སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ལི་ཐོ།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
ནང་འཇུག
སྒྲིག་འཇུག...
དྲ་གྲོགས།
སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
སྒྲིག་འཇུག...
ཐུ་བྷོད་བུ་མོ། | 2013/11/9 15:55:00
ཐུ་བྷོད་བུ་མོ།
༼མེ་ཏོག་དམར་པོ༽ལེའུ་དྲུག་པ།
བརྩེ་བའི་གཉུག་གཤིས་གྱི་ཕག་ན།།
དགའ་བ་བགྲང་འདས་ཤིག་བརྩེགས་ཡོད།།
ཞེན་འདང་གསོན་པོ་འདིའི་ཁུག་ན།།
དུང་བའི་སེམས་པ་ཞིག་བསྐྱིལ་ཡོད།།
ལན་བུ་བསིལ་རླུང་གིས་སྐྱོད་བཞིན།།
མིག་འདངས་ཟླ་ཚེས་འདྲའི་འོད་ཀོར།།
ལྐོག་དང་ཤུབ་བུ་ཡིས་འཇབ་སྟེ།།
སེམས་ཀྱི་གསང་བ་རུ་འཛིལ་བྱུང་།།
ལང་ཚོ་མུ་ཏིག་གི་ཕྲེང་རྡོག།
དུང་བའི་གསེར་སྐུད་ལ་རྒྱུ་སྟེ།།
མི་ཚེ་མཛེས་སྡུག་གིས་རྒྱན་དུ།།
ཕར་དགའ་ཚུར་མོས་ཀྱིས་བཞེས་ཡོད།།
འཇམ་མཉེན་འབོལ་ཁྲི་འདིའི་སྟེང་ན།།
གདན་རིང་འབྲུག་འཁྱིལ་ཞིག་གདིང་འདི།།
ད་ལྟའི་བསམ་ཡུལ་དུ་བསྟར་ཚེ།།
ལུས་སེམས་བདེ་དྲོད་ཀྱིས་འཁྱུད་འོང་།།
སྲབ་ལེབ་དམར་རེ་བའི་མཆུ་སྒྲོས།།
ཞིམ་མངར་སྦྲམ་རྩི་ལྟར་འཇིབ་ནས།།
ཤ་རྩ་དཀར་འཇམ་གྱི་ངོགས་སུ།།
སོ་ཡིས་འདེབས་རིས་ཀྱང་ཡོད་དོ།།
བལ་ཐུལ་གཉིས་བརྩེགས་ཀྱི་ནང་ལོག།
རེག་བྱའི་བདེ་ཚོར་དེར་མྱོང་བས།།
ཕྱི་ནང་དབྱེར་མེད་དུ་བསྲེས་པར།།
བདེ་བའི་ཉམས་རྩ་གན་འདར་བྱུང་།།
ལྟག་དང་མདུན་སྤྲོད་དུ་འཁོར་བ།།
མྱོས་བུམ་ལྡེམ་ལྡེམ་དུ་གཡོ་བ།།
འཇམ་ཤ་དྲོད་ཁོལ་ཞིག་འབར་བ།།
པདྨའི་བདུད་རྩི་རང་བབས་བྱུང་།།
སྐྱིད་པའི་རྣམ་འགྱུར་རེ་ངོམ་ཞོར།།
འཁུན་སྒྲ་བག་མེད་དུ་འདོན་ཞིང་།།
ལྡེམ་མྱུར་དྲག་རྩལ་གྱི་སྟངས་སྟབས།།
དཔའ་བོའི་གཡུལ་ས་དང་འདྲ་བྱུང་།།
ལུས་ངག་སྒོ་གསུམ་གྱི་གཏད་སོ།།
འབྲལ་མེད་ཕན་ཚུན་དུ་ཕྱོགས་སྟེ།།
སྐད་འདར་སེམས་འཚུབ་ཀྱི་ངང་ལ།།།
