ང་ནི་ཕ་ཡུལ་སྦྲ་ཆེན་གཡང་ལྡན་ཕྱུག་མོ་ནས་ཚར་ལོང་བྱུང་བའི་བོནད་ཀྱི་གླུ་མ་
ཆུང་ཆུང་ཚེ་དབང་གཡང་འཛོམས་ཡིན།
ང་ནི་སྙན་མོ་ངག་ལ་རང་དབང་ཐོབ་ཅིང་ལྷ་བྱ་ཁུ་བྱུག་ལྟ་བུའི་སྐད་ངག་
སྙན་པོ་དེ་མེད་ལ་གཡུ་འབྲུག་སྔོན་མོ་ལྟ་བུའི་ངར་སྐད་ཀྱང་དེ་བས་མེད་། འོན་ཀྱང་ང་རང་ཕ་སྐད་མ་ཡིག་ལ་དུངས་བ་ཟབ་པས་སེམས་ནང་གི་
དགའ་སྐྱོ་འདྲེས་མའི་ཚོར་སྣང་དག་གླུ་དབྱངས་ལ་གྱེར་རྒྱུ་ནི་ངའི་ཆེས་
དགའ་ཤོས་ཀྱི་བྱ་བ་ཞིག་ཏུ་གྲུབ། དེ་སྔོན་ངའི་ཆེད་སྒྲིག་དང་པོ་ ༼ སྦྲ་ནག་གི་འགྱུར་ཁུག་ ༽ཞེས་པ་དེ་ཆོལ་གསུམ་སྤུན་ཟླ་རྣམ་པའི་སྙན་ལམ་དུ་
ཕུལ་བས་ཁྱེད་རྣམ་པས་དུས་རྟག་དུ་གུས་མོར་ཕྱོགས་གང་སར་ནས་ཐུགས་ཁུར་
དང་རྒྱབ་སྐྱོར་གང་མང་གནང་བྱུང་བས་ཤིན་ཏུ་ནས་བཀའ་དྲིན་ཆེ་ཞུ་བ་ཡིན། ད་རེས་འདིར་ཆེད་སྒྲིག་གཉིས་པ་ ༼ བྱང་ཐང་གི་འབྲོག་མོ། ༽ འདི་ཡང་ཁྱེད་རྣམ་པའི་ཐུགས་ཡིད་མཐུན་པའི་རེ་བ་བཅངས་བཞིན་ཡོད།
མཇུག་ཏུ།
ཤར་ལ་ཉེ་བའི་ལོ་གསར་པའི་ནང་ན་ཆུང་བྱིས་པ་རྣམས་བློ་རིག་གསལ་ཞིང་།
གཞོན་པ་ཚོ་ཤེས་ཡོན་འཛོམས་ཤིང་།
རྒན་པ་རྣམས་ཚེ་ཐག་རིང་བ་དང་། ཆར་ཆུ་དུས་འབབ་པ། ལོ་ཕྱུགས་རྟག་ཏུ་ལེགས་པ། རང་རིགས་ཀྱི་ཆབ་དཔལ་རིག་གསུམ་དག་
ཡར་ངོས་ཟླ་ལྟར་འཕེལ་བའི་བཀྲ་ཤིས་རྟེནའབྲེལ་གྱི་ཁ་གཡང་
ཡང་ནས་ཡང་དུ་འབོད་དོ། །