སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
༄༅།།རིས་མེད་མཁས་པའི་ཞལ་གདམས།།
[ 2011/5/13 15:11:00 | By: ལྷ་གཡག་དར་མ། ]
 

༄༅།།རིས་མེད་མཁས་པའི་ཞལ་གདམས།།

                               

རྩོམ་པ་པོ    ཤར་རྫ་བཀྲ་ཤིས་རྒྱལ་མཚན    

ཉེས་པ་ཀུན་གྱི་གཞི་མ་ལོངས་སྤྱོད་ནོར།   

 ཇི་ཙམ་འབྱོར་ཡང་འདོད་པ་ཕྱི་ཕྱིར་མང་། 

དགོས་དགུ་ཚང་ཡང་ད་དུང་ཆོག་ཤེས་མེད།། 

 ལོངས་སྤྱོད་སྡིག་ནོར་མ་བསཌ་སྙིང་གཏམ་ཡིན། 

 

བོན་དང་ཆོས་ལ་རིས་མ་ཆོད་པར།  

གང་ཡང་ཡང་དག་དོན་དུ་གཅིག་པས་ན། 

གང་ན་ཞུགས་ཀྱང་སངས་རྒྱས་བསྟན་པ་ལ།  

  ཐོས་ཆུང་བློ་ཡི་མ་ཕྱེ་སྙིང་གཏམ་ཡིན། 

 

མཐོ་ཡང་རང་ལ་མི་ཕན་ཀུན་ལ་འགྲས།     

 མཁས་ཀྱང་རང་རྒྱུད་མི་ཁྲོལ་རྩོད་པ་འཕེལ། 

འབྱོར་ཡང་ནོར་གྱིས་མི་འཚོ་སྡུག་བསྔལ་རྒྱུ།  

 ཅི་ཡང་དགོས་པ་མེད་ཀྱི་སྙིང་གཏམ་ཡིན། 

 

དང་པོ་དཀོར་ཟས་བག་རེས་ངོམས་པ་སླ།      

བར་དུ་རང་གི་དགེ་བློའི་རྩ་བ་ཆད། 

ཐ་མར་དཀོར་ཟན་བླ་མ་ངོམ་དུའང་མེད།    

ཟ་འདོད་གྲོང་དུ་མ་འཁྱམས་སྙིང་གཏམ་ཡིན། 

 

དང་པོ་ཆོས་པ་ཡིན་གྱི་དགོས་མེད་ཟེར།    

རང་དུ་གང་བྱུང་བླངས་ཤིང་མགུ་བར་དཀའ། 

ཐ་མ་ཟས་ནོར་རྒྱུད་ནས་འཐབ་རྫོད་སློང་།    

དེ་འདྲའི་མཚོན་རྟཌ་མ་བཏོན་སྙིང་གཏམ་ཡིན། 

 

ལོངས་སྤྱོད་འབྱོར་པ་མང་ཡང་ཤུལ་དུ་ལུས།   

 ཁང་ཞིང་བཀོད་པ་ཆེ་་ཡང་གཞན་གྱིས་སྤྱོད། 

སྟོབས་དང་མངའ་ཐང་འཛོམས་ཀྱང་འཆི་བའི་དུས།   

གང་གིས་ཕན་པ་མེད་དོ་སྙིང་གི་བུ། 

 

དེང་སང་ཐུན་སྒོམ་ཙམ་ཡང་མ་ཐོབ་པས།  

 བསྙེན་སྒྲུབ་ཅུང་ཟད་རེ་ལ་ཡིད་གཏད་ནས། 

འགྲོ་དོན་བྱ་ཆོག་སྙམ་པ་དེ་དག་ནི།   

 བདུད་ཀྱི་བསླུས་པར་ཡིན་གསུངས་སྙིང་གི་བུ།

 

གྲོགས་ཁྱོད་སྙིང་ནས་བྱང་ཆུབ་བསྒྲུབ་སྙམ་ན།  

རང་རྒྱུད་རང་གིས་གདུལ་ཞིང་རང་མགོ་སྨོད། 

རང་ལ་རང་གིས་བལྟས་ན་རང་སྐྱོན་སྤོངས།།

རང་གིས་རང་བསྐུལ་མཛོད་ཅིག་སྙིང་གི་བུ། 

 

