སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
རང་ཉིད་ངོ་སྤྲོད།  །
[ 2011/5/12 15:19:00 | By: ལྷ་གཡག་དར་མ། ]
 

 

ང་ཡི་མིང་ལ་བསྟན་འཛིན་ཡེ་ཤེས་འབོད། ། 

ཁྱུང་པོ་སྟེང་ཆེན་ཞེས་པར་ལྟེ་ཁྲག་ཕོས། ། 

བརྒྱད་པ་ཁ་ཆགས་ཞེས་པའི་དུས་དེ་ནས། །

དབྱངས་གསལ་སོ་བཞི་ཐོག་མར་གྲོགས་པོ་བསྒྲིཌ། །

དེ་ནས་ལོ་ངོ་བཅོ་ལྔར་མ་ཟིན་པར། །

ཁྱིམ་ལས་ཞོར་དང་བོན་པོ་ཞེས་པའི་མིང་། ། 

ཁུར་ནས་གྲོང་ཚོའི་བར་དུ་འདོན་ཉུག་བྱས།  ། 

བསམ་བློའི་ཁ་ཕྱོགས་མང་བའི་ཁོ་བོ་ཡི། ། 

སླར་ཡང་སློབ་ཆུང་ལོ་རིམ་བཞི་པ་རུ། ། 

ཞུགས་ནས་གཞུང་གི་སློབ་གྲྭའི་འཚོ་བའི་རོལ། །

བོད་ཡིག་མ་གཏོགས་འདོན་ཀློག་མ་ཤེས་པས། །

འདྲ་འདྲའི་དབུས་ནས་རྗེས་ལུས་ཐེངས་མང་བྱུང་། ། 

དུས་ཚོད་རྫོགས་པས་སློབ་ཆུང་མཐར་དེ་ཕྱིན། ། 

ཉིས་སྟོང་བཞི་ལོའི་ཟླ་བ་བཞི་པ་རུ།  །

འཛམ་གླིང་སྤྱི་ནོར་ཡོངས་འཛིན་རིན་པོ་ཆེས། །

དམངས་སྒོར་འབུམ་ཕྲག་གསུམ་ཙམ་འགྲོ་སོང་བཏང་། ། 

སྨན་མེད་སྨན་པ་དཀོན་པའི་ལུང་ཁུགས་ལ། ། 

གཞིགས་ནས་རང་ཡུལ་གསོ་རིག་འཛིན་གྲྭ་ཞིག །

བཙུགས་ནས་ཁོ་བོ་དེ་རུ་ཡང་ཚུད་ནས། །

གསོ་རིག་གཞུང་ལ་སྦྱོང་རྒྱུའི་སྐལ་བཟང་ལྡན།  །

དེ་རུ་ལོ་གཉིས་བསྡད་ནས་ཆབ་མདོ་ལ།  །

འབྲིང་རིམ་སློབ་གྲྭར་རྒྱུགས་སྤྲད་དེར་འཕྲོད་ནས། ། 

སླར་ཡང་རིག་གནས་ཀུན་ལ་སྦྱངས་ཁུལ་བྱས།  །

ཉིས་སྟོང་བརྒྱད་ལོར་གསོ་རིག་སློབ་གླིང་དུ། །

སློབ་གྲྭར་ཚུད་པའི་བཀྲ་ཤིས་ཕྲིན་བཟང་འབྱོར། །

ཁྱི་ལ་སེང་གེའི་མིང་དུ་བཏགས་པ་བཞིན། །

སློབ་ཆེན་ཞེས་པའི་མིང་དེ་ཁུར་ནས་སོང་། །

དཀོན་མཆོག་གསུམ་གྱིས་ཁ་འཛིན་སྡོང་གྲོགས་དང་། ། 

ལས་དང་ཀླུང་རྟ་དར་བའི་དན་རྟགས་སུ། །

ད་ལོའི་སློབ་ཐོན་ལས་ཞུགས་ཡིག་ཚད་ནང་། །

གཡུར་ཟའི་གྲུབ་འབྲས་ཐོབ་ནས་ལས་བགོས་སུ། ། 

རང་ཡུལ་གྲོང་རྡལ་ཞིག་གི་སྨན་ཁང་དུ། །

སྨན་པའི་མིང་ཙམ་འཛིན་ནས་ཉིན་མ་བསྐྱལ། །

གོང་དུ་ཞུས་པའི་རང་གི་ལོ་རྒྱུས་དེ། །

དྲྭ་གྲོགས་རྣམས་ལ་རང་ཉིད་ངོ་སྤྲོད་ཙམ། །

རྩོམ་བྲིས་ཕྱོགས་ལ་སྦྱོང་ཁུལ་བྱེད་ཙམ་ཡིན། ། 

དེ་ནས་ཁོ་བོས་ལས་ཀའི་བར་གསེང་སྐབས། །

ལེགས་རྩོམ་འོས་སྦྱོར་ཆེད་ལས་བོད་སྨན་སྐོར། ། 

རང་རྩོམ་ཁྱ་འཁྱོར་སྤེལ་བའི་འདུན་མ་ཡོད། །

འོན་ཀྱང་རྨང་གཞིའི་རིག་གནས་ཞན་དྲག་པས། ། 

