ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
པར་མཛོད།
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
དམིགས་འདུན་མ་འཆུག། | 2013/5/18 13:33:00

དམིགས་འདུན་མ་འཆུག།
འབྲོག་ཁ་མང་

སྙན་མོའི་ཚིག་གིས་བྲིད་པའི་གློ་གྲི་རྣོ།།
ཞལ་འཛུམ་ཟོལ་གྱིས་བསླུ་བའི་བློ་ཐབས་རྒོད།
ཕྲག་དོག་སྙིང་རིལ་བསྲེག་པའི་མེ་ཕུང་མཆེད།།
རང་ངོས་དམིགས་འདུན་མ་འཆུག་གལ་རེ་ཆེ།།

གཏམ་རེའི་ལྐོག་ན་གསང་བའི་ཕུང་པོ་རེ།།
དོན་རེའི་བར་ན་རང་གཞན་ཀླན་ཀ་རེ།།
ཀ་ཚེགས་ཁུར་དུ་ལྕི་བའི་ཉམས་རྒུད་ཁྲོད།།
རང་ངོས་དམིགས་མ་འཆུག་གལ་རེ་ཆེ།།

ཁ་བཤད་དགོད་གཏང་མཐུན་ཡང་སེམས་ཁ་རེ།།

འདེབས་ལུགས་སྔོན་འགྲོ་འདྲ་ཡང་སྐྱེ་སྟངས་རེ།།
ཁོར་ཡུག་གཅིག་ལ་གནས་ཀྱང་བསམ་བློ་རེ།།
རང་ངོས་དམིགས་འདུན་མ་འཆུག་གལ་རེ་ཆེ།།


སློབ་གསོའི་བདུད་རྩི་འཐུ་ལུགས་ཁ་ཁ་རེ།།
དགའ་ཞེན་དུང་ཞེན་འཚོལ་སྟངས་སོ་སོ་རེ།།
འཇིག་རྟེན་འཚོ་བར་རོལ་སྲོལ་ཐ་དད་རེ།།
རང་ངོས་དམིགས་འདུན་མ་འཆུག་གལ་རེ་ཆེ།།


ཕ་ལོའི་ཀ་ཚེགས་མྱོང་བཞིན་ཁྱེད་ཉིད་དྲན།།
མ་ལོའི་སྨོན་ལམ་ཕྱག་མཆོད་ཁྱོད་ལ་བསྔོ།།
བུ་ལོའི་བག་མེད་ལོངས་སྤྱོད་སྤང་པར་བྱ།།

རང་ངོས་དམིགས་འདུན་མ་འཆུག་གལ་རེ་ཆེ།།

སྡེ་བའི་མི་ཁ་རྒོད་སའི་མཉོམ་ཆུང་ཁྱོད།།
ཕ་མའི་རེ་བའི་འཁྲི་ཤིང་གཅེས་ལོ་ཁྱོད།།

རིགས་ཀྱིས་བདེ་སྡུག་རུམ་པའི་ན་གཞོན་ཁྱོད།།
རང་ངོས་དམིགས་འདུན་མ་འཆུག་གལ་རེ་ཆེ།།


ཕ་སྐད་འདྲེན་བྱེད་དབྱེར་མེད་ངག་ནས་བརྡོལ།།
མ་ཡིག་སྲོག་གི་ཀ་བ་འབད་པས་སློབ།།
སྲོལ་བཟང་དར་དཀར་རིང་མོ་མ་ཆད་བྱོས།།

རང་ངོས་དམིགས་འདུན་མ་འཆུག་གལ་རེ་ཆེ།།


གནའ་དེང་རིག་པས་དེད་པའི་ན་གཞོན་འཁྱུ།།
དཀར་དམར་འོད་རླབས་མཆེད་པའི་འཚོ་བའི་ཁྲོད།།
ཨ་གསར་བློ་སྣ་གསར་པ་དོར་བ་བྱ།།
རང་ངོས་དམིགས་འདུན་མ་འཆུག་གལ་རེ་ཆེ།།

 

Re:དམིགས་འདུན་མ་འཆུག། | 2013/5/18 19:09:27
སྐུ་མགྲོན་130Mdq(སྐུ་མགྲོན)
རྩོམ་པ་པོ།:སྐུ་མགྲོན་130Mdq(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:དམིགས་འདུན་མ་འཆུག། | 2013/5/18 23:31:03
boncuteགྲོགས་མཆོག་ཧི་བོན་ཟིན་བྲིས་སུ་སླེབས་པར་དགའ་ནས་ཡོད། ཚིག་གསུམ་བཤད་པ་ཡིད་ལ་འཛིན་རོགས། ལས་དབང་གི་འདུ་འགོད་ཡིན། གངས་ཐིག་གིས།
གཤམ་དུ་འབྲོག་ཁ་མང།་ལགས་ཀྱིས་ལན་སློག་པ་ནི་
གྲོགས་མཆོག་གི་སེམས་གཏམ་སེམས་པར་བཟུང་ཡོད།
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.