ཧི་བོན་ཟིན་བྲིས།
ཞང ༧ གངས་སྲས།།
སྤྱི་བསྒྲགས།
     

      རུས་མིང་།

      ཁོད་སྤུངས་རང་གྲོལ་ཉི་མ།

      སྨྱུག་མིང་།ཞང༧གངས་སྲས།

      འབྲེལ་གཏུགས་ཁ་པར།

      ༡༣༥༦༨༦༨༤༤༤༤

      གླེང་མོལ་ལམ་སྒེའུ་ཁུག་

      ཨང་གི

      ༡༤༡༡༦༠༨༡༡༥

         

     

     

     

     

     

     

     

     

     

     

     

     

     

     

     

     

     

     

     

     

     

     

     

     

     

     

     

     

     

     

     

     

     

     

     

     

     

     

     

ལི་ཐོ།
    <<  < 2021 - 12 >  >>
    1
    2345678
    9101112131415
    16171819202122
    23242526272829
    3031
ཆེད་སྒྲིག་རྣམ་དབྱེ།
པར་མཛོད།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
དྲན་གདུང་ཡིད་ཀྱིས་འབོད་པ།། | 2012/12/9 17:25:00

དྲན་གདུང་ཡིད་ཀྱིས་འབོད་པ།།

ཁྱུང་གི་སྲས་པོ་མཆོག་སྤྲུལ་འཆི་མེད་རྣམ་རྒྱལ་ལགས་རྗེས་སུ་དྲན་པ།།

 

མཛེས་ཞལ་ཟླ་བའི་ལང་ཚོ་ངོམ།།

གསུང་དབྱངས་དྲི་ཟའི་གླིང་བུ་བཞིན།།

ཤེས་བྱ་གནས་རྣམས་འཇོ་མཛད་པ།།

ཚངས་པའི་བུ་མོར་གཏན་དུ་འདུད།།

 

 

ཁྱུང་པོ་དཀར་ནག་སེར་གསུམ་གྱི།།

ནང་ཚན་ལས་འཁྲུང་ཁྱུང་གི་སྲས།།

མཚན་དཔེའི་ལང་ཚོ་མངོན་རྫོགས་ཀྱང་།།

དགོངས་པ་བོན་དབྱིངས་བསྡུས་འདི་སྐྱོ།།

 

 

ཕན་ཚུན་བྲལ་ནས་ལོ་གསུམ་འགོར།།

སྐྱོ་སྣང་ཆུ་འཛིན་ཕུང་པོ་ལས།།

དྲན་པའི་མིག་ཆུ་དྲག་ཆར་བཞིན།།

སེམས་ཀྱི་སྡུག་བསྔལ་བཟོད་གླགས་མེད།།

 

 

འགྲོ་བའི་མགོན་གྱུར་རྒྱལ་བའི་སྲས།།

ཞིང་མཆོག་འཕགས་པའི་ལམ་བརྒྱུད་ནས།།

གནམ་འོག་འཇིག་རྟེན་དང་བྲལ་བས།།

སྐྱེ་རྒུ་བདེ་སྡུག་སུ་ལ་བཅོལ།།

 

 

ཁྱེད་ཉིད་བྱོན་པའི་རྗེས་ཤུལ་ན།།

ཡ་ཆུང་སེམས་པ་སྟོང་སང་ངེ་།།

རྒྱལ་བའི་སྲས་པོ་གང་བཞུགས་ཀྱང་།།

མགོན་མེད་བུ་ལ་ཐུགས་རྗེ་གཟིགས།།

 

 

ཁྱེད་སྐུ་གསེར་གི་ཉི་གཞོན་ལ།།

སྒྲིབ་གཡོག་ཡེ་ནས་མ་མཆིས་ཀྱང་།།

ཁྱེད་དང་བདག་སོགས་བར་ཐག་ན།།

མཇལ་དཀའི་སྨག་རུམ་འཐིབ་འདི་ཅི།།

 

 

 

ལས་དབང་བཙན་པོས་བཀོད་སྒྲིག་གིས།།

ཞི་བདེ་ཐར་བའི་གླིང་ཆེན་དུ།།

ཕྱི་མིག་མེད་པ་ཕེབས་པ་འདིས།།

རླབས་ཆེན་ཞབས་རྗེས་འཇོག་མ་ནུས།།

 

 

ལྷན་འགྲོགས་སྙིང་གི་བསླབ་བྱ་དང་།།

ཀ་ཁ་དབྱངས་རྟ་མཉམ་སྐྱོར་སོགས།།

ད་དུང་དྲན་པའི་ཡིད་གྱུར་ཚེ།།

སླར་ཡང་སྐྱོ་གདུང་མིག་ཆུས་བརླན།།

 

 

ཁྱེད་དང་བྲལ་བའི་སྐར་ཆ་རེར།།

སྐྱིད་སྣང་བོར་བའི་སེམས་པ་འདིས།།

མིག་ཆུ་ལྐོག་ནས་འཐུང་བཞིན་དུ།།

ནམ་ཡང་ཁྱེད་ཉིད་བརྗེད་ཐབས་བྲལ།།

 

 

 

འཇིག་རྟེན་འགྲོ་བའི་སྒྲོན་མེ་ཁྱེད།།

གོ་ལ་ཟླུམ་པོ་བརྒལ་ཤུལ་དུ།།

སེམས་དང་སེམས་པའི་འཇིག་རྟེན་ན།།

མུན་པའི་སྨག་རུམ་བཟུང་འདི་སྐྱོ།།

 

 

ལྷན་འཛམ་སྐབས་བ་ཇ་ཡུན་ཙམ།།

གྱེས་བྲལ་དུས་ཚིགས་གློག་ལས་མྱུར།།

སྔོན་བཞག་བག་ཆགས་ཟབ་མོ་དེས།།

ཁེར་ཀྱང་སེམས་པ་སྡུག་ལ་འདྲེན།།

 

 

དབྱངས་ལྡན་ཁུ་བྱུག་མོན་ལ་འཕུར།།

དབྱར་གྱི་དྲོད་ཁོལ་འཁྱགས་ལ་སྦྱར།།

དེ་བཞིན་ཁྱུང་སྲས་དགོངས་པ་ཡང་།།

ཞི་བའི་དབྱིངས་སུ་གཤེགས་འདི་སྐྱོ།།

 

 

༠༨ལོ་ཟླ་༨ཚེས་༨ཉིན་སྣང་དགོན་བོན་གླིང་ནས།།

དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.