སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ལི་ཐོ།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
ནང་འཇུག
སྒྲིག་འཇུག...
དྲ་གྲོགས།
སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
སྒྲིག་འཇུག...
རིག་གནས་པ། | 2013/11/9 15:49:00
རིག་གནས་པ།
དགེ་རྒན་དུས་ཆེན་ལ།
རིག་པའི་རྩལ་སྟོབས་སེམས་ཉིད་ཀློང་དུ་རྫོགས།།
རིག་པའི་མེ་རླབས་སྒལ་རུས་གསེང་ནས་མཆེད།།
རིག་པའི་སྒྲོན་མེས་གཏི་མུག་སྨག་རུམ་བཅིལ།།
རིག་པའི་རྣམ་དཔྱོད་རླབས་ཕྲེང་དགུང་ལ་འཕྱོ།།
གནས་ལྔའི་ས་བོན་ཁུར་གྱི་བཅུད་འཆང་བ།།
གནས་འགྱུ་རིག་བཅུའི་རྟོགས་པ་རྒྱུད་ལ་འཕོ།།
གནས་རྣམས་མ་རྨོངས་སོ་སོར་ཡང་དག་ཏུ།།
གནས་ཀུན་མ་ལུས་མཁྱེན་པའི་ཐུཊ་རིག་ཅན།།
པ་ཕ་ཐུགས་བརྩེ་དྲོན་མོ་ཕྱོགས་མེད་སྐྱོང་།།
པ་སངས་འོད་སྣང་དོག་མོའི་གཞི་རུ་སྤར།།
པཀྵུ་བཞུར་རྒྱུན་འགག་མེད་ཀླུང་དུ་འབབ།།
པ་ཏྲའི་མཛའ་མཐུན་དྲྭ་བས་ཡོངས་སུ་འབྲེལ།།
དགེ་ལེགས་དུང་གི་སྒྲ་དབྱངས་ས་གསུམ་ཁྱབ།།
ཕུན་ཚོཊ་དཔལ་བེའུ་མཛའ་འབྲེལ་མཐའ་རུ་སྲིང་།།
འདོད་འབྱུང་བུམ་བཟང་ལྔ་ཟུང་རིག་པས་ལྟེམས།།
ཤེས་རབ་ལྡེམ་མྱུར་གསེར་མིག་རྩལ་གྱི་འཁྱུག།
སྐྱོན་བྲལ་པདྨའི་རིག་བརྒྱ་འདབ་སྟོང་གྲོལ།།
མི་ནུབ་རྒྱལ་མཚན་རྣམ་དཔྱོད་མཁའ་ལ་སྒྲེང་།།
བླ་ན་གདུགས་འཁྱིལ་མཁྱེན་བརྩེ་དབྱིངས་སུ་ཕུབ།།
དབང་བསྒྱུར་འཁོར་ལོ་ཐབས་ཤེས་འཁྲུལ་གྱི་བསྐོར།།
དགེན་རྣམས་དུས་ཀུན་བཀྲ་ཤིསདགེ་ལེགས་འཕེལ།།
བཤེས་གཉེན་དམ་པའི་བདེ་ལེགས་གྲགས་པར་རྒྱས།།
བཤེས་གཉེན་དམ་པའི་ཕུན་ཚོགས་དཔལ་གྱི་ཕྱུག།
བཤེས་གཉེན་དམ་པས་བཞད་དོན་གེགས་མེད་ཤོག།
༢༠༡༣ལོའི་ཟླ༩ཚེས་༡༠ཉིན་བདག་གི་དགེ་བའི་བཤེས་གཉེན་དམ་པ་གཙོས་འཛམ་གླིང་གི་དགེ་རྒན་ཡོངས་ལ་དགེ་རྒན་དུས་ཆེན་དུ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཀྱི་ཁ་གཡང་སྒྲོགས་པ་དང་ཆབས་གཅིག་ཏུ་དགེན་རྣམས་ཀྱི་དུས་ནམ་ཀུན་དུ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔས་བཞེད་དོན་ཐམས་ཅད་གེགས་མེད་ཡིད་བཞིན་དུ་འགྲུབ་པར་གྱུར་ཅིག་གུ།།

- ཟིན་ཐོ་གོང་མ།མ་ལོ་དྲན་བྱུང་།
- ཟིན་ཐོ་འོག་མ།དེ་རིང་གི་ལམ་བུ།