གསང་བའི་ལས་སྦྱོར་ལ་བྲེས་བྱུང་།།
ལ་འུར་གློག་ཞགས་སུ་བསྡེབས་ཏེ།།
གསང་ཆེན་དབང་རྩ་རུ་སྦྲིད་ཅིང་།།
ཟག་ཕུང་དགའ་བདེ་ཡིས་ཁེངས་སོ།།
སྒྱུ་རྩལ་རེ་དྲུག་པོ་སྟོན་ཡོད།།
འདི་ནི་གསང་བའི་གསང་སྔགས་ཡིན།།
འདི་ནི་ཐབས་ཤེས་ཟུང་འཇུག་ཡིན།།
འདི་ནི་འགོག་མེད་སྤང་མེད་ཡིན།།
འདི་ནི་བསྒྱུར་མེད་བཅོས་མེད་ཡིན།།
ལྟ་བ་སྤྲོས་མེད་གཉུག་སེམས་ཡིན།།
སྤྱོད་པ་འཚེ་མེད་ཞི་བདེ་ཡིན།།
སྒོམ་པ་རྩོལ་མེད་ཀློང་བརྡོལ་ཡིན།།
འདི་ཡིས་གང་ལ་གནོད་མི་མངའ།།
ཀུན་ཀྱང་འདི་ལ་གཅེས་སུ་འོས།།
སུ་ཡང་འདི་ལ་དད་དུ་རུང་།།
གང་གིས་འདི་ལ་བསྙེས་ཆོག་ཀྱང་།།
འདི་ལ་བརྙས་ན་ཀུན་དང་འགལ།།
འཚོ་བའི་རོ་བཅུད་འདི་ལ་ཚང་།།
གསོན་པའི་དོན་སྒོ་འདི་ལ་ལྡན།།
འཁོར་འདས་གཉི་ཀའི་གྲོལ་གཞི་ཡང་།།
འདི་ལ་མ་ཐུག་འགའ་ཡོད་མིན།།
གཉུག་མའི་སེམས་ཀྱིས་བདེ་གཏམ་འདིར།།
མང་ཤོས་ཤིག་གིས་འཕྱ་འགྱུརད་ཀྱང་།།
དངོས་པོ་གནས་ཚུལ་བསམ་བྱས་ན།།
འཕྱ་ཀས་ཡུལ་ཞིག་མ་ལགས་སོ།།
ཞང༧གངས་སྲས་སུ་འབོད་པས།
༼མེ་ཏོག་དམར་པོ༽ལེའུ་དྲུག་པ།
བརྩེ་བའི་གཉུག་གཤིས་གྱི་ཕག་ན།།
དགའ་བ་བགྲང་འདས་ཤིག་བརྩེགས་ཡོད།།
ཞེན་འདང་གསོན་པོ་འདིའི་ཁུག་ན།།
དུང་བའི་སེམས་པ་ཞིག་བསྐྱིལ་ཡོད།།
ལན་བུ་བསིལ་རླུང་གིས་སྐྱོད་བཞིན།།
མིག་འདངས་ཟླ་ཚེས་འདྲའི་འོད་ཀོར།།
ལྐོག་དང་ཤུབ་བུ་ཡིས་འཇབ་སྟེ།།
སེམས་ཀྱི་གསང་བ་རུ་འཛིལ་བྱུང་།།
ལང་ཚོ་མུ་ཏིག་གི་ཕྲེང་རྡོག།
དུང་བའི་གསེར་སྐུད་ལ་རྒྱུ་སྟེ།།
མི་ཚེ་མཛེས་སྡུག་གིས་རྒྱན་དུ།།
ཕར་དགའ་ཚུར་མོས་ཀྱིས་བཞེས་ཡོད།།
འཇམ་མཉེན་འབོལ་ཁྲི་འདིའི་སྟེང་ན།།
གདན་རིང་འབྲུག་འཁྱིལ་ཞིག་གདིང་འདི།།
ད་ལྟའི་བསམ་ཡུལ་དུ་བསྟར་ཚེ།།
ལུས་སེམས་བདེ་དྲོད་ཀྱིས་འཁྱུད་འོང་།།
སྲབ་ལེབ་དམར་རེ་བའི་མཆུ་སྒྲོས།།
ཞིམ་མངར་སྦྲམ་རྩི་ལྟར་འཇིབ་ནས།།
