ལས་དབང་གིས་བསྐོས་པའི་བུ་མོ་འཚོལ།།
སེམས་ནས་བསམ་པའི་གཏམ་ཞིག །
མི་ཁའི་རླུང་ཚུབ་ལྡང་སྲིད།།
རེ་དོན་ཅུང་ཙམ་འགྲུབ་ངེས།།
བཙན་གྱིས་བསྒྲིག་པ་མ་ཡིན།།
སྔོན་བསཌ་ལས་ཀྱི་བསྐོས་པའི།།
ཡིད་མཐུན་བུ་མོ་འགྲོག་འདོད། །
མཆོག་གསུམ་གཙུག་ཏུ་བཀུར་ཞིང་།།
ལས་དང་རྒྱུ་འབྲས་ཤེས་མཁན།།
རྒན་བཀུར་བྱིས་སྐྱོང་ལེགས་པའི།།
རྒྱུ་དང་དབང་ཆེན་མེད་རུང་།།
རུས་རིགས་ཆེ་བ་མི་སྨོན ། །
གཟུགས་བྱད་མཛེས་པོ་མེད་ཡང་།།
སེམས་རྒྱུད་དྲང་བར་མོས་ཡོད། །
བོད་ལཱ་གྱོན་གྱུར་མོས་ཤིང་།།
ཀ་ཁའི་སྦྱོར་ཀློག་ཤེས་ཤིང་།།
དེང་དུས་འགྲོ་ཕྱོགས་ཤེས་མཁན།།
འཚོ་བའི་དགོས་མཁོ་དཔལ་འབྱོར།།
ལག་གཉིས་འགུལ་ནས་སྒྲུབ་ཆོག །
འདུག་གནས་རིང་ཐུང་སྐྱོན་མེད།།
སེམས་པའི་གཏིང་ལ་བཞག་ཆོག །
ཕན་ཚུན་དགའ་ཞིང་སྐྱིད་པའི།།
ཁྱོད་འདྲ་དགའ་མྱོང་མེད་ཅེས།།
ཡུན་རིང་འདྲིས་ནས་ཤེས་ཡོང་།།
དགའ་བས་མྱོས་ཞེས་ཟེར་མཁན།།
རྫུན་མའི་བརྩེ་དུང་ཤུགས་ཆེ།།
སེམས་རྒྱུད་མདའ་བཞིན་དྲང་སྟེ།།
བསམ་གཞིགས་ནུས་པ་ཡོད་མཁན།།
ཁོ་བོའི་སེམས་རྟེན་དེ་ཡིན།།
གྲོགས་དང་སློབ་གྲོགས་འཛོམས་དུས།།
སྨྱོ་གཏམ་འདྲ་ཞིག་མངོན་ཡང་།།
གཉོམ་ཆུང་རེད་ཅེས་མ་བསྡིག །
བསམ་ཚུལ་གང་ཙམ་མཐུན་འདུག །
མྱོང་བ་ཐེངས་གཅིག་གནོང་དང་།།
༢༠༡༤ ༢ ༡༤དགའ་རོགས་དུས་ཆེན་ཉིན།