ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
དེ་རིང་གི་ལམ་བུ། | 2013/11/9 15:52:00

དེ་རིང་གི་ལམ་བུ།

དེ་རིང་དུས་རབས་གསར་བའི་འགོ་བོ་ཡིན།།
དེ་རིང་གནས་ལུགས་འཚོལ་བའི་སྔ་མ་ཡིན།།
དེ་རིང་ཕུགས་འདུན་རྙེགས་བའི་ཐོག་མ་ཡིན།།
དེ་རིང་འདྲ་མཉམ་ལྟ་བའི་སྣ་འདྲེན་ཡིན།།


དེ་རིང་ལྷ་ཡི་དམག་ཚོགས་ལས་ལ་ཆས།།
དེ་རིང་བདེན་པའི་རྩ་དོན་ལས་ལ་གཉེར།།
དེ་རིང་མི་ཡུལ་འཚོ་བའི་ལས་ལ་བརྩོན།།
དེ་རིང་རང་དབང་ཞི་བདེ་ལས་ལ་འབད།།


དེ་རིང་ང་དང་ཕུ་ནུ་ངོ་འཕྲོད་བྱུང་།།
དེ་རིང་ཡབ་མེས་དྲིན་བོ་ངོས་ཟིན་བྱུང་།།
དེ་རིང་ཀུན་པོ་ལས་ལ་འབངས་རན་བྱུང་།།
དེ་རིང་རང་ཁྱིམ་དྲོད་མོ་བསྐྲུན་དགོས་བྱུང་།།


དེ་རིང་ང་ཚོས་མི་དང་མཉམ་དུ་འགྲེང་།།
དེ་རིང་ང་ཚོས་མི་ཡུལ་ལུང་ལ་འགྲིམ།།
དེ་རིང་ང་ཚོས་རང་དོན་ལས་ལ་སྒྲིམ།།
དེ་རིང་ང་ཚོས་བསམ་པའི་ལས་ལ་ཞུཊ།།



དེ་རིང་ཚང་མས་བདེ་བའི་ལས་ལ་འདུར།།
དེ་རིང་ཚང་མས་འཚོ་བའི་དོན་ལ་འབངས།།
དེ་རིང་ཚང་མས་གསོན་པའི་ལས་ལ་རེམ།།
དེ་རིང་ཚང་མས་དེ་རིང་ཆེད་དུ་འུར།།


དེ་རིང་ང་དང་མི་ཡུལ་མཉམ་དུ་ལང་།།
དེ་རིང་ང་དང་འཚོ་བ་མཉམ་དུ་གཤིབ།།
དེ་རིང་ང་དང་འཇིག་རྟེན་མཉམ་དུ་འགྲོ།།
དེ་རིང་ང་དང་ཡོད་དགུ་མཉམ་དུ་རོལ།།


དེ་རིང་ཡོད་ཚད་རིགས་ཀྱི་ཆེད་དུ་འཚོ།།
དེ་རིང་ཡོད་ཚད་ཕུ་ནུ་དོན་དུ་རྒྱུགས།།
དེ་རིང་ཡོད་ཚད་ཤ་རུས་སླད་དུ་སོམ།།
དེ་རིང་ཡོད་ཚད་འུ་ཚོའི་ཕྱིན་དུ་སྒྲུབ།།


དེ་རིང་ཁ་སང་དོན་ལ་ཕྱིར་འདང་བྱེད།།
དེ་རིང་དེ་རིང་གནས་བབ་ཁ་ཐུག་བྱེད།།
དེ་རིང་སང་ཉིན་གན་གི་འདུན་མ་བྱེད།།
དེ་རིང་ཡོད་ཚད་ཀུན་ལ་བསམ་གཞིག་བྱེད།།


དེ་རིང་སེམས་པ་གཏིང་གིས་རེ་འབོད་ཡིན།།
དེ་རིང་ཡ་ཆུང་སྙིང་གིས་སྨོན་འདུན་ཡིན།།
དེ་རིང་རིགས་གཅིག་སྤུན་ཟླ་གྲོས་ཀ་ཡིན།།
དེ་རིང་སེམས་གཏམ་དྲོད་མོ་བརྗོད་བྱ་ཡིན།།


དེ་རིང་སྨོན་པ་བཞིན་དུ་འགྲུབ་པར་ཤོག།
དེ་རིང་དོན་ཐོག་བཞིན་དུ་ཁེལ་བར་ཤོག།
དེ་རིང་རེ་བའི་མེ་དཔུང་འབར་བར་ཤོག།
དེ་རིང་བཀྲ་ཤིས་དོན་ཀུན་ལྷུན་འགྲུབ་ཤོག།



༢༠༡༣ལོ་ཟླ༨ཚེས༢༣ཉིན་ཁམས་མི་ཉག་མཛའ་གཞས་ལུང་བ་ནས་་་་་་་

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.