གཡུང་དྲུང་བོན་དྲྭ་བ། །
http://theyungdrungbon.com/
རེབ་གོང་བོན་མང་དྲྭ་ཚིགས། །
http://www.rgbm123.com/index.asp
གུས་པའི་མཚོ་སྔོན་པོ་ཟིན་བྲིས།
http://blog.amdotibet.cn/woshidanzeng/index.aspx
གུས་པའི་གཉན་པོ་གཡུ་རྩེའི་པོད་ཁུག །
http://blog.nbyzwhzx.com/space.php?do=home
སེར་རྡོར་དྲྭ་བ།
http://www.sangdhor.com/
གཟའ་ཕུར་བགྲོ་གླེང་། ལས་སྐལ་བ་བཟང་པོའི་སྟོབས་ཀྱིས།། ངེད་དགེ་སློབ་སེམས་མཐུན་འགའ་ཡི།། གཟའ་ཕུར་བའི་བགྲོ་གླེང་བཙུགས་ནས།། ལོ་ཧྲིལ་པོ་ལྔ་ཙམ་ཕྱིན་འདུག ། འདས་ཟིན་པའི་བགྲང་བྱ་ལྔ་ནང་།། མདོ་སྟོད་སྨད་བར་ནས་འཛོམས་པའི།། རིག་དུང་བ་ཟབ་པའི་ན་གཞོན།། མ་གྲོས་ཀྱང་དལ་གྱིས་འཛོམས་སོང་།། བློ་རིག་པ་གློག་བས་མྱུར་བ།། ཤེས་ཡོན་ཏན་མཚོ་ལྟར་ཟབ་པའི།། བླ་སྤྲུལ་དང་ཤེས་ཡོན་ཅན་ཚོ།། ངེད་གཟའ་ཕུར་ཚང་གི་སྐུ་མགྲོན།། ཟུངས་བདུན་པོ་དར་ཞིང་རྒྱས་པའི།། བློ་རྣམ་དཔྱོད་ཉིན་བཞིན་གོང་འཕེལ།། ལས་ཀུན་སྤྱོད་གཤིས་ཀ་ལེགས་པའི།། ངེད་གཟའ་ཕུར་ཚང་གི་ཚོགས་མི།། རང་ལྟ་བ་བསམ་ཚུལ་གང་ཡོད།། མི་གསང་པར་ལྷུག་པོར་སྨྲ་ས།། གཞན་འདོད་ཚུལ་ཇི་འདྲ་ཡིན་མིན།། སྙིགས་དོར་ཏེ་བཅུད་ལེན་རོལ་གནས།། སློབ་སྦྱོང་དང་འཚོ་བའི་ཁྲོད་ནས།། དོགས་གནད་དང་མི་ཤེས་གང་ཞིག ། དགེ་རྒན་དང་སློབ་གྲོགས་མཉམ་དུ།། གཟའ་ཕུར་ནང་གླེང་བྱ་གཙོ་བོ།། ཉིན་དེ་རིང་གཟའ་ཕུར་ཚང་གི། མཐར་ཕྱིན་པའི་སློབ་ཆེན་འགའ་ཞིག ། བཀྲ་ཤིས་པའི་མཇལ་དར་བསྒྲོན་ཞིང་།། དོན་འགྲུབ་པའི་སྙིང་གཏམ་གླེང་གིན།། ཁྱེད་སློབ་ཐོན་པ་ཚོས་ཉོན་དང་།། མི་རྟགས་པའི་དུས་ཚོད་རྫོགས་པས།། རེ་ཞིག་ཏུ་སློབ་གླིང་བྲལ་རེད།། ཤེས་ཡོན་ལ་མུ་མཐུད་བརྩོན་དགོས།། ལས་གང་ལ་ཞུགས་ཀྱང་ལོས་ཆོག ། ཐག་རིང་ཐུང་དབྱེ་བ་ཆེར་མེད།། སེམས་གཏིང་ནས་གཞན་ཕན་སྒོམ་དང་།། ལུས་ཁོས་ཡང་དེ་ལྟར་སྒྲུབ་ངེས།། ས་རིང་ཐུང་གང་ལ་ཕྱིན་རུང་།། གཟའ་ཕུར་བའི་གཏམ་གླེང་ནང་ལྟར།། གཞན་ཕན་པའི་བྱ་བཟང་སྒྲུབ་དང་།། རང་དགོས་པའི་ཤེས་ཡོན་ཐོབ་ངེས།། དགེན་དམ་པའི་སྐུ་ཚེ་བརྟན་ཅིང་།། སློབ་ང་ཚོར་ཤེས་ཡོན་འཛོམས་ཤིང་།། ནད་གདོན་གྱི་འཚེ་བ་མེད་པར།། མགོན་མཆོག་གསུམ་དམ་པས་སྲུང་ཤིག། ལ་ལུང་པ་མང་པོས་ཆོད་པའི།། ཁམས་ཁྱུང་པོ་སྟེང་ཆེན་ཡུལ་ནས།། མི་ཆུང་ཆུང་ལྷ་གཡག་དར་མས།། སེམས་བསམ་པའི་སྙིང་གཏམ་གླེང་ཡོད།། ལྷ་གཡག་དར་མའི་སེམས་གཏམ། ༢༠༡༤ ༤ ༢༦ཉིན།