ལྷ་གཡག་དར་མའི་ལྷས་ར།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
1234
567891011
12131415161718
19202122232425
262728293031
སྤྱི་བསྒྲགས།

རྙེད་པར་དཀའ་བ་དལ་འབྱོར་མི་ལུས་ཐོབ། །

སྐྱེས་པར་དཀའ་བ་གངས་རིའི་ལྗོངས་སུ་སྐྱེས། །

འཕྲད་པར་དཀའ་བ་གཡུང་དྲུང་བོན་བསྟན་འཕྲད།།

ཚེ་སྔོན་ལས་བཟང་བསཌ་པའི་འབྲས་བུ་ལགས།  



 

བཏགས་མིང་།  བསྟན་འཛིན་ཡེ་ཤེས།

ཞང་སྐད།  ཤེལ་ཞིན་ཧ་ར།

དྲྭ་མིང་། ལྷ་གཡག་དར་མ།

སྐྱེ་ཡུལ།  ཁྱུང་པོ་སྟེང་ཆེན།

གླེང་མོལ། 958233818

 ལག་ཐོག་ཁ་པར།

13659513796

 ཡིག་སྒྲོམ།

 dingqingdanzeng@163.com

ངས་རྩོམ་ཡིག་འབྲི་མི་ཤེས། འོན་ཀྱང་སེམས་ནང་གི་

དགའ་སྐྱོ་ཆགས་སྡང་དག་ཡིག་ཐོག་ཏུ་འཕབ་རྒྱུ་ངའི་གཤིས་ཀ་རུ་གྲུབ། 

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 127
  • དཔྱད་བརྗོད། 407
  • ཆེམས། 3
  • ཀློག་གྲངས། 45182


 
༄༅།འཆར་སྣང་རབ་རིབ།
[ 2013/5/2 22:28:00 | By: ལྷ་གཡག་དར་མ། ]
 
༄༅།འཆར་སྣང་རབ་རིབ།
 
དཀོན་མཆོག་གསུམ་པོ་དད་ཡུལ་འཇོག་བཞིན་ལས་དང་རྒྱུ་འབྲས་ཁས་ལེན་ཏེ།།
 ཀ་ཁ་ག་ངའི་གདངས་དབྱངས་གྱེར་བཞིན་སྦྲང་དཀར་རྩམ་པས་ཟུངས་སྟོབས་རྒྱས།། 
ཕུགས་འདུན་དམིཌ་ཡུལ་གཅིག་པ་ཡིན་རུང་ཕྱོགས་རིས་ཅན་གྱི་མཁས་རློམས་འགས།། 
སྨྱུ་གུའི་སོ་ཁ་ནང་དུ་བསྒྱུར་བས་མཐུན་སྒྲིལ་བྱེད་པར་འགོག་རྐྱེན་བཟོས།། 
 
མེས་པོ་དམ་པ་གཡུང་དྲུང་བོན་དང་ས་དགེ་བཀའ་རྙིང་ཇོ་ནང་སོགས།། 

   འདི་ཕྱི་གཉིས་ཀའི་སྐྱབས་གནས་ཡིན་པ་སྐྱེས་ཆེན་དུ་མས་གསུངས་ཡོད་ཀྱང་།།
      གསར་ངད་ཅན་འགས་རང་འདོད་བཙན་པོས་ལོག་འགྲེལ་བྱེད་དང་བྱས་དྲཌ་པས།།
    ཁ་བའི་ལས་དབང་རླུང་གསེབ་ཁྲོད་ཀྱི་མར་མེ་བཞིན་གྱུར་སེམས་རེ་ཕམ།། 

 
ཉེར་གཅིག་དུས་རབས་འདི་ཡི་ནང་ལ་དགོ་བྲོའི་ལྟད་མོ་ཤིན་ཏུ་མང་།།
 བྱམས་སེམས་སྙིང་རྗེ་ཁ་ནས་བརྗོད་བཞིན་མི་དགེ་སྣ་ཚོགས་ལྐོག་ཏུ་སྒྲུབ།། 
སྒོམ་སྒྲུབ་ཉམས་ལེན་ཟླ་ཤས་བགྱིས་ནས་བླ་སྤྲུལ་ག་གེའི་མིང་ཞིག་ཁུར།། 
ཟེར་སྒྲོས་བདེན་ན་ཞིང་ཁམས་ལ་ཡང་ཁ་པར་བརྒྱབ་པ་གོ་ཐོས་བྱུང་།།
 
