ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ལྷོ་རོལ་གྱི་མཚམས་སྤྲིན།། | 2013/5/4 15:22:00

 

ལྷོ་རོལ་གྱི་མཚམས་སྤྲིན།།

 

མྱི་ཡི་རིགས་ལས་མཆོག་ཏུ་བཀུར་འོས་ཤིག།

ཞང༧གངས་སྲས།།

 

ལོ་ཟླ་གང་འཚམ་ཤིག་གི་ཕ་རོལ་ནས།།

གངས་དཀར་ཨ་མའི་བུ་ཟིག་རྒྱང་ལ་བཞུད།།

ཐོག་འབྲུག་དྲག་ཆར་ཁྲོད་ནས་ལམ་ལ་ཆས།།

རེ་བའི་མེ་དཔུང་སྤར་ནས་སོང་མྱོང་ཡོད།།

 

 

རི་ཆུ་ཐོལ་གྱི་བརྒལ་ནས་འགྲོ་མྱོང་ཡོད།།

ཕ་ས་གོར་མོ་བསྐྱུར་ནས་འགྲོ་མྱོང་ཡོད།།

རང་སེམས་ཤུལ་དུ་ལུས་ནས་འགྲོ་མྱོང་ཡོད།།

བརྩེ་བ་དྲོད་མོ་བཞག་ནས་འགྲོ་མྱོང་ཡོད།།

 

 

ཕུགས་བསམ་གནམ་ལ་གཏད་པའི་ཕོ་རྒོད་ཅིག།

བསམ་བློ་གུ་ཡངས་གནས་པའི་གངས་བུ་ཅིག།

མིག་ཟུང་རྒྱང་ལ་ཅེར་བའི་འགྲུལ་བཞུད་ཅིག།

བདེན་དོན་གཙིགས་སུ་བཟུང་བའི་བློ་ལྡན་ཞིག།

 

 

རྟག་ཏུ་འཛུམ་གྱིས་ཕྱུག་པའི་ལྷའི་བུ་ཞིག།

ཞི་བདེ་དོན་དུ་གཉེར་བའི་ལྷའི་བུ་ཞིག།

སྤྱི་དོན་སེམས་ནས་སྙེག་པའི་གཤིས་བཟང་ཞིག།

ཕན་བདེ་ལམ་བཟང་སྐྲུན་པའི་བསམ་དཀར་ཤིག།

 

 

བདེན་པའི་རྩ་དོན་འཚོལ་བའི་མྱིའི་བུ་ཞིག།

གནས་ལུགས་ཚུལ་མཐུན་སྐྱོང་གི་བུ་བཟང་ཞིག།

འཕྲལ་ཕུགས་འདུན་མ་བཅོལ་སའི་རེ་བ་ཞིག།

གང་ཞིག་ཀུན་ལ་མི་འཆམ་མེད་པ་ཞིག།

 

 

མེ་ཏོག་སེར་ཆེན་འདྲ་བའི་དྲང་སྲོང་ཞིག།

ཕྱག་རྒྱ་ཐལ་མོ་སྦྱོར་བའི་ཚུགས་ཐུབ་ཅིག།

སྐྱིད་སྡུག་འཁོར་ལོ་འདེགས་པའི་གྱད་ཆེན་ཞིག།

གངྒའི་བཞུར་རྒྱུན་འདབས་ན་བཞུགས་ཡོད་དམ།།

 

 རུས་རྐང་ངར་ལྕགས་བཞིན་དུ་ཨ་འཐས་ཤིག།

སྒལ་ཚིགས་ལྷུན་པོ་བཞིན་དུ་བརྟན་རླིངས་ཤིག།

མིག་རྒྱང་ཆུ་རྒྱུན་བཞིན་དུ་རིང་བ་ཞིག།

གཉུག་སེམས་ཁ་བ་བཞིན་དུ་དཀར་བ་ཞིག།

 

བློ་ཁོག་ནམ་མཁའ་བཞིན་དུ་ཡངས་བ་ཞིག།

རིག་ཤེས་ཉི་ཟླ་བཞིན་དུ་གསལ་བ་ཞིག།

ཐམས་ཅད་ཕུད་དུ་མཆོད་སའི་མགོན་པོ་ཞིག།

ཀུན་གྱི་མཛའ་གཤིས་གྱུར་བའི་མ་མ་ཞིག།

 

 

 ལུས་རོ་གོག་པོ་རྟེན་སའི་འཁར་བ་ཞིག།

སེམས་ཀྱི་གློ་སྙིང་ཁེན་སའི་དབུགས་རྒྱུན་ཞིག།

ཤ་རུས་དོན་སྣོད་བརྟས་པའི་དྲོད་ཁོལ་ཞིག།

ཡིད་ཀྱི་སྟེང་ནས་བརྗེད་རྒྱུ་མེད་པ་ཞིག།

 

 

