སེམས་ནང་གི་གངས་དཀར་ལྷ་མོ།
བུ་མོ། r z དེ་ལ་བྲིས།
དེ་སྔོན་ངེད་གཉིས་ངོ་ཤེས་པ་ཙམ་མ་གཏོགས་དོན་གཞན་གྱི་དམིགས་ཡུལ་ཞིག་ངས་གཏན་ནས་དྲན་མ་མྱོང་ལ།
ཁྱོད་ཀྱིས་དེ་བས་ཀྱང་ག་ལ་དྲན་སྲིད། འོན་ཏེ། ལས་དབང་དང་དགའ་ཞེན་ཞེས་པ་དེ་ཇི་འདྲའི་ཤུགས་ཆེན་ཞིག་རེད་ཨང་།
ང་རང་སློབ་ཆེན་ནས་མ་ཐོན་གོང་ཉིན་ཞིག་སྤུན་ཟླ་ཞིག་གི་ཁྱིམ་ནང་ཉིན་གུང་ཟ་མ་བཟའ་རུ་འགྲོ་དུས་ཁོ་ཚོའི་ནང་གི་བུ་མོ་ཆུང་ཆུང་དེ་
་དང་མཉམ་དུ་ཕ་ཡུལ་གྱི་དུས་སྟོན་ཞིག་གི་འོད་སྡེར་ལ་བལྟ་ཞོར་ངས་རྩེད་མོའི་ཞོར་དུ་གཞས་པ་གཞས་མ་དང་། ཞབས་བྲོ་པ་དག་ལ་དཔྱད་བརྗོད་རེ་བྱེད་སྐབས། མོས་གློ་བུར་དུ་ཁྱོད་བུ་མོ༝༝༝༝དགའ་འམ་ཞེས་འདི་ལྟ་བུའི་དྲི་བ་ཡ་མཚན་ཞིག་བཏོན། དྲི་བ་འདོན་མཁན་གྱི་བུ་མོ་དེ་ནི་ཕོ་མོའི་བར་གྱི་བརྩེ་དུང་ཞེས་པ་ཇི་འདྲ་ཡིན་པ་མི་ཤེས་པའི་དྭངས་གཙང་ལྷད་མེད་
ཀྱི་བྱིས་པ་ཞིག་ལས་མ་རེད་དེ། འདིས་གློ་བུར་གྱི་དྲི་བ་ལ་ངས་འདང་རེ་རྒྱབ་བཞིན་ལམ་སང་ལན་འདེབ་མ་ཐུབ་ནས་རེ་ཞིག་ཧོན་ཐོར་ནས་ལུས།
དེ་ནས་ངའི་བསམ་བློའི་ཁ་ཕྱོགས་ནི་རིམ་བཞིན་ཁྱོད་ཀྱི་ཐོག་ལ་ཉིན་རེ་ནས་ཉིན་རེར་འཁོར་ཡང་སུ་གཅིག་ལ་བརྗོད་མ་ནུས་ནས་བཏང་
སྙོམས་སུ་བཞག རྒྱུ་མཚན་ནི་གུས་པའི་སློབ་ཐོན་ཡིག་རྒྱུགས་དང་།
གཞུང་ཞབས་པའི་ཡིག་རྒྱུགས་གཉིས་ཀྱི་གཉའ་ནས་ཤུགས་ཆེར་གནོན་པས་སོ། མ་གཞི་ང་རང་གིས་སློབ་ཆེན་གྱི་སྒོ་ཐེམས་འབྱོར་བའི་ཉིན་དང་པོ་ནས་བཟུང་དམ་བཅའ་འདི་ལྟ་བུ་ཞིག་བཞག་སྟེ། རང་ཉིད་སློབ་ཆེན་གྱི་སྒོ་ནས་མར་ཐོན་སྐབས་ལས་ཀ་འདི་དང་ལས་གནས་འདི་ལྟ་བུ་ཞིག་མ་རྙེད་བར་དུ་བྱ་བ་གཞན་ལ་མགོ་བོ་
མི་འཁོར་བའི་དམ་བཅའ་བརྟན་པོ་བཞག་ལ་དོན་དངོས་ཐོག་དམ་བཅའ་དེ་ཡང་མངོན་གྱུར་བྱུང་སོང་།
རང་ཉིད་ཀྱིས་ཤེས་བྱ་ལ་སྡུག་རུས་ཀྱི་འབད་བརྩོན་བྱས་པའི་འབྲས་བུ་དང་།
ལས། དབང་ཐང་། ཀླུང་རྟ་སོགས་དར་བའི་དན་རྟགས་སུ་སློབ་ཐོན་ཡིག་རྒྱུགས་དང་། གཞུང་ཞབས་པའི་ཡིག་རྒྱུགས་གཉིས་ཀྱང་