 ཁ་བའི་ལྗོངས་ནས་འཚར་ལོང་བྱུང་ཞིང་ཁ་བ་རི་བའི་སྐྱིད་སྡུག་ལ།། 
ཁ་ཁོག་མེད་པར་ཉིན་མཚན་ཀུན་དུ་རིག་པའི་གནས་ལ་འབད་བཞིན་པའི།། 
གཞོན་ནུ་རྟོགས་སད་མང་དུ་ཐོན་ནས་ཞི་མཐུན་ལས་ལ་བརྩོན་དུས་སུ།། 
ཡ་ཆུང་སེམས་ཀྱི་གདིང་ཁོངས་དེ་ནས་རེ་བའི་མིག་ཟུང་འོད་འཚེར་འཚེར་།། 
 
ཤེས་ཡོན་ཕྱུག་པའི་ན་གཞོན་འགའ་ཡི་རིག་པས་རྒྱལ་ཁམས་བསྐོར་ནས་སུ།། 
མཐོང་ཐོས་མྱོང་བས་སྙིགས་དོར་བཅུད་ལེན་ཚུལ་བཞིན་དགོས་པའི་ལམ་བསྟེན་ནས།། 
ལྷག་བསམ་ཞིག་གིས་ང་ཚོས་མི་འཇོན་བྱ་གཞག་ཀུན་སྤྱོད་ལ་སོཌ་པའི།། 
དཔྱད་བརྗོད་རྩོམ་ཡིག་ཐོག་རྒོད་འདྲ་བ་མཐོང་ཐེངས་རེ་ལ་སྣང་རེ་སྤྲོ།། 
 
མཐོང་ཐོས་ཉུང་བས་གཞན་སྡེའི་འདོད་ཚུལ་ཚད་ལྡན་ལོ་རྒྱུས་གང་ལའང་།། 
བལྟ་ཀློག་ཙམ་མེད་རང་རྟུག་གསེར་སྒོམ་དཔེ་ལྟར་བྱས་ཏེ་རང་འདོད་ཀྱིས།།
 ཨ་མྱེ་རྒན་པོའི་ཕྱི་གྲལ་བརྫངས་ཏེ་སྐྱོན་བརྗོད་སྣ་ཚོགས་བགྱིས་ན་ཡང་།། 
རང་མགོ་གཉོག་པའི་ ཐོ་བ་ཡིན་པ་ཚད་ལྡན་མི་བུའི་ཅི་མི་མཁྱེན།། 
 
ལོ་ངོ་ཁྲི་ཕྲག་ཡར་སྔོན་དེ་ནས་ཁ་བ་བོད་པའི་མིང་ཡོད་ལ།། 
དེ་དང་དེ་བཞིན་རིག་གནས་སྣ་མང་ཕུན་སུམ་ཚོགས་ན་ཡང་།། 
མི་བུ་འགའ་ཞིག་ཨ་གསར་ཆེ་བས་རྒྱ་གར་རྒྱ་ནག་ཁུང་ལ་གཏུག།
 བོད་ཡུལ་རང་སར་ཅི་ཡང་མེད་པའི་མུན་པའི་གླིང་ཞིག་སོ་སོས་སྒྲུབ།། 
 
རྒན་རིགས་འགའ་ཞིག་རྙིང་ཞེན་ཆེ་བས་རྒྱུ་མཚན་མི་བཙལ་རང་འདོད་བྱེད།། 
ན་གཞོན་ཁྱུ་ཞིག་དེའི་རྗེས་རྙེགས་ཏེ་རྡོག་སྣ་ཐོགས་ཏེ་འགྱེལ་ལ་ཁད།། 
ངེས་པ་དོན་གྱི་རྟོགས་སད་འགའ་ཡིས་དྲང་བདེན་གནས་ལུགས་འཆད་ན་ཡང་།། 
ལྟ་ལོག་ཞེས་པའི་མིང་ངན་འདོཌ་ནས་རང་སྐྱོན་སྐུང་པ་ཤ་རེ་ཚ།།
 
