ལྷ་གཡག་དར་མའི་ལྷས་ར།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
1234567
891011121314
15161718192021
22232425262728
293031
སྤྱི་བསྒྲགས།

རྙེད་པར་དཀའ་བ་དལ་འབྱོར་མི་ལུས་ཐོབ། །

སྐྱེས་པར་དཀའ་བ་གངས་རིའི་ལྗོངས་སུ་སྐྱེས། །

འཕྲད་པར་དཀའ་བ་གཡུང་དྲུང་བོན་བསྟན་འཕྲད།།

ཚེ་སྔོན་ལས་བཟང་བསཌ་པའི་འབྲས་བུ་ལགས།  



 

བཏགས་མིང་།  བསྟན་འཛིན་ཡེ་ཤེས།

ཞང་སྐད།  ཤེལ་ཞིན་ཧ་ར།

དྲྭ་མིང་། ལྷ་གཡག་དར་མ།

སྐྱེ་ཡུལ།  ཁྱུང་པོ་སྟེང་ཆེན།

གླེང་མོལ། 958233818

 ལག་ཐོག་ཁ་པར།

13659513796

 ཡིག་སྒྲོམ།

 dingqingdanzeng@163.com

ངས་རྩོམ་ཡིག་འབྲི་མི་ཤེས། འོན་ཀྱང་སེམས་ནང་གི་

དགའ་སྐྱོ་ཆགས་སྡང་དག་ཡིག་ཐོག་ཏུ་འཕབ་རྒྱུ་ངའི་གཤིས་ཀ་རུ་གྲུབ། 

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 127
  • དཔྱད་བརྗོད། 407
  • ཆེམས། 3
  • ཀློག་གྲངས། 45508


 
ཨ་མ་དྲན་པའི་གདུང་བ།
[ 2011/5/13 14:18:00 | By: ལྷ་གཡག་དར་མ། ]
 

 ༄༅།།  ཨ་མ་ལགས།   ངས་ཁྱེད་རང་དྲན། 

  ཨ་མ་ལགས། ཁྱེད་བདེ་མོ་ཡིན་ནམ།  དབྱར་ཟླ་གསུམ་གྱི་དགའ་བའི་འཛུམ་མདངས་དེ་རིམ་བཞིན་ཉམས་ནས་དགུན་རྒྱ་སྟག་འདྲ་བ་དལ་གྱིས་སླེབས་སོང་། 

དུས་ཚིགས་ཀྱི་ཁ་དོག་བརྗེས་ཤིང་བསིལ་རླུང་གི་རེག་བྱ་རྩུབ་མོས་ངས་ཁྱེད་ཀྱི་ཕྱག་ཟུང་དང་བརྩེ་སེམས་དྲོད་ཀྱིས་ཁེངས་པའི་ངོ་གདོང་ཡིད་ལ་ཝ་ལེར་དྲན།  

 ཨ་མ་ལགས། ཁྱེད་ཀྱི་བཅུ་དྲུག་གི་ལོང་ཚོ་ཡོད་ཚད་བུ་ཕྲུག་ང་རང་ཚོའི་ཆེད་དུ་ཉམས་སོང་བས་ཁྱེད་ལ་འདི་འདྲའི་གཏོང་ཕོད་ཀྱི་ལྷག་བསམ་དཀར་པོ་དང་།

 འགྱུར་མེད་ཀྱི་བསམ་པ་གཏན་པོ་དེ་སུས་སྦྱིན་པ་ཡིན་ནམ།   ཨ་མ་ལགས།  ང་ཁྱེད་རང་ཁ་བྲལ་ན་ཟླ་བ་ལྔ་ལྷག་ཙམ་འགྲོ་བཞིན་འདུག   ངས་ཁྱེད་རང་ཧ་ཅང་དྲན། 

ལྷག་པར་དུ་དུས་ཚོད་བཟང་པོ་ཐོ་རེངས་ཀྱི་དུས་ཤིག་ལ་ངའི་རྨི་ལམ་ནང་ཁྱེད་དང་ཕྲད་པ་རྨིས།ཁྱེད་ཀྱིས་ང་ལ་ངོ་གདོང་འཛུམ་གྱིས་བསུས་ཤིང་གསུངས་སྐད་འཇམ་པོས་ངའི་སྙིང་གི་གཅེསཕྲུག་ཟེར་ནས་

