ཁྱུང་ཡུལ་ཁུལ་ཀྱི་དམངས་ཁྲོད་གཏམ་དཔེ་འགའ། །
སེམས་རྒྱ་ཆེ་ན་དོན་རྒྱ་ཆེ།
དཔོན་དང་འདྲ་བའི་གཏམ་ཡོད་ཀྱང་དཔོན་དང་འདྲ་བའི་དབང་ཆ་མེད།
ཞིང་དང་མི་ལ་སྐྱེ་ས་དགོས། སྐྱེ་སའི་ནང་ནས་སྐྱེས་ཁུངས་དགོས།
ནམ་དུས་དབྱར་ཁ་བསམ་བློ་དགུན་ཁ།
སྐྱེས་དོན་མེད་པའི་ཤིང་ལ་འབབ་དོན་མེད་པའི་བྱ།
དར་ར་བླུད་པའི་ངོ་སོ་མེད་པར་སྐྱུར་དུག་ཕོག་པའི་ཡ་ལ།
ནམ་རྒྱུན་མཆོད་པ་མི་འབུལ། འུ་ཐུག་ལྷ་འབོད་ཀླུ་འབོད།
མི་ལ་དབང་དགོས་དབང་ལ་ཚོད་དགོས།
མཛུབ་མོ་ལྔ་རང་དང་མཛུབ་མོ་ལྔ་གཞན།
མི་གོ་བ་ཅན་ལ་ཚིག་གཅིག རྟ་གོམ་འགྲོས་ཅན་ལ་ལྕག་གཅིག
མཁས་པ་མི་ཡི་རྒྱན་རེད། རྨ་བྱ་ནགས་ཀྱི་རྒྱན་རེད།
རི་རབ་རྒྱ་མཚོ་དཔོན་ཆེན་གསུམ། གཏན་དུ་གཡོ་འགུལ་མེད་ན་དགའ།
ཁྱི་བདག་པོས་བཀག་རྒྱུ་མགྲོན་པོས།
རྒྱལ་པོས་གནམ་མི་རིག་ལེའི། སྤྲང་པོས་ཁྱི་མི་རིག་ལེའི།
ཁྱི་ཁོག་ཟེར་དུས་བ་ཡི་རྣ་ཅོག་བཟུང་།
རྐུན་མ་ནང་ལ་བཞག། སྒོ་ལྕགས་ཕྱི་ལ་རྒྱབ།
བརྒྱ་ཡར་འགྲོ། སྟོང་མར་ཡོང་།
མགོ་ནག་མི་ལ་ཁྲི་སྐོར། འདོ་བ་རྟ་ལ་སྟོང་སྐོར།
འཁོར་བ་པ་ལ་ཁོམ་དུས་མེད། ཁ་མིག་ཡར་བལྟ། བྱ་མིག་ཡར་འགེབས།
མེད་པོ་གཅེར་བུ་རྒྱབ་སྤྲོད།
གཡུ་གཡུ་ངོ་མ་ཤེས་གཡུ་བསྡུར།
གོ་བ་ཅན་གྱི་མི། ཡལ་ག་ཅན་གྱི་ཤིང་།
མི་སྐྱོན་མེད་དེ་དཀོན། ཤིང་འཛེར་མེད་དེ་དཀོན།
ལ་དགུ་མཐུར་བཅུ།
བུ་ཕ་བསྟོད་མི་དགོས་དགྲས་བསྟོད། བུ་མོ་མ་བསྟོད་མི་དགོས་གནས་བསྟོད།
མི་སེམས་སྟོང་པ་རྒྱུ་ཡིས་གང་རྒྱུ་མེད། རི་སྤྱང་སྔོན་མོ་ཤ་ཡིས་རྒྱགས་རྒྱུ་མེད།
གྲོ་ལི་མ་ལ་འགྲོས་ཡོད་ན། ཨ་ཆེན་ཐང་ལ་རྒྱུགས་ལོང་།
མི་ལ་བལྟ་བྱེད་ཤེལ་མིག རང་ལ་བལྟ་བྱེད་ཤེལ་སྒོ
སྐ་མོ་མ་དེ་མ་ཟོས་ན། མངར་མོ་མ་དེ་ཚོར་ལེ་མིན།
མགོ་ཞ་དཔེ་མེད་པ་རྐང་ལྷམ་དཔེ།
