ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
པར་མཛོད།
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
༈ གངས་རིའི་དོ་ཤལ། | 2013/10/10 14:38:00



   ༈ གངས་རིའི་དོ་ཤལ།

                                འབྲོག་ཁ་མང་།


     
སེམས་ཀྱི་རྟེན་ས་ཡིན་པའི།།
      ཡིད་ཀྱི་དྲན་ཤིང་ཡིན་པའི།།
      གངས་རིིའི་དོ་ཤལ་དེ་ཉིད།།
      ཞེ་ནས་བརྗེད་ཐབས་མི་འདུག།།

      སེམས་དང་བསམ་པ་འདྲེས་པས།།
      ཡིད་དང་དྲན་པ་བསྲེས་པས།།
      རུས་རྐང་འབྱེར་མེད་གཅིག་པས།།
      ཁ་ཁར་འབྱེ་ཐབས་མི་འདུག།།

      རི་མཐོ་ས་གཙང་ཞིག་ནས།།
      མུན་པའི་ཁུགས་སོ་ཤིག་ནས།།
      ཨུ་ཚུགས་ཉིན་ཞག་བསྐྱལ་ཡང་།།
      སེམས་པར་དྲོད་ཁོལ་མི་འདུག།།

      རྒྱ་མཚོའི་ཕ་རོལ་ལབ་ཀྱང་།།
      གངས་རིའི་ཚུར་རོལ་བསྙད་ཀྱང་།།
      སེམས་ལ་གཤོག་ཟུང་ཐོགས་པས།།
      ཁ་ཐག་དེ་ཙམ་མི་འདུག།།

      སེར་དྲག་ཤག་ཤག་འོག་རུ།།
      ཐལ་རྡུལ་ཧྲག་ཧྲག་དཀྱིལ་དུ།།
      ཡོད་ཚད་འགན་དུ་བཞེས་པའི།།
      བུ་ཁྱེད་བརྗེད་ཐབས་མི་འདུག།།

      ཉི་འོད་དྲོད་དུས་ཤིག་ལ།།
      ཟླ་འོད་བསིལ་དུས་ཤིག་ལ།།
      བརྗིད་ཀྱིས་དབུས་ནས་འགྲེང་བ།།
      ད་རུང་སེམས་ཀྱི་གསོས་རེད།།

      ཁྱེད་ཉིད་དྲན་རབས་ཟེར་དུས།།
      དུས་དྲུག་སྒུག་རབས་ལབ་དུས།།
      དུས་ཚོད་རུས་སྦལ་འགྲོས་རེད།།
      ཡིད་སེམས་འཁྱག་གིས་བསྡམས་བདོག།།

      རྣ་བ་རྒྱང་ལ་གཏད་པས།།
      སེམས་པས་རྒྱང་ལ་ཉན་པས།།
      སྐྱེ་ཆེན་གདུང་འདེགས་ཀ་བ།།
      དྲན་པའི་མཆི་ལ་ཐོར་སོང་།།

      ཉིན་ལ་ཟླ་བ་མཐུད་ཡོད།།
      ཟླ་བ་ལོ་ཡིས་བསུས་ཡོད།།
      བསྐལ་བཟང་དུས་ཚིགས་ཤིག་གི།
      རྟེན་འབྲེལ་མཆོད་ཆང་བསྙལ་ཡོད།།

      ཉིན་མོའི་འདུར་རྒྱུཊ་བར་ན།།
      མཚན་མོའི་རྨི་ལམ་གསེབ་ན།།
      ཁྱེད་ཀྱི་གསུང་སྐད་སྙན་རེད།།
      ཁྱེད་ཀྱི་འཛུམ་ཆུང་ལྷང་རེད།།

      དུས་ཀྱི་ལན་པ་ཨི་ཡིན།།
      གཞན་གྱི་ལན་པ་ཨི་ཡིན།།
      སྤུན་གྱི་ལན་པ་མིན་འགྲོ།
      གང་ལྟར་ཁྱེད་ཀྱི་མ་འཆུག།།

      ཁྱེད་ནི་གཙུག་གི་ནོར་རེད།།
      ཁྱེད་ནི་སེམས་ཀྱི་སྨན་རེད།།
      ཁྱེད་ནི་རིགས་ཀྱི་ལྷ་རེད།།
      ཁྱེད་ནི་ང་ཡི་མགོན་རེད།།

      ཁྱེད་ནི་ཆོས་པ་ངོ་མ།།
      ཁྱེད་ནི་བླ་མ་དངོས་པོ།།
      ཁྱེད་ནི་སངས་རྒྱས་གསོན་པོ།།
      ཁྱེད་ནི་བྱམས་ལྡན་ཕ་མ།།

      ཁྱེད་ནི་རེ་ཞགས་བསྐྱིལ་ས།།
      ཁྱེད་ནི་རླུང་རྟ་སྤུར་ས།།
      ཁྱེད་ནི་སྨོན་པ་བསྔོ་ས།།
      ཁྱེད་ནི་སྐྱབས་སུ་བཅོལ་ས།།

      ཁྱེད་ནི་སེམས་ཀྱི་ཁེན་ས།།
      ཁྱེད་ཀྱི་ལུས་ཀྱིས་གུས་ས།།
      ཁྱེད་ནི་རྣམ་ཤེས་འཁོར་ས།།
      ཁྱེད་ནི་གངས་རིའི་བདག་པོ།།

                            ༢༠༡༣-༠༩-༢༦

 

Re:༈ གངས་རིའི་དོ་ཤལ། | 2013/10/10 20:43:46
khyungབཟང་འདུག་ཡ།
Re:༈ གངས་རིའི་དོ་ཤལ། | 2013/10/11 22:59:47
སྐུ་མགྲོན་J51Qiu(སྐུ་མགྲོན)ངོ་མ་ཡག་པོ་བྲིས་འདུག ཀློག་བདེ་མོ། དོན་ཟབ་མོ། ཡག་གི
རྩོམ་པ་པོ།:སྐུ་མགྲོན་J51Qiu(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:༈ གངས་རིའི་དོ་ཤལ། | 2013/10/12 8:52:50
boncuteཡག་གི
Re:༈ གངས་རིའི་དོ་ཤལ། | 2013/10/12 13:33:15
luobianགྲོགས་རྒན་གངས་ཐིག་དང་མགྲོན་གསར་གཉིས་བཅས་ཚང་མ་ལྷན་དུ་བསུ། ——བདག་པོས་ཕུལ།
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.