པར་ལ་སེམས་པ་བརླན་ཚུལ།
འབྲོག་ཁ་མང་།
༡
དྲ་ལམ་དུ་གསལ་བའི་པར་རིས་ཞེ་ཐོགས
ངའམ ཁྱེད་དམ ཁོང
སུ་ཞིག་ཞིག་གི་རུས་རྐང་ཐོར་ས
གེའུ་ཁ་སྦྱར་གྱི་གནམ་སའི་བར་ན
ཁྱོད་ཁོ་ན་འོད་དུ་འཚེར
༢
ཕྱུག་རིགས་རྒྱན་དུ་མནབས་པའི་རྩ་ཐང་ངོགས
ཆུ་ཆེན་འགའ་འཕྲེད་ཉལ་བརྒྱབ་ཅིང
མཚེའུ་ཆུང་དག་སྤྲོ་བས་འཛུམ
༣
ཐང་ལྷའི་རི་རྒྱུད
སུ་ཞིག་ལ་བལྟ་བའམ་སྒུག་པའི་ཚུལ་གྱི་འགྱིང
སྨུག་སྤྲིན་བཀླུབས་པའི་རྫ་འགོར་གང་ཡང་མཐོང་གི་མི་འདུག
གནའ་ཁྱུ་འགའ་ཨི་ཡོད་སྙམ རང་དབང་གི་གར་ལ་རྩེན་པའི་གནའ་ཁྱུ་འགའ
༤
སྤང་ཐང་ངོས་ལྟེམ་ཁྲིགས་སྟེང་སྦྲ་ནག་ཚོགས་དུ་བ་ལྷོག་ལྷོག་འཕྱུར་བ་ནི
འབྲོག་མོའམ་ཨ་ཕྱི་ཨ་མ་སུ་ཞིག་གིས་ཐབ་ལས་བགྱིས་བ་དྲན
༥
བྲེལ་འཚུབ་ཀྱིས་ཁ་པར་བཟུང་ནས་ཨང་གྲངས་གང་ཞིག་བཙལ་བའང
རྨི་ལམ་གྱིས་གཉིད་ལས་སད་དང་ཀུན་ནས་མཚུངས
༦
དྲ་ལམ་གྱི་པར་རིས
ག་དུས་གང་དུ་བསླེབས་ཀྱང་སེམས་པ་ཡང་ཡང་བརླན་དོན
དྲན་པ་འདིའི་གཡོ་ལང་ངམ
སྣང་ཡན་གྱིས་བསླུ་བྲིད་ཅིག
- ཟིན་ཐོ་གོང་མ།༈ གངས་རིའི་དོ་ཤལ།
- ཟིན་ཐོ་འོག་མ།ཚོད་ཚོད་ལ་བླངས་པའི་གླུ༼ཞར་བཀོད་གཅིག༽