མྱི་ཡི་རིགས་ལས་ལྷ་ཡི་ཆ་ལུགས་ཅན།།

མྱི་ཡི་རིགས་ལས་ལྷ་ཡི་བསམ་བློ་ཅན།།

མྱི་ཡི་རིགས་ལས་ལྷ་ཡི་མཛད་སྤྱོད་ཅན།།

མྱི་ཡི་རིགས་ལས་མཆོག་ཏུ་བཀུར་འོས་ཤིག།

 

 

དེ་ལ་ལྷག་པའི་སེམས་ཤིག་སྔ་ནས་ཡོད།།

དེ་ལ་ཉི་མ་འདྲ་བའི་ཕུགས་བསམ་ཡོད།།

དེ་ལ་དྲག་ཏུ་ལྡིར་བའི་སྙིང་ཞིག་ཡོད།།

དེ་ལ་རླབས་ཆེན་ཕུགས་ཀྱི་བྱ་བཞག་ཡོད།།

 

དེ་ལ་བདེ་སྡུག་ཐེག་པའི་སྟོབས་ཤུགས་ཡོད།།

དེ་ལ་འགྱུར་བ་མེད་པའི་ཆོད་སེམས་ཡོད།།

དེ་ལ་བདེན་ལུགས་སྟོང་གི་རྒྱབ་རྟེན་ཡོད།།

དེ་ལ་ལོ་རྒྱུས་སྟོང་གི་རྒྱུད་རིམ་ཡོད།།

 

 

དེ་ནི་ང་ཡི་སྙིང་སྟོབས་གསོན་པོ་ཡིན།།

དེ་ནི་ང་ཡི་རེ་བ་སྣུམ་པོ་ཡིན།།

དེ་ནི་ང་ཡི་སེམས་ཀྱི་ཡིད་ཆེས་ཡིན།།

དེ་ནི་ང་ཡི་ཡོད་ཚད་དན་རྟགས་ཡིན

 

 

རྩེ་མོ་དགུང་ལ་འཕྱོ་བའི་དར་ཆ་ཞིག།

རྩ་བ་གཏིང་དུ་ཟུག་བའི་གསེར་ཕུར་ཞིག།

སྲིད་ཀྱི་ཕག་ན་ལོ་རྒྱུསས་རྡོ་རིང་ཞིག།

སྒང་བ་ཚང་གི་དྲན་ཤིང་གསོན་པ་ཞིག།

 

 

འདས་པའི་ལོ་རྒྱུས་བསམ་ན་ཁྱེད་རང་དྲན།།

ད་ལྟའི་གནས་བབས་བསམ་ན་ཁྱེད་རང་དྲན།།

མ་འོངས་འདུན་མ་བསམ་ན་ཁྱེད་རང་དྲན།།

རྒྱུན་པ་ང་ཡི་སེམས་ན་ཁྱེད་རང་དྲན།།

འབྱུང་ལྡན་༣༡༩ལོར་ཁམས་ཀྱི་མཛའ་གཞས་ལུང་བ་ནས་ཞང༧གངས་སྲས་སུ་འབོད་པས་སུག་བྲིས་སུ་བགྱིས་པའོ།།

Re:ལྷོ་རོལ་གྱི་མཚམས་སྤྲིན།། | 2013/5/4 23:20:42
zhongsongཞང་གངས་སྲས་ཀྱིས། ལྷོ་རོལ་གྱི་མཚམས་སྤྲིན་ཞེས་པའི་མིང་དེ་ཅིས་ཀྱང་མཛེས་ཤིང་འཚམས་པོ་ཞིག་འདུག་ཨང་།
དེ་ནི་བསིལ་རིའི་སྤོ་ལ་འཆའ་བའི་ངུར་པ་ཞིག །
ཤར་གྱི་ཉལ་འགྲོའི་རླབས་ཀྱིས་ནུབ་ཏུ་བསྐྱལ། །
དྲོད་འཇམ་ཙན་དན་ལྗོན་པའི་ཚལ་གསེང་དུ། །
གནས་ཤིང་བསིལ་རིའི་ཀླུང་ལ་རེ་སྒུག་བྱེད། །
ཅེས་པ་དང་མཚུངས་པར་སྙམ་མོ།
Re:ལྷོ་རོལ་གྱི་མཚམས་སྤྲིན།། | 2013/5/4 22:51:29
སྐུ་མགྲོན་K51Ri7(སྐུ་མགྲོན)སྙན་པོ་འདུག་བཀྲ་ཤིས་བདེ་ལེགས་རྨུ་ར་རྒོད་ནས
རྩོམ་པ་པོ།:སྐུ་མགྲོན་K51Ri7(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ལྷོ་རོལ་གྱི་མཚམས་སྤྲིན།། | 2013/5/4 22:22:50
YGRBWJཚར་གཅིག་བཀླགས་ཡོད། བཟང་གི་མུ་མཐུད་ཡིན་གདའ།

གཡག་རྒོད་ནས།
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.