ཤ་རྩ་དཀར་འཇམ་གྱི་ངོགས་སུ།།
སོ་ཡིས་འདེབས་རིས་ཀྱང་ཡོད་དོ།།
བལ་ཐུལ་གཉིས་བརྩེགས་ཀྱི་ནང་ལོག།
རེག་བྱའི་བདེ་ཚོར་དེར་མྱོང་བས།།
ཕྱི་ནང་དབྱེར་མེད་དུ་བསྲེས་པར།།
བདེ་བའི་ཉམས་རྩ་གན་འདར་བྱུང་།།
ལྟག་དང་མདུན་སྤྲོད་དུ་འཁོར་བ།།
མྱོས་བུམ་ལྡེམ་ལྡེམ་དུ་གཡོ་བ།།
འཇམ་ཤ་དྲོད་ཁོལ་ཞིག་འབར་བ།།
པདྨའི་བདུད་རྩི་རང་བབས་བྱུང་།།
སྐྱིད་པའི་རྣམ་འགྱུར་རེ་ངོམ་ཞོར།།
འཁུན་སྒྲ་བག་མེད་དུ་འདོན་ཞིང་།།
ལྡེམ་མྱུར་དྲག་རྩལ་གྱི་སྟངས་སྟབས།།
དཔའ་བོའི་གཡུལ་ས་དང་འདྲ་བྱུང་།།
ལུས་ངག་སྒོ་གསུམ་གྱི་གཏད་སོ།།
འབྲལ་མེད་ཕན་ཚུན་དུ་ཕྱོགས་སྟེ།།
སྐད་འདར་སེམས་འཚུབ་ཀྱི་ངང་ལ།།།
གསང་བའི་ལས་སྦྱོར་ལ་བྲེས་བྱུང་།།
ལ་འུར་གློག་ཞགས་སུ་བསྡེབས་ཏེ།།
གསང་ཆེན་དབང་རྩ་རུ་སྦྲིད་ཅིང་།།
ཟག་ཕུང་དགའ་བདེ་ཡིས་ཁེངས་སོ།།
སྒྱུ་རྩལ་རེ་དྲུག་པོ་སྟོན་ཡོད།།
འདི་ནི་གསང་བའི་གསང་སྔགས་ཡིན།།
འདི་ནི་ཐབས་ཤེས་ཟུང་འཇུག་ཡིན།།
འདི་ནི་འགོག་མེད་སྤང་མེད་ཡིན།།
འདི་ནི་བསྒྱུར་མེད་བཅོས་མེད་ཡིན།།
ལྟ་བ་སྤྲོས་མེད་གཉུག་སེམས་ཡིན།།
སྤྱོད་པ་འཚེ་མེད་ཞི་བདེ་ཡིན།།
སྒོམ་པ་རྩོལ་མེད་ཀློང་བརྡོལ་ཡིན།།
འདི་ཡིས་གང་ལ་གནོད་མི་མངའ།།
ཀུན་ཀྱང་འདི་ལ་གཅེས་སུ་འོས།།
སུ་ཡང་འདི་ལ་དད་དུ་རུང་།།
གང་གིས་འདི་ལ་བསྙེས་ཆོག་ཀྱང་།།
འདི་ལ་བརྙས་ན་ཀུན་དང་འགལ།།
འཚོ་བའི་རོ་བཅུད་འདི་ལ་ཚང་།།
གསོན་པའི་དོན་སྒོ་འདི་ལ་ལྡན།།
འཁོར་འདས་གཉི་ཀའི་གྲོལ་གཞི་ཡང་།།
འདི་ལ་མ་ཐུག་འགའ་ཡོད་མིན།།
གཉུག་མའི་སེམས་ཀྱིས་བདེ་གཏམ་འདིར།།
མང་ཤོས་ཤིག་གིས་འཕྱ་འགྱུརད་ཀྱང་།།
དངོས་པོ་གནས་ཚུལ་བསམ་བྱས་ན།།
འཕྱ་ཀས་ཡུལ་ཞིག་མ་ལགས་སོ།།
ཞང༧གངས་སྲས་སུ་འབོད་པས།
- ཟིན་ཐོ་གོང་མ།དེ་རིང་གི་ལམ་བུ།
- ཟིན་ཐོ་འོག་མ།ངས་བོན་དང་བོན་ཆོས་རྙེད་པའི་བརྒྱུད་རིམ།
ཡ་ཡ་ཡིན་རྒྱུ་གྱིས