ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ཕ་སྐད་ཀྱིས་གདམས་པའི་མན་ངག། | 2013/5/26 11:44:00

ཕ་སྐད་ཀྱིས་གདམས་པའི་མན་ངག།

 

ཀ་ལི་སུམ་ཅུའི་སེམས་ཀྱིས་རང་སྒྲ་སྒྲོགས་པ་ལ།།

ཁ་བ་ཅན་གྱི་མཁས་པས་རང་འདེགས་མ་ཞན་ཅིག།།

ག་ན་ཞུགས་ཀྱང་ང་ཁྱོད་ཁྱད་མེད་ལྷུར་ལེན་ཀྱིས།།

ང་ཚོས་རིགས་རྒྱུད་ཅིག་གི་དོན་ལ་འབད་རོགས་གནང་།།

 

 

ཅ་དག་རང་རིགས་སྲོལ་ཀ་བཟང་པོ་དོར་མ་བྱེད།།

ཆ་མེད་རྒྱུས་མེད་གཞན་ཆས་ལས་ལ་རྗེས་མ་འབྲང་།།

ཇ་རིན་ཙམ་གྱི་འབྱོར་བའང་རྙེད་པ་ཁག་བས་ན།།

ཉ་ཟླའི་མདངས་ཀྱི་རང་ཚུགས་བརྟན་པ་ཤིན་ཏུ་གལ།།

 

 

ཏ་ཐྰ་ག་ཏའི་གོང་ས་མཆོག་དེ་མགོན་བསྐུར་ནས།།

ཐ་མལ་ཚུལ་འདི་ནམ་ཡང་བཟུང་ལ་རྒྱུ་འབྲས་ལྟོས།།

ད་ལྟའི་གནས་བབས་བསམ་ཤེས་ཀྱིས་ལ་བསྒྲུབ་ཤེས་ཀྱིས།།

ན་གཞོན་སྙིང་སྟོབས་དེ་རིང་མ་ཞན་གངས་ཀྱི་བུ།།

 

 

པ་སངས་འཁོར་བསྐྱོད་ལ་སོགས་ཚན་རྩལ་ཀུན་བསླབས་སྟེ།།

ཕ་མེས་ཤུལ་བཞག་རིག་པའི་སྙིང་བཅུད་དེ་བརྟས་དགོས།།

བ་གླང་ལྟ་བུའི་བརྟུལ་ཞུགས་ཀྱི་རྒྱ་ལས་གྲོལ་དང་།།

མ་འོངས་འབྱུང་འགྱུར་གསར་བའི་ཁ་ཕྱོགས་དེ་བསྙེག་འགྲོ།།

 

 

ཙ་ར་སྔོན་དུ་བཅད་དེ་ད་གཟོད་ལས་དེ་འཇུག།།

ཚ་གྲང་དཀའ་བ་སྤྱད་དེ་ལྡོག་མེད་དོན་ལ་འབངས།།

ཛ་ཡ་གཤིས་ཀྱི་རང་རྒྱུད་ག་དུས་ཀྱང་ཡོད་ན།།

ཝ་ལེར་ཕན་ཚུན་མཐུན་པའི་རྩ་དོན་རང་ཡིན་ནོ།།

 

 

ཞྭ་ལྷམ་གོན་པ་ལ་སོགས་ཕལ་བའི་རྒྱན་ཆ་སྟེ།།

ཟ་ཉལ་འགྲོ་འདུག་དེ་ཡང་འཚོ་ཐབས་ཙམ་ལགས་ན།།

འ་ཅག་ཕུགས་ཀྱི་འདུན་མ་དེ་རེམས་རྒྱུ་ཞིག་བྱུང་ན།།

ཡ་མཚན་མྱི་ཡི་གྲལ་ནས་ཐོབ་སྐལ་རེ་འབྱོར་ངེས།།

 

 

ར་བ་གངས་ནས་སྐྱེས་པའི་བྷོ་རིགས་ཤིག་ཡིན་ན།།

ལ་ལུང་གང་དུ་ཕྱིན་ཡང་རང་དོན་དེ་མ་འཆོར།།

ཤ་ཁྲག་རྟེན་ལ་དོན་སྙིང་བག་ཙམ་རེ་ལོངས་དང་།།

ས་སྟེང་མྱི་ལུས་ཐོབ་པའི་དོན་སྒོར་ཅི་ལ་མིན།།

 

 

ཧ་ལམ་ཕན་པའི་ངག་གི་སྦྱོར་བ་རེ་མཆིས་ཚེ།།

ཨ་ཕའི་བུ་ཡིས་འདོན་པའི་རེ་སྨོན་ཙམ་ཡིན་པས།།

ཧ་ཅང་ཡིད་ལ་གཟབ་ནན་ཞིག་བྱེད་རྒྱུ་ཡིན་ན།།

ཨ་དོ་སུ་ལའང་གདམས་པའི་མན་ངག་ཅིག་ཡིན་ནོ།།

 

ས་ག་ཟླ་བའི་ཚེས་15་ཉིན་ཁམས་མཛའ་གཞས་ལུང་བ་ནས་

ཞང༧གངས་སྲས་སུ་འབོད་པས།།

 

Re:ཕ་སྐད་ཀྱིས་གདམས་པའི་མན་ངག། | 2013/6/2 23:05:46
dzjinpaཀ་རྩོམ་སྙན་འདུག་གྲོགས་ལགས་ཐུགས་རྗེ་ཆེ་མ་འོངས་པ་མུ་མཐུད་ནས་ཡིན་གདའ།
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.