ཉོན་མོངས་གཞི་བསྐྱེད་བདག་འཛིན་དགྲ་ལྟར་འདུལ།། 

དགེ་རྩ་འཇོམས་བྱེད་ཁོང་ཁྲོ་དུག་ལྟར་སྤོངས། 

ཡོན་ཏན་གཅོད་བྱེད་ང་རྒྱལ་རྩ་ལྟར་དོར།    

བསམ་སྦྱོར་དགེ་བ་གྱིས་ཤིག་སྙིང་གི་བུ། 

 

གོང་གི་ཚིག་བཅད་དག་ཀུན་མཁྱེན་ཤར་རྗ་པའི་ཞལ་གདམས་ལས་བཏུས།  

              

  རྩོམ་པ་པོ  ཀུན་བཟང་ནམ་མཁའི་སྙིང་པོ   

སྔོན་བྱོན་གྲུབ་ཐོབ་བླ་མ་གོང་མ་དག་རྣམས་ཀྱང་།  

འདི་དོན་རྒྱབ་བསྐྱུར་ཕྱི་མ་དང་ལེན་ཞིག་མ་གཏོཌ། 

འདི་ཕྱི་མཉམ་བཞེས་མཛད་པའི་བླ་མ་དང་གྲུབ་ཐོབ། 

ས་སྟེང་འདི་ན་མ་བྱུང་ལས་ལྡན་གྱི་གྲོགས་རྣམས། 

 

དང་པོ་བླ་མ་བསྟེན་ནས་དད་མོས་ཞིག་ཡོད་མདོག  

བར་དུ་བླ་མར་མི་རྩི་རང་རང་གི་ཅི་མོས། །།

ཐ་མར་བླ་མའི་གསུང་ལ་ཐན་ལྟར་དུ་མཐོང་བ། 

དེ་འདྲའི་སློབ་མ་མ་བྱེད་ལས་ལྡན་གྱི་གྲོགས་རྣམས། 

 

སྐུ་ལུས་མཛེས་མཛེས་བྱས་ཀྱང་རང་རྒྱུད་ནི་མ་ཐུལ། 

གསུང་སྐད་སྙན་སྙན་བྱས་ཀྱང་ཚིག་དོན་ནི་མ་ཁྲོལ། 

སྒོམ་པ་མཐོ་མཐོ་མཛད་ཀྱང་རང་ངོ་ནི་མི་མཐོང་། 

དེ་འདྲའི་བླ་གཟུགས་མི་དགོས་ལས་ལྡན་གྱི་གྲོགས་རྣམས། 

 

རང་ངོ་མ་འཕྲོད་རོ་ལ་ངོ་སྤྲོད་ཞིག་འདོན་མདོག  

རང་མགོ་མ་ཐོན་རོ་མགོ་འཕོ་བ་ཞིག་འཕེན་མདོག  

སེམས་བསྐྱེད་མེད་པ་འབུལ་བ་ཆེ་ཆུང་བསམ་པ། 

དེ་འདྲའི་འདེན་སྟོན་མ་བྱེད་ལས་ལྡན་གྱི་བུ་རྣམས། 

 

ཕ་མའི་དྲིན་ལན་རང་གིས་སོད་པ་ཞིག་བསམ་ན། 

ཡང་དག་དགེ་བ་མ་གཏོགས་གང་གིས་ཀྱང་མི་སོད། 

དེ་ཕྱིར་ཕ་མའི་གཙོར་བྱས་སེམས་ཅན་གྱི་དོན་དུ། 

དམིགས་ནས་དགེ་ལ་བརྩོན་དགོས་ལས་ལྡན་གྱི་གྲོགས་རྣམས། 

 

གཞན་ལ་སྐྱོན་དང་སྐུར་འདེབས་ཁྱད་གསོད་ནི་མ་བྱེད། 

དོན་མེད་སྡིག་ཚོགས་བསགས་པའི་དགོས་པ་ནི་ཅི་ཡོད། 

དེ་བས་རང་མིན་གཞན་བསྟོད་གོང་དུ་ནི་བཀུར་ན། 

རང་མགོ་རང་གིས་སྨད་དགོས་ལས་ལྡན་གྱི་གྲོགས་རྣམས། 

 

