ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
རྟོགས་སད་ཀྱི་ང་རོ།། | 2013/5/17 11:18:00

          རྟོགས་སད་ཀྱི་ང་རོ།།

                      ཁོད་སྤུངས་རང་གྲོལ་ཉི་མ།

 

སྐལ་ལྡན་ལས་འདི་སྔོན་བསགས་ཚོགས་ཀྱི་མཐུ་བྱིན་ཟབ་མོ་ཀློང་དུ་བསྐྱིལ།།

རྒྱུ་འབྲས་སྟོབས་པོ་དུས་སུ་བརྡོལ་ཞིང་བྱིན་རླབས་ཚན་ཁའི་ན་བུན་འཁྲིགས།།

སྐྱིད་ལ་སྡུག་པའི་འཇིག་རྟེན་མྱི་ཡུལ་དགའ་སྐྱོ་བཞི་མདོའི་གྲུ་ཟུར་རུ།།

བདག་ནི་རང་ཉིད་མགོན་པོར་མ་བཅོས་ལས་ཀྱིས་གདོད་མའི་རང་ནས་བསྐོས།།

 

 

རྣམ་ཤེས་འཁྱམ་པོ་མྱི་ཡུལ་འགྲིམ་ཞིང་ཞེན་པའི་ཁ་དོག་གངས་ལ་མཆེད།།

ང་ཡིས་མེས་པོའི་ལོ་རྒྱུས་ཀློག་བཞིན་ནང་རོལ་སེམས་ཀྱི་འཕྲོ་འདུ་བྱེད།།

གདོད་ནས་གྲགས་པའི་བོད་ཅེས་བྱ་བའི་རིགས་ཀྱི་བླ་དྭགས་ཅོད་པན་འཆང་།།

ཚེ་ཡི་འདུ་བྱེད་འཇིག་གི་བར་དུ་སྒང་བ་ཚང་གི་འགན་ཁྲི་ཡོད།།

 

 

དུས་ཀྱི་སྤྲིན་པ་ལྷོ་ནས་གཡོས་ཤིང་རེ་བའི་ཆར་རྒྱུན་གངས་ལ་འཇོ།།

བདེན་པའི་ཕག་ན་ཡིན་ལུགས་དག་མའི་བདེན་ཐུ་རྩ་དོན་སྙེས་ནས་ཡོད།།

ལོ་རྒྱུས་སྟོང་གི་ཡ་ཁོག་སྟོད་ན་ཁ་སང་ལྡིང་བའི་སྙིང་ཞིག་ཡོད།།

ཆོད་སེམས་བརྟན་པོས་རེ་འདུན་ཁྱེར་ཏེ་དེ་རིང་དབུགས་རྒྱུན་མུ་ནས་རྔུབ།།

 

 

ཚིག་སྦྱོར་སྐམ་པོ་བསྡེབས་ཁ་བསྟར་ཡང་ཕན་པའི་ངག་རྒྱུན་ཕྲ་བ་ཡིན།།

ཁ་ཕོ་ཚིག་གིས་ལབ་སྟོང་མང་ཞིང་གནད་ཁེལ་དོན་དེ་འཇོན་མེད་ཡིན།།

དེ་ལྟར་ན་ཡང་དུས་ཀྱི་བསྒྲགས་གཏམ་རིགས་མཐུན་སྤུན་ལ་གྲོས་ཀ་ཡིན།།

ཅིས་ཀྱང་གཞིག་ལ་ག་ཡང་བརྟག་མཛོད་ང་ཡི་ཕུ་ནུ་རེ་བ་ཅན།།

 

 

 

༢༠༡༣་༥་༡༣ཉིན་བྲིས།

 

Re:རྟོགས་སད་ཀྱི་ང་རོ།། | 2013/5/20 10:04:58
boncuteཀླད་པ་བཀྲུ་བའི་ལྗགས་རྩོམ་འདི་དངོས་གནས་ཡག་སོང་། གངས་ཐིག་གིས།
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.