ཕོ་ལོ་ཉེར་དགུའི་སྐྱེས་སྐར་མཉམ་དུ་བསུ།།
དགེན་བོད་དབྱངས་ཀྱི་སྐྱེས་སྐར་ལ་ལེགས་སྐྱེས་སུ་ཕུལ།
བོད་ཡིག་འདོན་ཀློག་ཤེས་པའི་དུས་དེ་ནས།།
བོད་ཡིག་དྲྭ་བ་ཉུལ་བའི་གོམས་གཤིས་ཡོད།།
བོད་ཕྲུག་ང་ཡིས་ཀློག་རྒྱུའི་སྐལ་བ་བཟང་
བོད་པའི་བུ་རྒོད་འགའ་ཡི་ལྗགས་རྩོམ་དག །
།།
ོ་སྔོན་ཟིན་བྲིས་སྟེང་ནས་ཅུང་ཟད་མཐོང་།།
གངས་ལྗོངས་གླེང་སྟེགས་ནང་ནས་ཟུར་ཙམ་ཤེས།།
མ
ཚོམགོ་དཀྲིས་དམར་པོའི་གླེང་ནས་ཤིན་ཏུ་འདྲིས།།
ཕ་སྐད་མ་ཡིག་རྨང་གཞི་ངེས་ཅན་ལྡན།།
བཅད་ལྷུག་
འཇིགས་བྱེད་ཚེ་རིང་ངེད་གཉིས་དྲྭ་གྲོགས་གྱུར།།
སྤེལ་གསུམ་གང་ཞིག་བྲིས་ཀྱང་རུང་།།
ཁའི་རླུང་འཚུབ་ཇི་འདྲའི་རྒོད་ན་ཡང་
དོན་གནད་ཟབ་ལ་རྫུན་གྱིས་མ་ལྷད་པས།།
མགོ་ལོག་པ་ཡི་རྩོམ་ལ་བཀླགས་རྒྱུར་གོམས།།
མི
་།།
མི་སྐད་ངོ་མ་འཆད་ལ་ཆེས་སྤྲོ་བའི།།
མི་གཞི་བརྟན་ཅིང་རང་ཚུགས་ཐུབ་པ་དེ།།
མི་བུ་མགོ་ལོག་པ་ཡི་ཁྱད་བོན་ཉིད།།
ས།།
མི་བརྗེད་དྲན་བསྐུལ་ཡིན་པ་ལོས་ཡ
མི་ལོ་ཉེར་དགུ་ལོན་པའི་དེ་རིང་སྟེ།།
མི་ལུས་བླངས་པའི་དོན་སྒོ་འགྲུབ་མིན་དང་།།
མི་ཟས་ཟོས་པའི་རིན་ཐང་ཆེ་ཆུང་སོ
གན་སྙམ།།
གངས་དཀར་ཨ་མ་རྒས་མོའི་གཉེར་མ་བརྩི།།
ཕ་རྒན་སྐྲ་དཀར་ཅན་ལ་དགའ་སྡུག་སྤྲིངས་།།
ཁ་མིན་དོན་གྱི་ཆོལ་གསུམ་མཐུན་སྒྲིལ་གླེང་། །
ལ་ཡར་བསྐུལ་ཅན་གྱི་གཞས་ཚིག་དག །
ཁ་བ་གངས་ཀྱ
མགོ་ལོག་འཇིགས་བྱེད་ཁོང་གི་ལྷག་བསམ་བསྟོད།།
སྨིན་ཐང་བུ་མོ་ཞིག་ལ་སྙིང་གཏམ་བཤད།།
དུང་བརྗོད་སྙན་རྩོམ་དེ་ལ་བདག་ཡིད་རངས།།
མཐུན་
སྒྲི་རྩེ་ནས་ལྷང་ལྷང་སྒྲོག །
ཆོས་ལུགས་ཆོལ་ཁ་ཕྱོགས་རིས་དབྱེ་བ་མེད།།
མཁས་བླུན་མེད་པར་བརྩི་བཀུར་འདྲ་མཉམ་བྱེད།།
ཤེས་ཡོན་ཅུང་ཟད་ལྡན་པའི་ང་རྒྱལ་བྲལ།།
།།
སྒང་པ་བོད་ཀྱི་བདེ་སྡུག་ཡང་ཡང་གླེང་།།
འདོད་ཆུང་ཆོག་ཤེས་ལ་ཅན་ལ་ཡིད་སྨོན་ཤོར།།
ཀ་ཁ་ག་ང་རང་གི་སྲོག་བས་གཅེས།།
གསར་སྐྱེས་གཞས་པ་མང་པོར་སེམས་ཤུགས་སྤྲད།།
བྲིས་པའི་གཞས་ཚིག་རེ་རེའི་ནང་རོལ་
དུ
ཟུང་ཁྲག་དྲོན་མོའི་རྒྱུ་ལམ་སྔར་ལས་བཟང་།།
རྣམ་དཔྱོད་རིག་པ་དབྱར་གྱི་མཚོ་བཞིན་རྒྱས།།
བྱ་བ་གང་ཞུགས་རྐྱེན་ངན་བར་ཆད་ཀྱིས།།
འཚེ་བ་མེད་པར་མཆོག་གསུམ་དམ་པས་སྐྱོབས།།
ཕོ་ལོ་ཉེར་དགུའི་སྐྱེས་སྐར་དུས་སྟོན་འད
ཁྱིམ་མི་བདེ་ཞིང་བུ་ཕྲུག་བློ་རིག་གསལ།།
ཤེས་ཡོན་འཕེལ་ཞིང་ལོངས་སྤྱོད་ཀླུ་དང་མཉམ།།
ཚོར་བའི་གསེང་ནས་རྙེད་པའི་ལྗགས་རྩོམ་རེར།།
ཉིན་རེ་བཞིན་དུ་ཇེ་མང་འཕེལ་འགྱུར་ཅིག །
ར།།
ཁམས་ཀྱི་བུ་ཆུང་ལྷ་གཡག་དར་མ་ངས།།
མ་བཅོས་སེམས་ཀྱི་སྨོན་ཚིག་ངོ་མ་འདི།།
ཡུན་ནས་འདྲིས་པའི་བོད་དབྱངས་ལགས་སུ་ཕུལ།།
༢༠༡༤ ༥ ༨ ཁྱུང་པོ་སྟེང་ཆེན་ནས།