ལས་ཚད་ལྡན། ལུས་དྲང་པོ།
བློ་བདེན་པ་ལྷ་ཆོས་ལ་ཕུགས་གཏད། རྐུ་མ་རབས་རྫུན་གཏམ་ལ་རྡོག་གཏད།
སྔར་གྱོད་གངས་ཏི་སེ། ཕྱིས་གྱོད་སྔོ་རྩི་དམར།
གསེར་སྐུ་ཕྱག་སྣ་རྡོར་རྗེ་ལ། བསེ་རག་ནག་པོས་མཐོ་འཇལ།
བཀྲ་ཤིས་པའི་གསས་མཁར་བཞེངས་ས་ལ། དོན་མི་འགྲུབ་པའི་རམ་པའི་རབ་གནས།
རྔ་མོང་བོང་སྐེ་ཅི་རིང་ན། ཉིན་སྲིབ་གཉིས་ཀྱི་རྩྭ་མི་རག
གྲུམ་པ་སུག་ལག་ཅི་ཐུང་ན། ཨོག་གེ་འོག་གི་རྩྭ་མི་འཆོར།
ཕོ་བཙན་པོས་བཙན་ཚོད་མ་ཟིན་ན།བཙན་བྲག་དམར་ཐོག་གིས་གཏོར་རབས་ཡོད།
གཉོམ་ཆུང་འདུག་ལུགས་ཤེས་ན། བཙན་པོས་ཅི་བྱེད་མེད།
གྱོད་གཞི་དེ་མ་ཆེ་དགོས། ཁང་གཞི་དེ་མ་ཆུང་དགོས།
མི་ཐུབ་བྱེད་དཔའ་མེད་དེ། རང་ཐུབ་བྱེད་སྤྲོ་ཐུང།
རི་བརྒྱ་གནམ་འོག ཆུ་བརྒྱ་ཟམ་འོག
རྒྱུ་རྒྱུ་མལ་ཚུད་ན། སེམས་སེམས་མལ།
རྒྱུ་རྒྱུ་མལ་མ་ཚུད་ན། སེམས་སེམས་མལ་ཚུད་པ་དགོས།
མི་རྒས་ན་ཕ་ཡུལ་དྲན། བྱ་རྒས་ན་ཤིང་ཡུལ་དྲན།
མ་ཤི་ནད་ལ་ཅི་ཕན། ཤི་ན་ཐར་པ་ཅི་ཐོབ།
མགོ་བཏགས་སའི་དཔོན་མ་རྙེད་ན། སྐེ་བཏགས་སའི་ཕུར་པ།
དབྱར་ཕ་མ་འདྲ་དེ་འཇམ་བཞིན་ཡོལ། དགུན་སྟག་མོ་འདྲ་དེ་ངར་བཞིན་ཡོང་།
སྐྱུར་མོ་ཟོས་པའི་ངོ་འདྲ་མི་བྱེད། མངར་མོ་ཟོས་པའི་ཁ་འདྲ་དགོས།
མི་ཆེན་དེ་རྒྱུ་ལ་དགའ། བྱ་ཆེན་དེ་ཤ་ལ་དགའ།
ཧ་ཅང་དད་པ་མ་ཆེ་དགོས། ཟོབ་པོ་ཞིག་ལ་ཐུག་རབས་ཡོད།
ཧ་ཅང་དད་པ་མ་ཆུང་དགོས། སངས་རྒྱས་ཞིག་དང་ཐུག་རབས་ཡོད།
མགོ་བླ་མས་བརྡུང་ན་བྱིན་རླབས་མེད། དམའ་ཉེ་ཡས་ཕབ་ན་ཡོན་ཏན་མེད།
ལྷ་མང་ས་ལ་འདྲེ་རྒོད།
ངུ་མཁས་མ་ཅི་མཁས་ན། བགད་པའི་མདོག་མེད།
རྒྱལ་པོ་གསེར་ཁྲིའི་ཁར། སྤྱན་མིག་ཟངས་དཀར་ནང།
སྔ་ཉི་མ་ལོག་ས། ཕྱི་ལོག་ཆར་འབབ་ས།
བུ་ཁྲ་ཕྲུག་བྱེད་སྐྱེད་འདོ་ཕྲུག སྨན་གར་མ་བྱེད་སྐྱེད་འོ་མ།
