སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
སོས་ཀའི་དུས་སུ་ལུས་ཟུངས་གསོ།   ༼   འོས་སྦྱོར།  ༽
[ 2012/2/16 14:17:00 | By: ལྷ་གཡག་དར་མ། ]
 
སོས་ཀའི་དུས་སུ་ལུས་ཟུངས་གསོ་ཐབས་སྐོར་མདོ་ཙམ་བརྗོད་པ།
 

དགུན་ཁའི་དུས་སུ་བཟའ་བཏུང་སྤྱོད་པ་ཚད་ལས་འདས་ཤིང་།   འཚོ་བ་དང་ཐོན་སྐྱེད་ཀྱི་དབང་གིས་མི་ལ་ངལ་དུབ་བྱུང་བ་དང་དུས་ཚིགས་

གཞན་དང་བསྡུར་ན་འཚོ་བ་རྒྱུན་ལྡན་དུ་མ་གྱུར་པས།   དཔྱིད་ཚུགས་རྗེས་

འགུལ་སྐྱོད་བྱེད་འགོ་རྩོམ་རྒྱུ་མ་ཟད།  སེམས་ཁམས་དང་ལུས་ཟུངས་སྙོམ་སྒྲིག་

བྱས་ཏེ།  ལོ་གསར་བར་ནུས་ཚད་གསོག་འཇོག་བྱས་ན། 

  ལོ་དེར་ལུས་ཁམས་བདེ་ཐང་ཡོང་བར་རེ་བ་ཆེན་པོ་ཡོད་ངེས།   

གཅིག   འགྲོ་འདུག་སྐོར་གྱི་ཆོས་ཉིད།  

དཔྱིད་ཚུགས་སྐབས།   མིའི་ལུས་ཕུང་གི་ཟུངས་ཁྲག་དེ་ཕྱིར་མངོན་པས།   སྐྱི་པགས་ལྷོད་པོར་འགྱུར་ཅིང་།    ཁྲག་རྒྱུན་གྱི་འཁོར་ཚད་མང་བ་དང་།   རྔུལ་ཐོན་རྨེན་བུའི་ཟགས་ཐོན་ཇེ་མང་དུ་འགྱུར་འགྲོ་བས།   ལུས་པོའི་དབང་བོ་སོ་སོའི་ཁག་འཁུར་ཇེ་ཆེར་འགྲོ་ནའང་།    དབང་རྩ་ལྟེ་བའི་སྡེ་ཁོངས་ལ་ལྷོད་འཇགས་དང་གཉིད་འགུག་པའི་ནུས་པ་

འབྱུང་བས།   རྐང་ལག་དུབ་པའི་ཚོར་བ་འབྱུང་སྲིད།  སྐབས་འདིར་གཉིད་ལ་སྲེད་དྲགས་ན་

ལུས་ཟུངས་བརྟས་པར་ཕན་ཆེན་པོ་མི་ལྡན།   གནམ་གཤིས་ཀྱི་འགྱུར་ལྡོག་

འདི་རིགས་ལ་མཐུན་ཆེད།   འགྲོ་འདུག་གི་ཐད་ནས་ནངས་སྔ་ལངས་དང་དགོང་སྔ་ཉལ་བྱེད་རྒྱུ་མ་ཟད།    རྒྱུན་པར་ཁང་བའི་ཕྱི་དང་སྡོང་གསེང་དུ་སོང་ནས་འཆམ་འཆམ་དུ་འགྲོ་ཐབས་

བྱས་ཏེ།   རང་བྱུང་ཁམས་ཆེན་པོ་ཉམས་སུ་རོལ་དགོས།  དཔྱིད་ཀའི་གནམ་གཤིས་ལ་

འགྱུར་ལྡོག་ཆེ་བས།   སྐབས་འགར་འཁྱག་ལ་སྐབས་འགར་དྲོ།   དེའི་རྐྱེན་གྱིས་མིའི་ལུས་ཕུང་གི་སྐྱི་པགས་ལྷོད་པོར་འགྱུར་བས།   ཕྱི་ཡོང་གི་གནོད་འཚེ་འགོག་པའི་ནུས་ཤུགས་ཇེ་ཞན་དུ་འགྲོ་བ་ཡིན།   དེར་བརྟེན་དཔྱིད་ཚེས་མ་ཐག་ཏུ་གྱོན་པ་མཐུག་པོ་ཕུད་མི་རུང་།    ལྷག་པར་དུ་བགྲེས་པོ་དང་ལུས་ཟུངས་ཞན་པའི་རིགས་ཀྱིས་དེ་ལྟར་བྱས་ན་

