ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
པར་མཛོད།
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
གླུ་དབྱངས་འདི་འདྲ་ཞིག་ལེན་འདོད།། | 2013/5/22 16:05:00

   
སེམས་ཀྱི་འབོད་པ།

འབྲོག་ཁ་མང།


ཆུ་བཞི་སྒང་དྲུག་གི་འདབས་ནས།།

དགའ་སྐྱོའི་གླུ་ཆུང་ཞིག་ལེན་འདོད།།
མདངས་ངག་སྒྱུ་རྩལ་གྱི་རྒྱན་དུ།།

ཕ་སྐད་མ་ཡིག་དེ་བཀོལ་འདོད།།

ཀི་ཀི་བསྭོ་བསྭོ་ཡི་མ་ཚད།།

རིགས་ཞེན་འབོད་པ་ཞིག་གྱེར་འདོད།།

 

 

མོན་ཡུལ་ཚང་ཚིང་གི་ཕྱོགས་སུ།།

མགྲོན་བརྡས་ཀི་འབོད་ཞིག་འདེབས་འདོད།།

དབྱར་གསུམ་སྤང་ལྗོངས་ཀྱི་དབུས་ནས

ཁུ་བྱུག་གསུང་དབྱངས་རེ་མཉན་འདོད།།

ཟས་ཞིམ་སྡེར་ཁ་ཞིག་སྒྲིག་ནས།།
མགྲོན་པོར་སྣེ་ལེན་རེ་བྱ་འདོད།།


 

 

སྙིང་སྡུག་བཞིན་བཟང་མའི་ཕྱོགས་སུ།།
དྲན་གདུང་འཕྲིན་པ་ཞིག་བསྐུར་འདོད།།
མ་ལྷད་མགྲིན་པ་ཡི་ཁུག་ནས།།

བརྩེ་སེམས་རོལ་དབྱངས་ཤིག་དཀྲོལ་འདོད།།

རྒྱང་རིང་རྒྱང་རིང་གི་མཛའ་མོར།།

ཁམས་བདེའི་འཚམས་འདྲི་ཞིག་བྱ་འདོད།།

 

 

ན་མཉམ་ན་གཞོན་གྱི་ཕྱོགས་སུ།།
འབོད་སྐུལ་གླུ་དབྱངས་ཤིག་ལེན་འདོད།།

རང་རློམ་སྣང་མེད་སོགས་གཡུགས་ནས།།
རང་ནུས་འབད་རོགས་ཞེས་ཞུ་འདོད།།

མི་རིགས་གླེང་སྤྲོ་ཞིག་མེད་ཀྱང།།

ཡབ་ཡུམ་མ་བརྗེད་ཞེས་ཞུ་འདོད།།

20/5/2013

 

 

 

Re:གླུ་དབྱངས་འདི་འདྲ་ཞིག་ལེན་འདོད།། | 2013/5/24 0:48:54
zhongsongམཇལ་དུ་སླེབས་ཡོད
Re:གླུ་དབྱངས་འདི་འདྲ་ཞིག་ལེན་འདོད།། | 2013/5/24 13:20:16
luobianབོན་སྨྱུག་ལགས་བསུ།
Re:གླུ་དབྱངས་འདི་འདྲ་ཞིག་ལེན་འདོད།། | 2013/5/25 12:55:50
boncuteགྲོགས་པོའི་ལྗགས་རྩོམ་རེབ་ཙམ་རོལ་ནས་ཡོད། གངས་ཐིག་གིས།
Re:གླུ་དབྱངས་འདི་འདྲ་ཞིག་ལེན་འདོད།། | 2013/5/25 15:24:37
luobianགྲོགས་མཆོག་ལགས་སེམས་ཀྱིས་བསུ་གིན་ཡོད།
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.