ལུང་པའི་ཕུ་ཐག་རིང་ཐུང་དེ། མདའ་ཡི་གཙང་ཆབ་སྔོན་མོར་ལྟོས།
ཤ་ཚོན་ལེ་དབྱར་གྱི་སྐུ་དྲིན། ཐུད་སྣུམ་ལེ་མར་གྱི་སྐུ་དྲིན།
བཀའ་དྲིན་ལ་ངོ་ཤེས། སྐུ་དྲིན་ལ་དོན་རྟོགས།
བཀའ་དྲིན་ལ་བསམ་ཤེས་མེད་པར། དྲིན་ལན་ལ་ལོག་འཇལ།
བཟང་ལན་ངན་འཇལ། ཇ་ལན་ཆུ་འཇལ།
ཁབ་ཀྱིས་འཕིཊ་ཁར་སྐུད་པས་འཕིཊ། དཔོན་གྱིས་གསུངས་ཁར་གཡོག་གིས་བཤད།
ཤ་མཉམ་བཙོས་ཤ་ཁུ་ཁ་ཁར།
ཕོ་དམ་པ་ཆང་གིས་བཟི་ན། དོན་དམ་པ་ཆང་གིས་མི་བཟི།
དཀའ་མོ་སྔོན། བདེ་མོ་རྗེས།
སྐྱིད་ལ་ཁའི་རྩྭ་དེ་མཉམ་ཟ། སྡུག་སྔོན་མོའི་ཆུ་དེ་མཉམ་འཐུང་།
དགའ་ན་བགད་ས། སྡུག་ན་ངུ་ས།
གྱོད་ལ་དགེ་མེད་དེ། འགྲིག་ན་དགེ། བུ་ལོན་ལ་དགེ་མེད་དེ། སོད་ན་དགེ།
ཚིག་རྩ་བ་མེད་ན་བཤད་དཀའ། བ་ནུ་མ་མེད་ན་བཞོ་དཀའ།
མ་བཤད་བར་དུ་མི་གྲོལ། མ་བརྩད་བར་དུ་མི་མཐུན།
སྐྱིད་ན་མགོ་འཕང་མ་མཐོ་དགོས སྡུག་ན་སེམས་འཕང་མ་དམའ་དགོས།
རྒྱུ་ནོར་འདི་ལ་རྟག་པ་མེད། སྔ་དྲོ་ཡོད་ཀྱང་ཕྱི་དྲོ་མེད།
རང་ལུས་ཕུང་པོ་འདི་ལ་རྟག་པ་མེད། སངས་རྒྱས་ཆོས་རྒྱལ་མདུན་ནས་གཡར་པོ་མེད།
ཚིག་གསུམ་ཚིག་ཞིག་མ་བརྫས་ན། དྲིན་ཅན་ཕ་མ་ཡིན་ན་ཡིད་མི་གྲོལ།
གོམ་གསུམ་གོམ་པ་མ་སྤོས་ན། སྒོ་ཐེམ་སྐྱ་མོ་ཡིན་ཡང་ལ་མི་ཕོག།
གཏམ་དེ་གཞིགས་གུ་མ་བཏང་ན་། གྱོད་ཀྱི་གཞི་དེ་དེ་ན་ཡོད།
ཟས་དེ་འཆའ་ཐོ་མ་རྒྱབ་ན། ནད་ཀྱི་གཞི་དེ་དེ་ན་ཡོད།
རྟ་ག་ལེར་བརྒྱུགས་ན་མགྱོགས་དར་ལོན། གཏམ་ག་ལེར་བཏོན་ན་རྒྱལ་ཁ་ལོན།
སྤྲིན་སྐྱོགས་མགོ་ཙམ་ཞིག་མེད་ས་ལ། ཐོག་བོང་ཆེན་ཙམ་ཞིག་ས་ལ་ལྷུང་།
རོ་མ་མཐོང་གོང་ནས་ངུ་འབོད་བྱེད། གྱོང་མ་འདྲིལ་གོང་ནས་ཐལ་འཚུབ་བྱེད།ཕྱི་དགྲ་ཨ་སྔོན་ཆར་པ། ནང་དགྲ་ཁང་རྒན་ཐིག་པ།
དཔོན་ལ་སྐུ་ཁམས་བཟང་དགོས། བཞུགས་ས་ས་ཐག་རིང་དགོས།
མཐོ་དམའ་གནམ་དང་ས། བཙན་གཉོམ་ཁྲ་དང་བྱིའུ།