ནད་ཡམས་འབྱུང་སླ།   

གཉིས།    བཟའ་བཏུང་སྐོར་གྱི་གསོ་སྐྱོང་། 

བཟའ་ཆས་ཀྱི་བྲོ་བ་ལྔ་དང་དུས་ཚིགས་མི་འདྲ་བ་ལྟར་སྙོམས་སྒྲིག་བྱེད་དགོས།    དཔྱིད་ཀར་མིའི་ལུས་སྟེང་གི་རྙིང་ཚབ་གསར་བྱེད་ཧ་ཅང་རྒྱས་ཡོད་པས།   རོ་ཚ་བོ་དང་མངར་པོ།  དྲོ་མ་འཇམ་གྱི་བཟའ་བཏུང་སྤྱད་ན་འོས་ཤིང་འཚམ།  དཔྱིད་ཀར་སྣུམ་ཆེ་བ་དང་

རློན་པ།   འཁྱག་པ་སོགས་ཀྱི་བཟའ་བཏུང་སྤྱད་ན་ཆེས་མི་འཚམ་པས།  འཚོ་བཅུད B ཆད་པ་ནི་དཔྱིད་གདུག་རྒྱག་པའི་རྒྱུ་རྐྱེན་ཞིག་རེད། དཔྱིད་ཀར་སྐྱུར་ལྡན་

བཟའ་ཆས་མང་པོ་ཟོས་ན་མཆིན་ཚ་ལྷག་ཏུ་རྒྱས་ཏེ།མཚེར་བ་དང་ཕོ་བར་

གནོད་པ་སྐྱེལ་སྲིད། དེར་བརྟེན་དུས་རྒྱུན་རོ་མངར་ལ་སྙོམས་པ་དང་སྤྲི་དཀར་

དང་ཀ་རའི་རིགས། འཚོ་བཅུད། གཏེར་རྒྱུ་མང་བའི་བཟའ་ཆས་ཏེ་ཤ་གནག་

དང་བྱ་སྒོང་།  འོ་མ།  སྦྲང་རྩི།  སྲན་མའི་རིགས།  སྔོ་ཚོད་གསར་བ། སིལ་ཏོག་སོགས་མང་པོ་ཟ་དགོས། 

གསུམ།  སེམས་ཤུགས་འདང་པོ་གསོ་དགོས། 

མིའི་སེམས་ཁམས་ཀྱི་འགུལ་སྐྱོད་དེ་གནམ་གཤིས་ཀྱི་འགྱུར་ལྡོག་དང་

བསྟུན་དགོས། མིའི་ལུས་ཕུང་ལ་དུས་ཚིགས་ཀྱི་ཤུགས་རྐྱེན་ཆེ་ཤོས་ཐེབས་པའི་

སྐབས་ནི་བར་བརྒལ་དུས་ཚིགས་ཡིན་པ་སྤྱི་དང་། ལྷག་པར་དུ་དགུན་དཔྱིད་ཀྱི་

བར་མཚམས་དེ་ཡིན།མི་ལ་ལ་དཔྱིད་ཀའི་གནམ་གཤིས་ཀྱི་འགྱུར་ལྡོག་དང་

མཐུན་དཀའ་བས་སྨྱོ་ནད་འབྱུང་སླ་བ་རེད།དེང་རབས་ཀྱི་གསོ་བ་རིག་པའི་

ཞིབ་འཇུག་ལས་ང་ཚོར་གསལ་བོར་བསྟན་དོན།སེམས་ཁམས་མི་ལེགས་པ་ལས་

མཆིན་རླུང་འཁྱིལ་ཏེ། དབང་རྩའི་གསང་རྒྱུད་ཟགས་གཤེར་མ་ལག་གི་ནུས་པ་

འཁྲུག་པ་དང་། རིམས་འགོག་ནུས་པ་ཇེ་ཞན་དུ་འགྱུར་བས།སྨྱོ་ནད་དང་མཆིན་ནད། ཀླད་པའི་ཁྲག་རྩའི་ནད།འགོ་བའི་རང་བཞིན་གྱི་ནད་ཡམས་སོགས་འབྱུང་

