ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
པར་མཛོད།
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ཁ་གཡང་གསོན་པོ་ཞིག | 2013/9/24 14:11:00


 

ཁ་གཡང་གསོན་པོ་ཞིག

འབྲོག་ཁ་མང་།

 ༡

རིགས་ཞེན་སྤོབས་པ་རུམ་པའི་རིགས་མཐུན་དེར།།

གནའ་དེང་རིག་པའི་རྒྱན་པའི་ཕོ་གསར་དེར།།

དུས་ཀྱི་འགྲོས་དང་བསྟུན་པའི་མི་བུ་དེར།།
མདུན་བསྐྱོད་ལམ་དུ་བཀག་རྡོ་ཉུང་གྱུར་ཅིག།།


བྱམས་སེམས་སྙིང་ནས་བསྒོམས་པའི་རྒན་པོ་ཁོང།།

སེམས་ཁུར་ཁོག་ནས་བསྲིངས་པའི་ཡབ་ཡུམ་ཁོང།།

རེ་བའི་འོ་མཚོ་བསྐྱིལ་ས་སྙིང་གྲོགས་ཁོང།།
མི་འདོད་ལས་ཀྱི་གློ་བུར་མི་ཁྲིད་ཤོག།།


གཞན་ཕན་གྲོགས་སུ་རྟེན་པའི་ངུར་སྨྲིག་ཅན།།
བཀའ་དྲིན་གཞལ་ཟླ་བྲལ་བའི་དགེ་བའི་བཤེས།།

དགའ་སྐྱོའི་རོལ་དབྱངས་དཀྲོལ་རོགས་སློབ་རྭའི་གྲོགས།།
བདེན་པའི་རྒྱལ་པོ་ཁྱེད་རྣམས་རྒྱལ་གྱུར་ཅིག།


བོད་རིགས་མིང་བྱང་ཁྱེར་བའི་རྐང་འདྲེན་ཁྱོད།།

བོད་ཡིག་མི་མཁོ་ཟེར་བའི་ཉམ་ཆུང་ཁྱོད།།

བོད་སྐད་བསྲེས་སྐད་བསྒྱུར་བའི་ཉེས་ཅན་ཁྱོད།།

ལས་འབྲས་མཛུབ་མོའི་རྩེ་རུ་འཁོར་གྱུར་ཅིག།

 ༥

སྤྱི་ཡི་བདེ་སྡུག་མི་སེམས་སྒེར་གཅོད་མཁན།།
རང་སྐྱོན་དང་དུ་མི་ལེན་རང་རློམ་ཅན།།

གནའ་དེང་གང་ལའང་རྨོངས་པའི་ཁ་ཕོ་ཅན།།
མི་འགྱངས་གོ་རྟོགས་སྒོ་མོ་ཕྱེས་གྱུར་ཅིག

 ༦

བོད་ཡིག་ཏོག་ཙམ་མཁྱེན་པའི་སློབ་ཆེན་ཁྱོད།།
རྒྱ་ཡིག་ཅུང་ཙམ་ཤེས་པའི་སློབ་ཆེན་ཁྱོད།།

དབྱིན་ཡིག་ཨེན་ཙམ་རྟོགས་པའི་སློབ་ཆེན་ཁྱོད།།
ཨ་ལ་པ་ལའི་གནས་ལས་ཐར་གྱུར་ཅིག

ལས་དབང་དམར་པོའི་མཁའ་དབུགས་འདི་རྔུབ་ཀྱིན།།

གནའ་དེང་ཟུང་གི་ལོ་རྒྱུས་འདི་ཀློག་གིན།།

དྲང་བདེན་དབུས་ཀྱི་ལམ་ཆེན་འདི་བགྲོད་ཀྱིན།།
ཆུ་བཞི་སྒང་དྲུག་འདི་ཚང་རྒྱལ་གྱུར་ཅིག།།


༢༠༡༣.༩.༢༤

 

 

 

Re:ཁ་གཡང་གསོན་པོ་ཞིག | 2013/9/26 22:44:49
zhongsongགྲོགས་པོ་བཀྲ་ཤིས་བདེ་ལེགས། མ་མཇལ་ཡུན་རིང་སྐབས་སྐུ་ཉིད་བདེ་ཐང་ཡིན་ནམ། ང་ཡུལ་གཞན་དུ་སྐྱོད་དགོས་བྱུང་བར་བརྟེན། དོ་དགོང་བར་དྲ་ཉུལ་མ་ཁོམ་པས་དགོང་དག་དང་རྗེས་སུ་རིམ་བཞིན་མཇལ་ཡོང་།
Re:ཁ་གཡང་གསོན་པོ་ཞིག | 2013/9/27 12:57:54
luobianགྲོགས་བོན་སྨྱུག་ལགས་ཕེབས་བསུ། བདེ་མོ་ཡིན། སྐུ་ཉིད་ཉེ་ལམ་བདེ་འམ། རྒྱུན་དུ་ཁོམ་ཞོར་རེ་བཙལ་ནས་ཁོ་བོའི་གཞིས་ཀར་རུ་ཕེབས་པར་སེམས་བསམ་པའི་གཏིང་ནས་དགའ་གིན་ཡོད། བདག་པོས་ཕུལ།
Re:ཁ་གཡང་གསོན་པོ་ཞིག | 2013/10/8 13:12:00
སྐུ་མགྲོན་OSJv4A(སྐུ་མགྲོན)ཁ་གཡང་ཡག་པོ་གྱེར་འདུག བདེན་གྱིན་འདུག འཐད་ཀྱིན་འདུག སེམས་དཀར་བོས།
རྩོམ་པ་པོ།:སྐུ་མགྲོན་OSJv4A(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.