གལ་སྲིད་གཞན་སྐྱོན་མཐོངམཚེ་དེ་འདྲ་ཡི་སྐྱོན་དེ། 

རང་ལ་ཨེ་འདུག་ལྟ་ནས་ཡོད་པ་རེ་ཡིན་ན   

དེ་མ་ཐག་ཏུ་ངོས་ཟུང་རང་སྐྱོན་འདི་སྤང་དང་། 

གནད་ཀྱི་དམ་པ་ཡིན་ནོ་ལས་ལྡན་གྱི་བུ་རྣམས། 

གོང་གི་ཚིག་བཅད་དག་དབྲ་སྲས་ཀུན་བཟང་སྙིང་པོའི་ཞལ་གདམས་ལས་བཏུས། 

 

སློབ་དཔོན་པདྨ་འབྱུང་གནས།

སྔོན་ཚེ་བསྐལ་བཟང་སངས་རྒྱས་ཐམས་ཅད་དང། 

ད་ལྟའི་སྟོན་པའི་སྐུ་གསུང་ཐུགས་ཀྱི་བསྟན། 

ཇི་གསུང་ཐམས་ཅད་འགྲོ་དོན་ཡིན་པའི་ཕྱིར། 

བོན་དང་ཆོས་ཞེས་དབྱེ་བ་ག་ལ་ཡོད། 

སྙོམས་པར་མི་འཇོག་ཕྲག་དོག་རྩོད་པ། 

མཐའ་ཕུག་བོད་ཡུལ་ཕུང་བའི་གཞི་རུ་འགྲོ། 

དེ་ཕྱིར་བོན་ཆོས་མ་རྩོད་རང་སར་ཞོགས   

         རྒྱལ་དབང་ལྔ་པ་ཆེན་པོས།  

སྐུ་ལྷ་གྱེར་འཛོམ་ལྷ་འུ་གཡང་དཀར་དང་།  

བོད་ཀྱི་མི་འུ་གདུང་དྲུག་ཟོ་དོར་ལྷ།  

ཐུགས་དཀར་སུམ་བརྒྱ་དྲུག་ཅུ་ལ་སོགས་པ།  

མདོར་ན་གཡང་དྲུང་བོན་གྱི་ལྷ་རྣམས་བསང་། 

                 

འཇུ་མི་ཕམ་ཕྱོགས་ལས་རྣམ་རྒྱལ་གྱིས། 

གཤེན་ཡུལ་འོལ་མོ་གླིང་ཆེན་དུ།    སྟོན་པ་གཤེན་རབ་མི་བོར་བསྟན། 

བོན་གྱི་ཐེག་པ་རམ་དགུ་གསུངས།   སྐྱེ་འགྲོ་སེམས་ཅན་བེད་ལ་བཀོད། 

ཕྱྭ་གཤེན་ལ་སོགས་ཐེག་པ་དགུས།   གདུལ་བྱའི་དོན་མཛད་ཐུགས་རྗེའི་གཏེར། 

སྟོན་པ་གཤེན་རབ་མི་བོ་ནི།   བརྒྱུད་དང་བཅས་ལ་གུས་ཕྱག་འཚལ། 

                                 

སྡེ་སྲིད་སངས་རྒྱས་རྒྱ་མཚོས།  

ཞང་ཞུང་ཡུལ་ནས་བོན་འདུལ་བས།    དགོངས་ཏེ་གཤེན་རབ་མི་བོར་སྤྲུལ། 

བོན་གྱི་མཛད་པ་བཅུ་གཉིས་བསྐྱངས།  ཐེག་པ་རིམ་པ་དགུ་རུ་གསུངས། 

གསོན་པོ་རྣམས་ཀྱི་ལྷ་སྒོ་ཕྱེས།    གཤིན་པོ་རྣམས་ཀྱི་དུར་སྒོ་བཅད།  

འགྲོ་རྣམས་གཡུང་དྲུང་ལམ་ལ་བཀོད།  

     

བོན་ལུགས་བཀའ་རྟེན་སུམ་བརྒྱ་ཉི་ཤུ་ལས།

ཐ་མའི་དུས་འདིར་སེམས་ཅན་ཕྲག་དོག་ཆེ།

བསྟན་པ་འཕེལ་འགྲིབ་དབང་གི་ཁ་མ་ཟིན།

སྒྲོ་སྐུར་འདེབས་མང་ངན་ལན་མི་བརྗོད་ཅིང་།

སྙིང་རྗེ་བཟོད་པ་བསྒོམ་བྱ་བྱང་ཆུབ་ལམ།།

 

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.