སླ་བ་རེད།དེར་བརྟེན་དཔྱིད་ཀར་སེམས་ཁམས་སྐྱིད་པོ་ཞིག་བཟུང་ན་

མཆིན་རླུང་བདེ་མོར་རྒྱུ་ནས་ནད་འགོག་བདེ་སྲུང་གི་ནུས་པ་ཐོན་ཐུབ་པ་རེད། 

དཔྱིད་ཟླ་གསུམ་པ་ནི་སྐྱེ་དངོས་ཡོད་རྒུ་འབུས་པའི་དུས་ཚིགས་ཡིན་ཕྱིར། སྐབས་འདིར་ཁོང་ཁྲོ་ལང་མི་རུང་བའི་ཁར།  ཡིད་ཀྱང་མི་མུག་པར་ཁོག་རྒྱ་ཡངས་ཤིང་སྤྲོ་བས་ཁེངས་དགོས་པ་དང་། ལུས་པོ་བག་གཡེང་དང་སྤྲོ་སེམས་ཀྱིས་ཁེངས་པར་བྱས་ན་འཚོ་སྟོབས་ཡོངས་སུ་

རྒྱས་སྲིད།

བཞི། འགུལ་སྐྱོད་སྐོར་གྱི་གསོ་སྐྱོང་།

དཔྱིད་ཚེས་རྗེས་ཀྱི་མཁའ་དབུགས་རྒྱས་པའི་ཁྱད་ཆོས་དང་མཐུན་དུ་འཇུག་ཆེད། མཁའ་དབུགས་དྭངས་པའི་རང་བྱུང་ཁམས་ཆེན་མོར་སོང་ནས་རྒྱུག་པ་དང་

དྲག་རྩལ་སྦྱོང་བ། འཆམ་འཆམ་དུ་འགྲོ་བ། ལྒང་ལི་རྩེ་བ། ཤོག་བྱ་གཏོང་བ་སོགས་ཀྱི་འགུལ་སྐྱོད་དང་སྦྱོང་བརྡར་བྱས་ཏེ། སྐྱེ་ལྡན་ཕུང་པོར་རྙིང་དོར་གསར་ལེན་བྱེད་དུ་འཇུག་པ་དང་། རྒྱུས་པ་གསོ་ཞིང་རྩ་དཀར་བསང་པོར་བཏང་སྟེ། ལོ་ཧྲིལ་བོའི་བྱ་བ་དང་སློབ་སྦྱོང་ལ་རྨང་གཞི་ལེགས་པོ་འདིང་དགོས། དཔྱིད་ཀའི་དུས་སུ་རྒྱུན་པར་སྦྱོང་བརྡར་བྱེད་མཁན་ལ་ནད་ཡམས་འགོག་པ་དང་

རིག་ལམ་སྐྱེན་པོ།ངལ་དུབ་མི་འབྱུང་བ།དོན་སྒྲུབ་ལས་ཆོད་མཐོ་བ་བཅས་ཀྱི་

ནུས་པ་འཛོམས་པ་ལག་ལེན་དངོས་ལས་ར་སྤྲོད་བྱུང་ཡོད།  

ལྔ། དྲོད་བསྲུངས་ནས་ནད་འགོག་པའི་སྐོར། 

དཔྱིད་ཚེས་རྗེས་ནམ་ཟླ་ཇེ་དྲོར་ཡོང་བ་དང་ནད་རིགས་འབྱུང་བའི་འབུ་ཕྲ་དང་

ནད་དུག་སོགས་དེ་དང་བསྟུན་ནས་གསོ་སྤེལ་བྱུང་བས། ཆམ་རིམས་དང་སིབ་བུ། ཀླད་རྒྱུངས་སྐྱི་མོའི་གཉན་ཚད་ཀྱི་ནད་ཡམས། ཚ་རིམས་དམར་སྐྱ། གློ་བའི་གཉན་ཚད་སོགས་འགོ་ནད་འབྱུང་སླ་བ་རེད། “དཔྱིད་ཀར་མི་འཁྱག་པ་དང་སྟོན་ཁར་མི་དྲོས་པ་བྱེད་རྒྱུ་”ནི་གནམ་གཤིས་དང་བསྟུན་པའི་ལུས་གསོ་བདེ་སྲུང་ཉམས་མྱོང་ཡིན། རྒྱུ་མཚན་ནི་དཔྱིད་དུས་སུ་ནམ་ཟླར་འགྱུར་ལྡོག་ཆེ་བས།  སྐབས་འགར་འཁྱག་ལ་སྐབས་འགར་དྲོ་བ་དང་། དེའི་ཁར་དགུན་ཁར་མི་རྣམས་ཀྱིས་གྱོན་པ་མཐུག་པོ་གོན་ཡོད་པའི་རྐྱེན་གྱིས་