ང་ལ་ཤེས་ཡོན་དང་ལྡན་པའི་ཡ་རབས་ཚུལ་ལྡན་གྱི་མི་ཞིག་བྱེད་དགོས་པའི་རེ་བའམ་བཀའ་སློབ་མང་པོ་གནང་བྱུང་།  

ད་དུང་ཁྱེད་ཀྱིས་བུ་ཁྱོད་སློབ་གྲྭར་འགྲོ་བའི་སྐབས་འགྲོ་སོང་གཏོང་བྱེད་དུ་ཟེར་ནས་ཁྱེད་ཀྱིས་རྔུལ་ཆུའི་ཐིག་ཕྲེང་གི་བསགས་པའིཤོག་སྒོར་དང་ཅ་དངོས་མང་པོ་གནང་བྱུང་།   

དེ་ནས་རིམ་བཞིན་ངེད་མ་བུ་གཉིས་ཕན་ཚུན་སྙིང་གཏམ་གླེང་བཞིན་པའི་སྐབས་གློ་བུར་དུ་ཆུ་ཚོད་ཀྱི་སྐད་སྒྲ་སྒྲོག་ནས་གཉིད་ལས་སད། 

དེ་ནས་ཨ་མ་ཁྱེད་ཀྱི་གྲིབ་ནག་ཙམ་ཡང་མཐོང་རྒྱུ་མི་འདུག་པས་ངས་རྨི་ལམ་ཡིན་པ་གཞི་ནས་ཤེས། ངའི་སྔས་མགོ་མཆི་མས་བརླན་ཞིང་ཡ་ཆུང་སེམས་ཀྱི་གདིང་ཁོང་དུ་གློ་བུར་དུ་སྤྲིན་ནག་ཞིག་གིས་སྒྲིབས་སོང་། 

ལྷག་པར་དུ་ཁྱེད་ཀྱི་བརྩེ་སེམས་དྲོད་ཀྱིས་ཁེངས་པའི་ཞལ་རས་དེ་ཡིད་ལ་ཝ་ལེར་འཁོར་ཞིང་སེམས་པ་སྔར་ལས་སྐྱོ་བའི་ཚེ།

བསམ་བློ་བཞི་གསུམ་བཅུ་གཉིས་བཏང་མཐར་སེམས་ནང་གི་སྐྱོ་སྣང་དེ་སྙིང་སྟོབས་ལ་བསྒྱུར་ཞིང་མལ་ནས་ལངས་ཏེ་རིག་གཞུང་གི་ཐང་ཆེན་ནས་བརྩོན་འགྲུས་ཀྱི་རྟ་ཕོ་ལྕགས་ཀྱི་གྲབ་ནས་མདུན་བསྐྱོད་ཀྱི་ལམ་ལ་ཆས། 

རེད་འང་ཁ་སང་དེ་རིང་གི་ཁོར་ཡུག་ཁྲོད་ཕ་མ་ལ་སྡུག་བསྔལ་སྤྲད་མཁན་གྱི་བུ་ཕྲུག་མང་ལ། ན་ཟུག་བར་མེད་དུ་སྐྱེད་པའི་ནད་པ་ཡང་མང་། 

ཨ་མ་ལགས།  ང་ལ་འཆི་མེད་ཚེ་ཡི་རིལ་བུ་ཞིག་ཁྱེད་ལ་སྟེར་རྒྱུ་མེད་མོད། ངས་དཀོན་མཆོག་གསུམ་ལ་སྒོ་གསུམ་གུས་པ་ཆེན་པོས་གསོལ་བ་རྩེ་གཅིག་ཏུ་བཏབ་ནས་ཁྱེད་ཀྱི་ལུས་ལ་ན་ནད་དང་

སེམས་ལ་སྡུག་བསྔལ་མེད་པའི་རེ་བ་བཅོལ་བཞིན་མཆིས།  མ་ཟད་ཁྱེད་ཀྱི་བདག་ལ་བཅོལ་བའི་རེ་བ་སྟོང་ཟད་དུ་མི་གཏོང་ནས་ལྔ་རིག་གནས་ལ་ཉིན་མཚན་ལྟོས་མེད་ངང་ནས་ཁྱེད་ཀྱི་དྲིན་ལན་འཇལ་རྒྱུ་ནི་བུ་ངའི་ཆེས་ཕྲག་ཐོག་ཏུ་བབས་པའི་འོས་འགན་ཞིག་ཡིན། 

འབྲིང་རིམ་སློབ་གྲྭར་གྲང་ལྷག་གིས་བརྩེས་པའི་ཞོགས་པ་ཞིག་ལ། 

 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.