 དད་པ་དག་སྣང་ལོས་ཀྱང་ཡོད་དེ་ཁ་བ་རི་བོའི་ཁྱད་ཆོས་ཏེ།། 
ནད་ལ་སྨན་དང་གདོན་ལ་གཏོ་དཔྱད་རྒྱུད་གཞུང་ཀུན་ལ་གསུངས་ཡོད་ཀྱང་།།
 བདག་འཛིན་ཆེ་བས་ནད་བཅོས་དགོས་མིན་བླ་མའི་ཕྱག་མོར་ལྟ་དགོས་ཞེས།། 
ནད་ཅན་འགའ་ཞིག་བར་ཅད་དབང་གིས་ལྔ་ལམ་ཤོར་བ་ཡ་རེ་ང་།།
 
 ང་དང་འདྲ་བའི་གསར་བུ་འགའ་ཞིག་རིག་གནས་རྨང་གཞི་མེད་ན་ཡང་།། 
རང་སྐྱོན་སྦས་ཏེ་བློ་ཁོག་ཆེན་པོས་ཟུར་ཟའི་རྩོམ་རྙོག་འབྲི་བ་འདི།། 
མཁས་པས་མཐོང་ཚེ་ཁོང་འཛུམ་ཤོར་རུང་དྲན་ཚུལ་ཇི་བཞིན་ཕབ་པ་དེ།། 
ཀ་མད་སུམ་ཅུར་དུང་ཞེན་ཆེ་བའི་རྟགས་མཚན་ཡིན་ཅེས་ངོ་སྤྲོད་དོ།། 
 
ཁྱེད་དང་ང་ཡི་བསམ་ཚུལ་ཐད་ནས་མཐུན་མིན་གང་ཡང་ཡོད་ངེས་པས།། 
ཀློག་གིན་ཀློག་གིན་དོན་ལ་གཞིཌ་ཏེ་རང་གཞན་ཀུན་གྱི་བྱ་སྤྱོད་སོགས།། 
དོན་དུ་གནས་མིན་རང་གིས་རང་འདྲི་བསམ་བློ་བཏང་ནས་དཔྱད་རྒྱུ་གལ།། 
གོང་བརྗོད་དོན་དག་ཚུལ་ལྡན་མྱི་བུ་ཟེར་གྱི་མེད་པས་དབྱེ་ཞིབ་མཛོད།། 
 
2012。10。7ཉིན ་ཆབ་མདོ་སྨན་རྩིས་ཁང་དུ་ལས་རེས་ཀྱི་སྐབས་ཤིས་བྲིས།
༼ སྤུ་རྒྱལ་གངས་དཀར༽ འདོན་ཐེངས་བཞི་པར་འཁོད། 
 
 
རྩོམ་ཡིག་འདི་གཤམ་གྱི་ཚོགས་མིས་ལེགས་འདེམས་བྱས་ཟིན།
Re:༄༅།འཆར་སྣང་རབ་རིབ།
[ 2013/5/25 15:06:32 | By: boncute ]
 
boncuteབོན་གྱི་ཐག་རིང་གི་མཆེད་གྲོགས་ཀྱི་གཞིས་ཀར་རྒྱུན་དུ་ཡོང་བཞིན་ཡོད། གངས་ཐིག་གིས།
 
 
Re:༄༅།འཆར་སྣང་རབ་རིབ།
[ 2013/5/14 19:19:40 | By: སྐུ་མགྲོན་817Gx3(སྐུ་མགྲོན) ]
 
སྐུ་མགྲོན་817Gx3(སྐུ་མགྲོན)མུ་མཐུད་ནས་ཤུགས་རྒྱོབས་ཤོག ཁམས་སྟོད་འབྲོང་བུས།
 
 
Re:༄༅།འཆར་སྣང་རབ་རིབ།
[ 2013/5/9 23:53:18 | By: སྐུ་མགྲོན་Lqh6Kw(སྐུ་མགྲོན) ]
 