རྙིང་ཚབ་གསར་བྱེད་ཀྱི་ནུས་པ་ཇེ་ཞན་དུ་གྱུར་ཏེ།ལུས་ཀྱི་དྲོད་གྲང་མགྱོགས་མྱུར་

ངང་སྙོམས་སྒྲིག་བྱེད་དཀའ་བ་རེད།གལ་ཏེ་གྱོན་པ་སྲབ་ན་ནད་ཡམས་འགོ་བས་

ལུས་ཁམས་བདེ་ཐང་ལ་གནོད་པ་བསྐྱལ་ངེས། ཁྲག་ཤེད་མཐོ་བའི་ནད་དང་སྙིང་ནད་བྱུང་ཡོད་པའི་དར་མ་དང་བགྲེས་པོས་

གྲང་འགོག་དྲོད་སྲུང་ལ་དེ་བས་མཐོང་ཆེན་བྱས་ནས་གྲིབ་ནད་དང་སྙིང་རྩ་

འགག་པ་སོགས་ཀྱི་ནད་འབྱུང་བ་སྔོན་འགོག་བྱེད་དགོས། 

གཞན་ཡང་སོས་ཀའི་དུས་སུ་སྣ་བརྒྱའི་མེ་ཏོག་ཕན་ཚུན་འགྲན་པ་བཞིན་དུ་

ལྷུག་ལྷུག་བཞད་དེ།མེ་ཏོག་གི་རྡུལ་ག་ས་གང་དུ་མཆེད་པས་ཚོར་ལྷག་ལོག་པའི་

དབུགས་འཚང་ནད་འབྱུང་སླ།དེ་སྔོན་འགོག་བྱེད་པའི་ཐབས་མཆོག་ནི་ལུས་ཕུང་

སྦྱོང་བརྡར་རྒྱུན་འཁྱོངས་བྱས་ཏེ།སྐྱེ་ལྡན་ཕུང་པོའི་ནད་འགོག་ནུས་ཤུགས་

ཇེ་མཐོར་གཏོང་དགོས་པ་དང་གཅིག གཙང་སྦྲར་དོ་སྣང་བྱེད་དགོས་པ་དང་། ནད་འབུ་གནོད་འཚེ་སེལ་ཐབས་བྱས་ནས་ནད་ཡམས་འབྱུང་ཁུངས་གཏན་

འགོག་བྱེད་དགོས་པ་དང་།སྒེའུ་ཁུང་ཕྱེ་ནས་ཁང་བའི་མཁའ་དབུགས་

བརྗེ་དགོས་པ་དང་གཉིས་སོ། ། 

ལོ་ཙཱ་བ། འབྲུག་མོ།

མཚོསྔོན་བོད་སྐད་རྒྱང་སྒྲོག་བརྙིན་འཕྲིན་དྲྭ་ཚིགས་ལས་དྲངས།

 
 
Re:སོས་ཀའི་དུས་སུ་ལུས་ཟུངས་གསོ།   ༼   འོས་སྦྱོར།  ༽
[ 2012/3/22 18:32:30 | By: khyung ]
 
khyungབདེ་སྲུང་གི་ངོ་སྤྲོ་བཟང་པོ་ཞིག་གནང་འདུག བཀྲ་ཤིས་བདེ་ལེགས་ཞུ།
 
 
Re:སོས་ཀའི་དུས་སུ་ལུས་ཟུངས་གསོ།   ༼   འོས་སྦྱོར།  ༽
[ 2012/2/18 13:16:07 | By: jiuxie(སྐུ་མགྲོན) ]
 
jiuxie(སྐུ་མགྲོན)ལྟ་ཀློག་གི་རིན་ཐང་ལྡན་པར་སྙམ། མགོ་ལོག་པ་འཇིགས་བྱེད་ཚེ་རིང་གིས།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.