
རུས་མིང་།
ཁོད་སྤུངས་རང་གྲོལ་ཉི་མ།
སྨྱུག་མིང་།ཞང༧གངས་སྲས།
འབྲེལ་གཏུགས་ཁ་པར།
༡༣༥༦༨༦༨༤༤༤༤
གླེང་མོལ་ལམ་སྒེའུ་ཁུག་
ཨང་གི
༡༤༡༡༦༠༨༡༡༥
སེམས་ཀྱི་འོད་སྣང་ཆ་གཅིག།
གངས་དཀར་ལྷུན་པོའི་ཞོལ་ནས།།
གནམ་གྱི་བུ་ཟིག་བྱོན་མྱོང་།།
དགོས་དགུ་སེམས་ཀྱི་ནོར་བུ།།
ས་ཕྱོགས་འདི་གར་བརྡོལ་ཟིག།
རྟག་ཏུ་ཞི་བ་ཆེན་པོས།།
འཕྲུལ་གྱི་ཡི་གེ་བཞི་ཅུ།།
གང་གི་མིང་གཞིའི་དོན་དུ།།
ཐབས་ཤེས་ཟུང་གིས་བཏོད་ཡོད།།
མིག་ལྡོངས་ཕྱོགས་རེ་ཅན་ཚོས།།
ཚུལ་མིན་བཤད་ཡམ་མང་རུང་།།
དོན་གྱི་གནད་ལ་འབྱོར་བ།།
མོ་གཤམ་བུ་ཡི་སྤུན་ཟླ།།
ཆིག་ཁྲི་བརྒྱད་སྟོང་ལྷག་ཅིག།
འདས་པའི་སྔ་རོལ་ཞིག་གིས།།
བོནད་ཀྱི་ཞི་བདེ་དེད་དཔོན།།
གཤེན་རབ་མྱི་བོས་གསུངས་སོ།།
གནམ་ལ་ཉི་ཟླ་ཆ་གཅིག།
ས་ལ་རྒྱལ་གཤེན་ཟུང་ཆགས།།
སྙིང་སྟོབས་རིག་པའི་གཤོག་འགྱུ།།
འཁྱུགས་རྩལ་གདོད་ནས་ངོམ་ཡོད།།
དཔའ་མཛངས་རྟུལ་ཕོད་དགུ་སྒྲིག།
སུ་ཡི་སྙིང་ལས་མཆེད་པ།།
རླབས་ཆེན་སྙིང་གི་སྡུག་རུས།།
ཟླ་མེད་གནམ་གྱི་འཁོར་ལོ།།
རྒྱལ་གཤེན་སྲིད་པའི་མཁའ་ལ།།
ཆོས་སྲིད་ཉི་ཟླ་རང་འགྲོས།།
ཞི་བདེ་འོད་ཀྱི་སྣང་བ།།
ས་གསུམ་ཁམས་ལ་བརྡལ་སོང་།།
ཉི་ཟླའི་རིག་པའི་འོད་པོས།།
གླིང་བཞིའི་སྨག་རུམ་བཅིལ་ཏེ།།
རིགས་ཀྱི་ལྗང་གསར་སྨྱུ་གུ།།
མཐའ་བཞིའི་ཡངས་ལ་གྲོལ་སོང་།།
ཡབ་མེས་བཀའ་དྲིན་རྗེས་དྲན་གྱི་ཚུལ་དུ་ཟླ༧པའི་ཚེས་༡ཉིན་ཁམས་མི་ཉག་དར་རྩེ་མདོར་ཞང་༧གངས་སྲས་སུ་འབོད་པས་འཕྲལ་མར་བྲིས།
- ཟིན་ཐོ་གོང་མ།དུང་སེམས་ཀྱི་ཕྱི་མིག།
- ཟིན་ཐོ་འོག་མ།གཙུག་གི་ནོར་བུ།