ཧི་བོན་ཟིན་བྲིས།
ཞང ༧ གངས་སྲས།།
སྤྱི་བསྒྲགས།
     

      རུས་མིང་།

      ཁོད་སྤུངས་རང་གྲོལ་ཉི་མ།

      སྨྱུག་མིང་།ཞང༧གངས་སྲས།

      འབྲེལ་གཏུགས་ཁ་པར།

      ༡༣༥༦༨༦༨༤༤༤༤

      གླེང་མོལ་ལམ་སྒེའུ་ཁུག་

      ཨང་གི

      ༡༤༡༡༦༠༨༡༡༥

         

     

     

     

     

     

     

     

     

     

     

     

     

     

     

     

     

     

     

     

     

     

     

     

     

     

     

     

     

     

     

     

     

     

     

     

     

     

     

     

ལི་ཐོ།
    <<  < 2021 - 12 >  >>
    1
    2345678
    9101112131415
    16171819202122
    23242526272829
    3031
ཆེད་སྒྲིག་རྣམ་དབྱེ།
པར་མཛོད།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
ལྟ་མགུར་གངས་སེང་ང་རོ།། | 2012/12/2 14:57:00

ལྟ་མགུར་གངས་སེང་ང་རོ།།                  

  

 

སྟོང་ཉིད་སྟོང་ཉིད་ཅེས་རང་བཞིན་སྟོང་བ་ཉིད་རེད།།

ལྟ་བ་ལྟ་བ་ཞེས་གྲུབ་པའི་མཐའ་ཞིག་མེད་ཀི།

ཀ་དག་ལྷུན་གྲུབ་ཅེས་ཐ་སྙད་བརྗོད་དུ་མེད་པ །།

བསམ་འདས་བརྗོད་བྲལ་དེ་ཤེས་རབ་ཕར་ཕྱིན་གཤིས་རེད།།

 

 

དབུ་མ་དབུ་མ་ཞེས་བདེན་པའི་ཚད་གྲུབ་མེད་ཀི།

སྤྲོས་པའི་མཐའ་བྲལ་གྱི་གུད་དུ་དབུས་ཤིག་མེད་ཀི།

རང་བཞིན་སྐྱེ་མེད་དེ་རོལ་བ་འགག་མེད་རྩལ་རེད།།

རང་བཞིན་བདེན་མེད་དེ་གནས་ལུགས་མཐར་ཐུག་གཤིས་རེད།།             

 

 

ཀུན་གསལ་དོན་རྟོགས་ཀྱི་རིག་པ་རྒྱུད་ལ་འབྱོར་ཚེ།།

སངས་རྒྱས་གསོན་པོ་ཞིག་ལོགས་སུ་འཚོལ་དུ་མེད་ཅིང་།།

བོན་ཉིད་ལ་བཟླབ་ཅེས་བགྲོད་ཡུལ་གཞན་ཞིག་མེད་ཀི།

ཚད་མེད་བདེ་བ་ཞིག་ཚོར་བའི་མྱོང་དུ་མེད་ཀི།

 

 

དམ་དོན་ཀུན་རྫོབ་ཅེས་སོ་སོར་བཀག་ཏུ་མེད་པས།།

བདེན་པའི་སྣང་བ་ཞིག་ཡེ་ནས་དམིགས་སུ་མེད་ཀི།

བོན་ཉིད དབྱིངས་རིག་དེ་ངོ་བོ་དབྱེ་མེད་ཡིན་པས།།

བཇུང་བ་འཛིན་པ་ཞེས་མཚན་མ་ཐ་དད་མེད་ཀི།

 

 

མ་བཅོས་རང་རྩལ་ཀྱི་སྣང་བ་འགོག་ཏུ་མེད་ཀི།

སྤྲོས་བྲལ་བདེན་མེད་ཅེས་ཕག་ན་འཇོག་ཏུ་མེད་ཀི།

སྒྱུ་མའི་རང་ཤར་གྱི་རོལ་རྩལ་རྩོལ་བསྒྲུབས་མེད་ཀི།

བོན་ཉིད་སྣང་སྟོང་གི་ཆ་དེ་ཀ་དག་གཤིས་རེད།།

 

 

          ༢༠༡༢ལོ་ཟླ༡༢པའི་ཚེས༢ཉིན་ཞང༧གངས་སྲས་ནས།།

རྩོམ་ཡིག་འདི་གཤམ་གྱི་ཚོགས་མིས་ལེགས་འདེམས་བྱས་ཟིན།
Re:ལྟ་མགུར་གངས་སེང་ང་རོ།། | 2013/1/26 16:23:05
སྐུ་མགྲོན་1ja4Dp(སྐུ་མགྲོན)ངོ་མ་ཡག་པོ་བྲིས་འདུག
རྩོམ་པ་པོ།:སྐུ་མགྲོན་1ja4Dp(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ལྟ་མགུར་གངས་སེང་ང་རོ།། | 2012/12/9 17:16:12
kongboགྲོགས་ཨ་ཀུན་གསལ་ཟླ་བ་ལགས་དང་དེ་མིན་གྱི་ཟིན་གྲོགས་རྣམས་པས་ངར་ཐུགས་ཁུར་དང་གདེང་འཇོག་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན། ཕྲན་ཆུང་ངས་རྩོམ་འབྲི་རྒྱུར་ཧ་ཅང་དགའ་པོ་ཡོད་ནའང་བསམ་བློའི་གོ་རྟོགས་ཀྱི་ན་མ་སོན་པར་སྐྱེས་སྦྱོང་གི་ཤེས་རབ་ཉག་ཕྲ་བས་རྐྱེན་གཞན་ལ་ངོམ་རན་གྱིས་རྩོམ་ལེགས་པོ་ཞིག་འཁྱོལ་ཀི་མི་འདུག ཡིན་ན་ཡང་ངས་རྩོམ་འབྲི་བ་ནི་ངའི་འཚོ་བའི་གྲུབ་ཆ་ཞིག་ཏུ་སེམས་ཡོད་པས་མུ་མཐུད་དེ་འདིའི་ཕྱོགས་སུ་ཤུགས་རྒྱག་ངེས་ཡིན། དེས་ན་རྗེས་ཕྱོགས་ལའང་རྣམ་པར་ལྷན་རྒྱས་རོགས་རམ་མཛད་རྒྱུ་ཐུགས་རྗེ་མ་ཆུང་ཞུ།
Re:ལྟ་མགུར་གངས་སེང་ང་རོ།། | 2012/12/3 21:10:53
སྐུ་མགྲོན་vBRd7H(སྐུ་མགྲོན)ཞང་གངས་སྲས་ལགས་ཀྱིས་ངོ་མ་ཡག་པོ་ཞིག་བྲིས་ཡོད་པ་མ་ཟད་ཁྱེད་རང་གི་རྩོམ་རྩལ་ལ་ཐོད་བརྒལ་གྱི་རྣམ་པ་ཞིག་ཀྱང་ཐོན་འདུག མ་འོངས་པ་ཡིན་ན་ཡང་ཕྲན་རང་ངོས་ནས་རེ་བ་ཆེན་པོ་ཞིག་བཅངས་ཡོད་པས་དེ་ལུགས་བཞིན་དུ་རྩོམ་ཡིག་གང་མང་འབྲི་རྒྱུའི་རེ་བ་ཤིན་ཏུ་ཆེ། ཨ་ཀུན་གསལ་ཟླ་བ་ནས།
རྩོམ་པ་པོ།:སྐུ་མགྲོན་vBRd7H(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.