དགའ་རོགས་དུས་ཆེན་ཉིན་མོ།
ལུས་ཟུང་བདུན་པོ་དར་ནས་རྒྱས་བཞིན་པའི་ཕོ་གཞོན་མོ་གཞོན་དེ་ཚོས་ཟེར་ན་
སྤྱི་ཟླ་༢པའི་ཚེས་༡༤ཉིན་ནི་དགའ་རོགས་དུས་ཆེན་རེད་ཟེར། ཁོ་ཚོས་ཟེར་ན་ཉིན་འདི་རིང་སོ་སོ་དགའ་ཤོས་སུ་གྱུར་བའི་སྙིང་སྡུག་
དེའི་མཉམ་དུ་བསྡད་ནས་ནམ་རྒྱུན་བཤད་མ་ཕོད་པའི་
སྐད་ཆ་དག་མ་གསང་ལྷུག་པོར་ཤོད་བཞིན་རང་ཉིད་ཀྱི་དགའ་ཤོས་སུ་
འདམས་པའི་ལག་རྟགས་སམ་ཅ་དངོས་རེ་སྤྲོ་རེས་བྱེད་དགོས་ཟེར།
དེའང་ཡིན་གྱི་རེད། རྒྱུ་མཚན་ནི་མི་སུ་ཡིན་ཡང་སོ་སོ་ལ་དགའ་བའི་མི་བུ་རེ་ཡོད་ལ། བརྩེ་བ་དང་། དུངས་བ། ཞེན་པ། མེད་པ་ནི་གཅིག་ཀྱང་མེད་ངེས་སྙམ། ངས་དེ་རིང་འདི་ནས་
སེམས་ནང་གི་གངས་ལྷ་མེ་ཏོག་གམ་ང་རང་དགའ་མྱོང་སའི་བོད་མོ་དག་ལ།
ལས་དབང་ཐང་རླུང་རྟ་དར་ཞིང་།
རྒྱུ་དཔལ་འབྱོར་ཕུན་སུམ་ཚོགས་ཤིང་།
ལུས་གཟུགས་གཞི་ན་ནད་བྲལ་ཞིང་།
དྲིན་ཕ་མའི་སྐུ་ཚེ་བརྟན་ཞིང་།
ལས་བྱ་བ་ལྷུན་གྱིས་གྲུབ་ཅིང་།
རིགས་བུ་ཚ་འཕེལ་ཞིང་རྒྱས་པ།
རོགས་ཕན་ཚུན་བརྩེ་དུངས་ཟབ་པ།
དགའ་སྐྱིད་འབུམ་ལྡན་གྱི་ཁྱིམ་གཞིས་ཤིག་འཛུགས་ཐུབ་པའི་
རེ་སྨོན་ཡང་ནས་ཡང་ཞུའོ། །
གསལ་བཤད། དོ་དམ་པ་ལགས་ཞུ་རྒྱུར་གལ་སྲིད་གོང་དུ་སྤེལ་བའི་ཟིན་ཐོ་
དྲྭ་བའི་ནང་དོན་དང་མཐུན་མི་འདུག་ན་བསུབ་ན་ཆོག།