སྐུ་མགྲོན་Lqh6Kw(སྐུ་མགྲོན)ལྷ་གཡག་དར་མ་ཞིག་གིས་
ལྷ་སྐད་པི་ཝང་དཀྲོལ་ཚེ་
ལྷ་འབྲི་རོག་མོ་ཞིག་ལ་
བརྩེ་སེམས་འོ་ཆུ་བབ་སོང་
དམུ་ར་རྒོད་ནས་
གཤམ་དུ་ལྷ་གཡག་དར་མ།་ལགས་ཀྱིས་ལན་སློག་པ་ནི་
དམུ་ར་རྒོད་ལགས། ཕེབས་བསུ་ཞུས་ཡོད།
 
 
Re:༄༅།འཆར་སྣང་རབ་རིབ།
[ 2013/5/9 23:44:17 | By: སྐུ་མགྲོན་Lqh6Kw(སྐུ་མགྲོན) ]
 
སྐུ་མགྲོན་Lqh6Kw(སྐུ་མགྲོན)ལྷ་གཡག་དར་མ་ཞིག་གིས་
ལྷ་སྐད་པི་ཝང་དཀྲོལ་ཚེ་
ལྷ་འབྲི་རོག་མོ་ཞིག་ལ་
བརྩེ་སེམས་འོ་ཆུ་བབ་སོང་
དམུ་ར་རྒོད་ནས་
 
 
Re:༄༅།འཆར་སྣང་རབ་རིབ།
[ 2013/5/6 22:24:33 | By: crzb ]
 
crzbཡག་པོ་འདུག
 
 
Re:༄༅།འཆར་སྣང་རབ་རིབ།
[ 2013/5/6 11:04:07 | By: སྐུ་མགྲོན་r74Xpc(སྐུ་མགྲོན) ]
 
སྐུ་མགྲོན་r74Xpc(སྐུ་མགྲོན)མཐོང་ན་ཁྲ་ཆུང་མིག་གི་ལྟད་མོ་ཡིན།།
ཉན་ན་རྣ་དབང་འགུག་པའི་གླུ་ངག་ཡིན།།
མྱོང་ན་ལྕེ་དབང་གསོ་བའི་བདུད་རྩི་ཡིན།།
འདི་འདྲའི་རྩོམ་རིགས་རིམ་བཞིན་སྤེལ་བར་སྨོན།། ཁྱུང་ནག་བསོད་ནམས་བློ་གྲོས་ནས།།
གཤམ་དུ་ལྷ་གཡག་དར་མ།་ལགས་ཀྱིས་ལན་སློག་པ་ནི་
རྩོམ་ཉོག་དེ་ལ་འདེང་འཇོག་དེ་ལྟར་གནང་བ་བཀའ་དྲིན་ཆེ་ཞུ་བ་ཡིན།
 
 
Re:༄༅།འཆར་སྣང་རབ་རིབ།
[ 2013/5/3 23:30:50 | By: yong ]
 
yongམཐོ་སྒང་གི་ལྷ་གཡག་དར་་མའི་ངར་སྐད་རེ་རེས་འབྲོང་ཁྱུ་ཚོ་གཉིད་ལས་དཀྲོག་སོང་།
བེའུ་ཆུང་གི་རྩེད་གར་གསེང་ནས་འབྲིང་རྒྱུད་པས་ཕུལ།།
གཤམ་དུ་ལྷ་གཡག་དར་མ།་ལགས་ཀྱིས་ལན་སློག་པ་ནི་
ཧེ་ཧེ་་་་་་་་་་་་་་བསྟོད་པ་ཐལ་དྲག་འདུག
ཁྱེད་ཀྱི་རྩོམ་རྩལ་ལ་ཡིད་སྨོན་བྱུང་ཡོད། མུ་མཐུད་ནས་ཧི་བོན་ཟིན་བྲིས་ནང་མང་ཙམ་བྱོན་ཤོག
 
