ཧི་བོན་ཟིན་བྲིས།
ཞང ༧ གངས་སྲས།།
སྤྱི་བསྒྲགས།
     

      རུས་མིང་།

      ཁོད་སྤུངས་རང་གྲོལ་ཉི་མ།

      སྨྱུག་མིང་།ཞང༧གངས་སྲས།

      འབྲེལ་གཏུགས་ཁ་པར།

      ༡༣༥༦༨༦༨༤༤༤༤

      གླེང་མོལ་ལམ་སྒེའུ་ཁུག་

      ཨང་གི

      ༡༤༡༡༦༠༨༡༡༥

         

     

     

     

     

     

     

     

     

     

     

     

     

     

     

     

     

     

     

     

     

     

     

     

     

     

     

     

     

     

     

     

     

     

     

     

     

     

     

     

ལི་ཐོ།
    <<  < 2021 - 11 >  >>
    12
    3456789
    10111213141516
    17181920212223
    24252627282930
ཆེད་སྒྲིག་རྣམ་དབྱེ།
པར་མཛོད།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
གཙུག་གི་ནོར་བུ། | 2013/11/8 20:21:00

 གཙུག་གི་ནོར་བུ།

ལྟ་བ་བདག་མེད་དུ་རྟོགས་ཤིང་།།
བསྒོམས་པ་སྙིང་རྗེ་རུ་གོམས་པ།།
སྤྱོད་པ་འཚེ་མེད་དུ་བསྟར་བའི།།
གཙུག་གི་ནོར་བུ་དེས་མཁྱེན་ནོ།།


རང་བྱུང་སྤྲོས་བྲལ་གྱི་བོན་སྐུ།།
འགག་མེད་ཡེ་ཤེས་ཀྱི་སྣང་བ།།
མ་བཙལ་ལྷུན་གྲུབ་ཀྱི་བདག་ཉིད།།
གཙུག་གི་ནོར་བུ་དེས་མཁྱེན་ནོ།།


ཀུན་གཞི་རྩལ་བྲལ་གྱི་དབྱིངས་ལ།།
རིག་པ་ཀློང་བརྡོལ་དུ་འཆར་བའི།།
ཀ་དག་ལྷུན་རྫོཊ་ཀྱི་བདག་ཉིད།།
གཙུག་གི་ནོར་བུ་དེས་མཁྱེན་ནོ།།

མ་བཅོས་མཐའ་བྲལ་གྱི་ཀློང་དུ།།
རང་བཞིན་འོད་གསལ་གྱི་འཕྲོ་འདུ།།
ཡེ་ཤར་ཡེ་གྲོལ་གྱི་བདག་ཉིད།།
གཙུག་གི་ནོར་བུ་དེས་མཁྱེན་ནོ།།


ཀློང་སྒོམ་གཡོ་མེད་ཀྱི་ངང་ལ།།
རིག་པ་ཟང་ཐལ་དུ་གྲོལ་བའི།།
སྐུ་བཞིའི་རྒྱལ་ས་ཡི་བདག་ཉིད།།
གཙུག་གི་ནོར་བུ་དེས་མཁྱེན་ནོ།།

༢༠༡༣ལོ་ཟླ༨ཚེས་༢༥ཉིན་སོར་བཅུ་པདྨོ་སྙིང་ཁར་ཟླུམ་སྟེ་བདག་གི་རྩ་བའི་བླ་མ་གཙུག་གི་ནོར་བུ་དཔལ་རྒྱལ་བ་ཀུན་གྱི་རྒྱལ་ཚབ་རྗེ་བཙུན་བླ་མ་དམ་པ་མཐུ་སྟོབས་རྣམ་རྒྱལ་རིན་པོ་ཆེའི་ཐུགས་རྗེ་སྐྱབས་འོག་ཏུ་ཚུད་པའི་སློབ་འབངས་ཡངས་ཀྱི་ཐ་ཤལ་བ་ཁོད་སྤུངས་རང་གྲོལ་ཉི་མ་རུ་འབོད་པ་བདག་གིས་བླ་མའི་བཀའ་དྲིན་རྗེས་སུ་དྲན་པས་གསོལ་བ་ཕུད་བཙུགས་སུ་བཏབ་སྟེ་ཕུལ་བ་དགེ་གྱུར་ཅིག།    སརྦམངྒལཾ།

 

དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.