི་བདེ་འཇགས་གྲོང་དུ་ངལ་ཅིག་གསོས།།

གདན་ས་སེ་འབྲས་ལ་སོགས་སེམས་ཀྱིས་མཇལ།།

གསང་བའི་གཏམ་དག་སྨོན་པའི་རྩེ་རུ་སྒྲོན།།

ཁྲོམ་ལམ་སང་མདོ་མྱུལ་ནས་འདང་ཞིག་རྒྱབ།།

ལ་རྒྱ་མཆོད་པའི་རིགས་མཐུན་ཁྱུ་ཅིག་རིག།།

ནང་སྙིང་བོར་བའི་སྤྲེའུ་ཕྲུག་གྲངས་མེད་མཐོང།།

ཚོར་འདུ་བསྐྱུར་མོས་ངུ་ཤུམ་ཐེངས་མང་བྱས།།


སེམས་མཐུན་གྲོགས་འགའ་ཐུག་ནས་སེམས་གཏམ་གླེང།།
སྡུག་གི་ཁུར་པོ་ཁྱོད་ཆེ་ང་ཆེ་རེད།།

སྐྱོ་བའི་དངན་པ་ཤོར་གིན་ཨམ་གཙིགས་བསྡམས།།
དུངས་བའི་སེམས་གསོ་བྱེད་ཀྱིན་གྱེས་ཕྱག་ཕུལ།།


སྣ་ཚོགས་རྫས་ལུས་སྤྱད་ནས་ཕྱི་སྣོད་བསྒྱུར།།
ཕྱོགས་བཞི་བ་གམ་ཁང་གིས་རྫིག་མངོན།།
ནང་སེམས་དམར་པོའི་གློ་སྙིང་གི་བར་ན།།

རྔ་བོང་བུ་སྟོར་རྒྱུན་སྡོད་ཀྱི་མགྲོན་པོ།།


རྒན་པོ་ཕལ་ཆེར་སྤྲོ་སྣང་གི་བཟི་འདུག།
གཞོན་པ་ཡོད་ཚད་དཔལ་འབྱོར་གྱི་གཡོག་པོ།།
བཅོས་མིན་གཉུག་གཤིས་མཆེད་པའི་བྱིས་པ་དེར།།
སྲོལ་བཟང་སློབ་གསོ་དབེན་པའི་སྐྱོ་བ་མོད།།


ཕ་སྐད་མི་མཁོ་ཟེར་བའི་ལོ་ལོན་མང་།།
མ་ཡིག་མི་གཙོ་བསྒོམས་པའི་ན་གཞོན་འབེལ།།
སྣང་མེད་ཉིན་ཞག་བསྐྱལ་མཁན་ཡང་མི་ཉུང།།

དཔལ་འབྱོར་ཁོ་ན་མཁོ་བའི་སྤྱང་ཚོགས་ཅིག།།

མི་འདོད་མི་ཁའི་འཕྱ་དམོད་གཡས་ལ་བཞག།།

ཁ་ཡག་ངོ་དགའ་བའི་ཐབས་ལམ་གཡོན་ལ་བསྐྱུར།།
མིག་རིག་ལག་ཟིན་ལྷ་ལྡན་
གྱི་མཐོང་ཆོས།།
ཚོར་བ་གསོན་པོའི་ཀློང་ནས་ཤོག་ངོས་སུ་བཀོད་བཞག།།

                                            ༢༠༡༣.༠༨.༢༠

Re:བདེ་འཇགས་གྲོང་གི་སེམས་འགྱུ། | 2013/9/3 9:09:47
boncuteཉིན་དེར་ལན་གྲིག་ནས་གྲོགས་པོ་དང་འདིའི་སྐོར་ནས་ཁ་བརྡ་མང་ཙམ་བྱས་ཡོད་ལ། གྲོགས་པོའི་སེམས་གཤིས་རྟོགས་ཡོད་པ་མ་ཟད་ཉིད་ཀྱི་རྩོམ་འདི་བྲི་བར་བསམ་བློ་གང་མང་ཞིག་བཏང་ཡོད་པ་དང་རྩོམ་འདིའི་ཁ་བྱང་ཁོ་ནའི་ནང་ནའང་གཅིག་འདུས་ཀྱི་ཆ་ཞིག་འདུག་་་་་་་གངས་ཐིག་གིས།
Re:བདེ་འཇགས་གྲོང་གི་སེམས་འགྱུ། | 2013/9/8 14:10:20
luobianགྲོགས་གངས་ཐིག་ལགས་སེམས་པས་བསུ་གིན་ཡོད། ལྷག་པར་སེམས་པས་སེམས་པ་རྟོགས་པར་སྙིང་ནས་དགའ་གིན་ཡོད། ——བདག་པོས་ཕུལ།
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.