 
Re:༄༅།འཆར་སྣང་རབ་རིབ།
[ 2013/5/3 21:34:13 | By: zhongsong ]
 
zhongsongཁྱེད་ཉིད་ང་ཚོའི་ན་གཞོན་ཞིག །
ཁྱེད་ཉིད་ང་ཚོའི་ཕྱྭ་གཤེན་ཞིག །
ཁྱེད་ཉིད་ང་ཚོའི་བདེན་འཚོལ་ཞིག །
ཁྱེད་ཉིད་ང་ཚོའི་གྲོགས་མཆོག་ཞིག །
གཤམ་དུ་ལྷ་གཡག་དར་མ།་ལགས་ཀྱིས་ལན་སློག་པ་ནི་
ང་ཚོའི་ཤེས་གྲོགས་ཀྱི་བརྩེ་བ་དེ་ནམ་ཡང་རྟག་བརྟན་ཡོང་བར་སྨོན།
 
 
Re:༄༅།འཆར་སྣང་རབ་རིབ།
[ 2013/5/3 21:19:50 | By: vase ]
 
vaseཀི་ཧི་ཧི། གཡང་གི་རྭ་བ་སྒོ་བཞི་ཁྱོད། ལྷ་གཡག་དར་མའི་ངར་ལྷབ་དིར་དིར་བཀའ་ལུང་གད་ལ་རོལ་རྩེད་བསྒྱུར།། ཨ་མྱེ་རྒད་པོའི་ཕྱི་གྲལ་བརྫངས་བའི་མཚང་ཅན་རྨ་སྟེང་ཙག་བུ་རྒྱག། སྦྲ་ནག་རྒྱལ་པོ་ཇུས་བཀོད་ཉེས་ནས་ཇག་ནག་ལག་ལ་མ་བཞག་མེད།། ད་དུང་ཁོ་རང་གྲུབ་མཐའི་ཕྱོགས་ལ་བདག་འཛིན་མེད་པ་ལབ་ལབ་ཞིག། གཡག་གི་རྭ་ཞག་ཕྱི་ལ་ངོམ་པས་ཕྱི་མིག་ཤོར་སའི་རྩོམ་བཟང་འདི།། ཤེལ་མིག་བླ་མའི་ནག་ཉེས་རྨ་ལ་སྦྲིད་སྨན་མེད་པའི་བཤའ་བཅོས་ཡིན།། ང་དང་ང་འདྲའི་འདི་འདྲའི་རྩོམ་ལ་ཡིད་རང་བརྒྱ་ཆ་བརྒྱ་ལ་ཞུ།། ཁྱུང་ནག་བསོད་བློས་ཁྱུང་སྟེང་དགོན་ནས་གང་དྲན་མཆན་ཞིག་བྲིས་པ་ཡིན།། དགག་མོས་མེད་པའི་སུས་མཚང་ཕོག་ཀྱང་དག་གཙང་མི་བྱེད་ཐག་ཆོད་ཡིན།།
གཤམ་དུ་ལྷ་གཡག་དར་མ།་ལགས་ཀྱིས་ལན་སློག་པ་ནི་
ཕེབས་པར་དགའ་བསུ་ཞུས་ཡོད། ང་ཚོས་དྲང་བདེན་གྱི་གནས་ལུགས་བསྐྱངས་ཤིང་། དྲང་བདེན་གྱི་སྐད་ཆ་འཆད་བཞིན་ང་ཚོས་ཐེག་གི་མེད་པའི་འགན་འཁྲི་དེ་གླེང་བཞིན་འགྲོ།
 
 
Re:༄༅།འཆར་སྣང་རབ་རིབ།
[ 2013/5/3 20:56:49 | By: སྐུ་མགྲོན་230Me6(སྐུ་མགྲོན) ]
 
སྐུ་མགྲོན་230Me6(སྐུ་མགྲོན)

ཕེབས་པར་དགའ་བསུ་ཞུ།
ལྷ་གཡག་དར་མས།
 
 
Re:༄༅།འཆར་སྣང་རབ་རིབ།
[ 2013/5/3 19:50:24 | By: ygrbwj ]
 
ygrbwjཚར་གཅིག་བཀླགས་ཟིན།
དྲྭ་གྲོགས་ལྷ་གཡག་ལགས་ཀྱི་གསུངས་པ་ལ་དངོས་གནས་དཔེ་ཡག་པོ་འདུག ད་དུང་མུ་མཐུད་ནས་དྲྭ་ལམ་ནས་མཇལ་ཁ་ཡོད་པར་གྱིས།

གཡག་རྒོད་ནས།
 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.