གཡུར་ཟའི་གྲུབ་འབྲས་ཐོབ་ནས་རང་ཡུལ་དུ་ལས་བགོས་བྱས། དེ་ན་ཁྱོད་དང་དངོས་སུ་ཐུག་ཕྲད་འབྱུང་བའི་དུས་ཚོད་ནི་རིམ་
བཞིན་ཇེ་མང་དུ་ཕྱིན་ནས་ཁྱོད་ཀྱིས་བྱ་སྤྱོད་དང་གནས་ཚུལ་དག་བློས་ཐུབ་ཀྱི་ཤེས་གྲོགས་ཤིག་གིས་རེ་རེ་བཞིན་ཁ་པར་གྱི་ལམ་ནས་
འགྲེལ་བཤད་ཐོག་མར་གནང་ལ་ངེད་གཉིས་ཀྱི་མི་ཤིས་དང་ཀུན་སྤྱོད་ཧ་ཅང་གི་མཐུན་འདུག་ཟེར་བཞིན་ངེད་གཉིས་མཉམ་དུ་
སྐྱིད་ལ་ཁའི་རྩ་ལ་མཉམ་བཟའ་དང་།སྡུག་སྔོན་མོའི་ཆུ་ལ་མཉམ་འཐུང་ཞེས་པའི་དཔེ་ལྟར་འཚོ་བ་སྐྱེལ་་རྒྱུ་རེད་ན་ལེགས་པོ་ཡོད་ཚུལ་
སོགས་མང་པོ་བཤད་བྱུང་ལ། རང་ཡུལ་དུ་གནས་པའི་སྤུན་གྲོགས་མང་པོས་ཀྱང་འདི་ལྟར་ཟེར་གིན །
ཡིན་ཡང་ངས་ལམ་སང་ཁས་ལེན་བྱེད་མ་ཕོད།
རྒྱུ་མཚན་ནི་ངས་ཁྱོད་ཀྱིས་བསམ་ཚུལ་གང་འདྲ་ཡིན་པ་མ་རྟོགས་ལ་ཁྱོད་ཀྱི་ཕ་མ་གཉིས་ལ་བརྩི་བཀུར་དང་མཐོང་ཆེན་ཡོད་པས་སོ།
ང་རང་གིས་ཟླ་ཤས་རིང་བལྟ་དཔྱད་བྱས་པ་བརྒྱུད་ཁྱོད་ལ་འདི་ལྟ་བུའི་སྐྱོན་ཆེན་པོ་འདུག་སྙམ་པའི་ཚོར་བ་མ་བྱུང་ལ་
ཁྱོད་དང་གླེང་མོལ་བྱེད་བསམ་པའི་འདུན་པ་ཤིན་ཏུ་ནས་ཆེའོ། དེ་ནས་ངེད་གཉིས་ཁ་པར་གྱི་ལམ་ནས་ཕྲིན་ཐུང་རེ་བསྐུལ་རེས་བྱ་དུས་ཁྱོད་ཀྱིས་བཤད་པའི་སྐད་ཆ་དག་ལ་ཨ་གསར་གྱི་ལྷད་མ་འདྲེས་པ་
བདེན་པ་བདེན་ཐུབ་དང་། ཁ་གསལ་བ། རང་ཚུགས་བརྟན་པོ། བསམ་བློའི་སྐུལ་སློང་ལེགས་པ་སོགས་ཀྱི་ཁྱད་ཆོས་ལྡན་པས་
ང་རང་སྔར་བས་ཀྱང་ཁྱོད་ལ་དགའ་ཞིང་ཁྱོད་ལ་དུངས། ཁྱོད་ཀྱིས་ང་ལ་བཤད་པའི་བསམ་ཆར་དང་རེ་བ་དག་ལ་
སེམས་གཏིང་ལ་འཛིན་ཡོད་ལ། ཁྱོད་ཀྱིས་ཀྱང་ངས་བཤད་པའི་སྐད་ཆ་དང་བསམ་ཚུལ་དག་ལ་བསམ་གཞིགས་ལེགས་
པོ་བྱེད་རྒྱུའི་རེ་བ་དང་ཡིད་ཆེས་ཡོད། ཁྱོད་ཀྱི་ཤེས་གསལ་ལྟར་ང་ནི་མི་ཁ་ཤས་དང་འདྲ་བའི་གཟུགས་བྱད་དང་རྫིག་ཉམ་མེད་ལ་
རྒྱུ་འབྱོར་བ་མེད། ཐོབ་དབང་ཆ་སོགས་དེ་བས་མེད། རེད་དེ་ངེད་གཉིས་དོན་ངོ་མ་གཅིག་སེམས་གཅིག་ལ་མཐུན་སོང་ན།
ང་རང་ཉིད་ལ་ལྷན་སྐྱེས་སུ་གནས་པའི་འགྱུར་མེད་ཀྱི་བརྩེ་སེམས་དང་ལྷད་མེད་ཀྱི་དུངས་སེམས་དེ་ཁྱོད་ལ་སྤྲོད་ངེས་ཡིན། །
༢༠༡༡ལོའི་ཟླ༥ཚེས༢༢ ཉིན་དྲྭ་ཁང་དུ་ཤར་མར་བྲིས། །