ཧི་བོན་ཟིན་བྲིས།
ཐང་སྲས།—འབྲོག་ཁ་མང།
སྤྱི་བསྒྲགས།





    རུས་མིང། རྐྱང་ཚེ་བློ་བཟང་དཔལ་འབྱོར།

      ཕ་ཡུལ། བྱང་འདམ་གཞུང་རྫོང།

     དེ་རིང་གཉིད་ནས་བཞུར་བའི་ཁ་ཆུ་དེ

    སང་ཉིན་གྱི་མིག་ཆུ་ཡིན།


ལི་ཐོ།
    <<  < 2021 - >  >>
    123456
    78910111213
    14151617181920
    21222324252627
    28293031
ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
པར་མཛོད།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
ཆེས་ཁོམ་པའི་མི་དེ་ཚོ།༼ཞར་བཀོད་གཅིག༽ | 2013/7/1 20:19:00

 

ཆེས་ཁོམ་པའི་མི་དེ་ཚོ།

                        
འབྲོག་ཁ་མང་།
       
ཁྱུ་ཚོགས་བོར་བའི་ཁེར་རྒྱུག་ཀྱི་སེམས་འཚུབ་ལྟ་བུའི
ནམ་ཞར་འདུར་རྒྱུགས་ཀྱི་བར་གསེང་ནས་འཚོ

སྐད་ཅིག་སྡོད་མེད་ཀྱི་རླུང་བུ་དང་འདྲ་བའི
ཁོམ་མེད་བྲལ་འཚུབ་ཀྱིས་རང་མགོ་བསྐོར
         

མི་དེ་ཚོ

ཐོབ་པ་དབེན་པའི་མི་དེ་ཚོ
རྟོགས་པར་དཀའ་བའི་མི་དེ་ཚོ
        

བྲལ་བྲལ་བྲལ

རྒྱུག་རྒྱུག་རྒྱུག་

ལོ་ངོ་ཇི་སྙེད་སོང་བའི་ཉིན་མོ་ཞིག་ལ
འཛུབ་མགོ་ཁ་རུ་བཅུག་ནས་ངུ་ཤུམ་རྒྱག་པར་བྱེད

༢༠༡༣.༠༧.༠༡


རེ་ཆད་དང་རེ་སྒུག།

    
ཉི་མ་མི་འདོད་ཀྱི་ནུབ་རི་བརྒལ་རྗེས་དང

ཟླ་བ་གློ་བུར་གྱི་སྤྲིན་པས་བསྒྲིབས་བཤུལ

སུ་ཞིག་གི་སེམས་པ་རྡོ་བར་བརླན

སྐར་ཚོགས་གྲངས་མེད་ཞིག་རེ་ཐག་ཆད་ཞོར

སྤྱང་ཀི་ག་ཚོད་ཀྱིས་ལྐོག་ནས་འཇབས
སང་ཉིན
ནངས་སྔ་མོའི་སྐྱ་རིང་གིས་དུང་ཟླ་བསུ་དུས
སུ་ཞིག་གི་རྨི་ལམ་དཀྲོག་སྲིད

 

༢༠༡༣.༠༦.༢༨

 

དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.