དག་སྙན་སོགས་ཀྱང་དེ་བཞིན་མེད་ངེས་ཤིང་། །

ཤེས་ལྡན་དྲྭ་གྲོགས་རྣམས་པས་དུས་ཐོག་ཏུ། །

བཀའ་སློབ་མང་ཙམ་གནང་བའི་རེ་འདུན་དང་། །

ཐད་ཀར་སྐྱོན་བརྗོད་མང་ཙམ་གནང་བར་རེ། ། 

 

 
 
Re:རང་ཉིད་ངོ་སྤྲོད།  །
[ 2011/5/31 7:38:12 | By: སྐུ་མགྲོན་81TGx3(སྐུ་མགྲོན) ]
 
སྐུ་མགྲོན་81TGx3(སྐུ་མགྲོན)ལྷ་གཡག་ངའི་ལྷས་རྭར་ན་ཉལ་ཞིང་།གདོང་གཞུང་ན་གནས་པའི་ངའི་སྒོ་ཟོག།ངའི་ནམ་ཡང་ཁྱེད་ཀྱི་ངུར་སྒྲ་ལ་རྣ་བ་གསན་ནས་ཡོད།།མགྲིན་ནག།
 
 
Re:རང་ཉིད་ངོ་སྤྲོད།  །
[ 2011/5/27 22:55:28 | By: སྐུ་མགྲོན་130Meq(སྐུ་མགྲོན) ]
 
སྐུ་མགྲོན་130Meq(སྐུ་མགྲོན)ཧ་ཅང་སྙན་པོ་འདུག།
 
 
Re:རང་ཉིད་ངོ་སྤྲོད།  །
[ 2011/5/26 15:18:35 | By: སྐུ་མགྲོན་8ds2WJ(སྐུ་མགྲོན) ]
 
སྐུ་མགྲོན་8ds2WJ(སྐུ་མགྲོན)ཁྱུུུུུང་པོའི་ཕོ་རྒོད་བསྟན་འཛིན་ཡེ་ཤེས་ལགས་ ། དངོས་གནས་དགའ་འོས་པ་ཞིག་འདུག་། བཀྲ་ཤིས་བདེ་ལེགས་ཞུ་།
 
 
Re:རང་ཉིད་ངོ་སྤྲོད།  །
[ 2011/5/15 19:53:29 | By: སྐུ་མགྲོན་N63Um8(སྐུ་མགྲོན) ]
 
སྐུ་མགྲོན་N63Um8(སྐུ་མགྲོན)ཁ་གསལ་ལ་པོ་དང་སྙན་པོ་བྱུང་འདུག
 
 
Re:རང་ཉིད་ངོ་སྤྲོད།  །
[ 2011/5/15 14:55:28 | By: wjzb(སྐུ་མགྲོན) ]
 
wjzb(སྐུ་མགྲོན)[-0p[-0['['




 
 
Re:རང་ཉིད་ངོ་སྤྲོད།  །
[ 2011/5/15 14:42:50 | By: GGRX(སྐུ་མགྲོན) ]
 
GGRX(སྐུ་མགྲོན)JKJJKJKJVKFKLFHKLMKLK
 
 
Re:རང་ཉིད་ངོ་སྤྲོད།  །
[ 2011/5/14 17:34:27 | By: khyungpo ]
 
khyungpoབཀྲ་ཤིས་བདེ་ལེགས། ཁྱེད་རང་གི་རང་གཤིས་བརྗོད་པར་གཟི་བརྗིད་རེད།
 
 
Re:རང་ཉིད་ངོ་སྤྲོད།  །
[ 2011/5/13 0:12:04 | By: སྐུ་མགྲོན་NSJu48(སྐུ་མགྲོན) ]
 
སྐུ་མགྲོན་NSJu48(སྐུ་མགྲོན)རང་གཤིས་བརྗོད་པར་ངོ་མཚར་ཆེ་ཟིན་གྲོགས་ལབཀྲ་ཤིས་བདེ་ལེགས་ཞུ།།
 
 
Re:རང་ཉིད་ངོ་སྤྲོད།  །
[ 2011/5/12 19:31:51 | By: tenzin3909 ]
 
tenzin3909ཡག་པོ་འདུག
 
 
Re:རང་ཉིད་ངོ་སྤྲོད།  །
[ 2011/5/12 17:16:02 | By: palzom2011(སྐུ་མགྲོན) ]
 
palzom2011(སྐུ་མགྲོན)འདི་ན་མཉམ་འཛོམས་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུ།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.