རྟ་མལ་སྲབ་འཕེན། ཁལ་མལ་སྒ་འཕེན།
ཆུང་ཆུང་བློས་ཀྱིས་མི་ཐོང་། ཆེན་པོ་གར་སོང་མི་རིག།
ལམ་ཉེ་ཡ་གཉིས་དེ་རྒྱང་སྲུང་དགོས།
མི་བརྒྱ་ངོ་ཤེས་པ་ལས། མི་གཅིག་མྱིང་ཤེས་པ་དགའ།
མི་ངན་དེ་བཟུང་མི་ཐུབ། ཁྱི་ངན་དེ་བཀག་མི་ཐུབ།
ཟོ་ཟོ། མ་མྱིད་མ་མྱིད།
མགོ་མ་ན་ས་ཐག་པས་མ་བསྡམ།
ལུས་ལ་ན་ཚ་མེད་ན། ཁྱི་རྔ་རྡོག་བརྫིས་མ་བྱེད།
སེམས་ལ་སྡུག་བསྔལ་མེད་ན། བུན་ལོན་བར་འདུག་མ་བྱེད།
ཚོང་ཕོག་ན་སྙིང་སྒྲ་རྡིག་གེར། ཚོང་མ་ཕོག་སྙིང་སྒྲ་རྡིག་གེར།
ཁ་ནད་ནག་པོའི་ཁོག་སྡུག་དེ། གངས་དཀར་སེམས་ཀྱིས་མི་ནོན་ལེ།
རྐང་ནད་རུས་པའི་གཟེར་ཟུག་དེ། ལྷུ་ཆེན་བཞི་ཡིས་མི་ཆགས་ལེ།
སྔ་གྱོད་གངས་ཏི་སེ། དེ་ཞུ་མ་ཐུབ་ལེ།
ཕྱི་གྱོད་སྔོ་རྩི་དམར། དེ་འཚར་མ་ཐུབ་ལེ།
གནམ་ཨ་སྔོན་ལ་ཐུག་དོག་མེད་དེ། སྒུར་སྒུར་ངང་ནས་འགྲོ།
ས་དོག་མོ་ལ་རྡིབ་དོག་མེད་དེ། ཡང་ཡང་ངང་ནས་འགྲོ།
རྫོ་རྒྱུ་གཏམ་རྒྱུ་མེད་དགོས། ཟ་རྒྱུ་འཐུང་རྒྱུ་ཡོད་ད
མི་འདི་ལ་མི་རེ། ལམ་འདི་ལ་མི་ཞུགས།
སྐྱ་མི་རྐང་ཐང་ལ་མི་རེ། རྐང་ཐང་སྐྱ་མི་ལ་མི་རེ།ང་ཚོ་གྲམ་མཁར་བཞིན་དུ་ཆགས། ཁྱོད་ཚོ་ཡུལ་ཆུ་བཞིན་དུ་འབབས།
ཨབ་ཁུང་སྒོ་ཁར་ཁ་བབས་ན། སྐུ་མཚམས་མ་བཞུགས་རང་བཞུགས་རེད།
གཏམ་མི་ལྕེ་དམར་མོ་མ་ཟད་ན། རྫོ་དགོས་པའི་གཏམ་ལ་ཟད་མཐའ་མེད།
སྐྱིད་དུས་མགོ་འཕང་མ་མཐོ། སྡུག་དུས་རང་སེམས་མ་ཞུམ།
དགའ་མ་ཐག་ཏུ་འཛུམ་མ་གཏོང་། ཁྲོ་མ་ཐག་ཏུ་བཞིན་མ་བསྡུ།
གྲོགས་ངན་པ་དུག་གི་སྡོང་པོ་རེད། གྲོཊ་བཟང་པོ་སྨན་གྱི་ལྗོན་པ་རེད།
གཞིགས་པ་སྔོན་ལ་བཏང་ན་མཁས་པ་རེད། འགྱོད་པ་རྗེས་ལ་སྐྱེས་ན་གླེན་པ་རེད།
ཁ་གཏམ་གཡུ་འབྲུག་སྐད་ལས་ཆེ། ལག་ལེན་ནམ་མཁའི་འཇའ་ལྟར་ཡལ།
བརྒྱ་ཐམ་པའི་གྲལ་མགོ་མ་སླེབས་ན།