རུས་མིང། རྐྱང་ཚེ་བློ་བཟང་དཔལ་འབྱོར།
ཕ་ཡུལ། བྱང་འདམ་གཞུང་རྫོང།
དེ་རིང་གཉིད་ནས་བཞུར་བའི་ཁ་ཆུ་དེ
སང་ཉིན་གྱི་མིག་ཆུ་ཡིན།
༄༅།། སེམས་ལ་ངེས་དང་རིགས་གཅེས་ཚོ།།
འབྲོག་ཁ་མང།
དམིགས་འདུན་སེམས་ཀྱི་གསང་བ།།
ཆ་མེད་རྒྱུས་མེད་དག་ལ།།
བཤད་ཞོར་བསྐུར་ཞོར་མ་གནང།།
རེ་བའི་མཚོ་མོ་སྐམ་འགྲོ།།
གསེར་ནག་མ་སྐད་མ་ཡིག།།
གཞན་སྐད་ཐར་འཐོར་ཅིག་དང།།
བསྲེས་ནས་ཡིག་ནོར་མ་འབྲི།།
ཐོན་མིའི་སེམས་པ་སྐྱོ་འགྲོ།།
མཁོ་དགུ་མྱུར་བདེ་བསྐྱུན་མཁན།།
དེང་གི་ཚན་རྩལ་འགྲོགས་ནས་།།
ཆོ་མེད་ལས་ལ་མ་བྲེལ།།
རྗེས་ནས་རྗེས་སུ་ལུས་འགྲོ།།
བསམ་པའི་དཔལ་ཡོན་བསྐྱུར་ནས།།
འདོད་ཆགས་ཞེ་རྩ་མ་འབར།།
དངོས་པོའི་དཔལ་ཡོན་རྒྱས་ཀྱང།།
སེམས་ཀྱི་བདེ་སྐྱིད་མེད་འགྲོ།།
ཉེར་གཅིག་ན་མཉམ་ན་གཞོན།།
རང་རློམ་ཉིན་ཞག་མ་བསྐྱལ།།
སྐད་ཅིག་སྐད་ཅིག་བར་ནས།།
འགྱོད་པའི་མཆི་མ་ལྷུང་འགྲོ།།
མདངས་ལྡན་བོད་པའི་བུ་མོ།།
གཤིས་བཟང་བསྐྱུར་གྱིན་མ་སྡོད།།
བྱམས་བརྩེའི་འོད་བཞག་མེད་ན།།
རྒྱ་བོད་དབྱེ་བ་མེད་འགྲོ།།
ཕ་ས་ཕ་ཡུལ་གཅེས་པའི།།
ཁ་ཕོ་སྒྲོགས་ཀྱིན་མ་བཞུགས།།
ལག་ལེན་མུན་རུབ་ཅན་པོས།།
རྒྱལ་ཁའི་དཔའ་རྟགས་མི་ལོན།།
སྙིང་སྡུག་མཛའ་མོ་མཆེད་ཀྱང།།
གློ་སྙིང་བཏོན་བར་མ་བྲལ།།
བརྩེ་བ་རྩ་མགོའི་ཟིལ་པས།།
སྐྱོ་གདུང་ཀློང་དུ་ཁྲིད་འགྲོ།།
- ཟིན་ཐོ་གོང་མ།དམིགས་འདུན་མ་འཆུག།
- ཟིན་ཐོ་འོག་མ།གླུ་དབྱངས་འདི་འདྲ་ཞིག་ལེན་འདོད།།
![སྐུ་མགྲོན་JNEq2U(སྐུ་མགྲོན)](/images/ico_default.gif)