སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ཧི་བོན་ཟིན་བྲིས་སུ་ཐོག་མར་ཕུལ་བའི་ཁ་གཡང་། ། 
[ 2011/5/12 15:14:00 | By: ལྷ་གཡག་དར་མ། ]
 

བཀྲ་ཤིས་དུས་བཟང་ཞིག་གི་ཉིན་མོ་ལ། ། 

ཧི་མ་ལ་ཡའི་བོན་གྱི་དྲྭ་ཚིགས་ཤིག  ། 

འཁྲུངས་ཞེས་འཛམ་གླིང་འཛིན་མའི་འཁྱོན་འདི་རུ། ། 

འབྲུག་ལྟར་སྒྲོག་ཅིང་གློག་ལྟར་འཁྱུག་ཅིང་བྱུང་།  ། 

དྲྭ་ཚིགས་འདི་ཡིས་བོནད་ཀྱི་ཤེས་རིག་དག ། 

མཁས་བརྒྱ་འགྲན་གླེང་མེ་ཏོག་མཉམ་བཞད་ལྟར། ། 

དེ་སྔོན་བོན་གྱི་ཤེས་རིག་ལོ་རྒྱུས་དག  ། 

མ་ཤེས་པ་རྣམ་ཤེས་པར་བྱས་པ་དང་། །

ཅུང་ཟད་ཤེས་མཁན་དག་ལ་གསལ་གདབ་སོགས ། །

གྲགས་ཅན་མཁས་དབང་དག་གི་མཛད་རྗེས་དང་། ། 

མ་ནོར་ལམ་སྟོན་བཀའ་སློབ་ཞལ་གདམས་རྣམས། ། 

དྲྭ་ཚིགས་འདི་ཡི་ཕན་ཡོན་བརྗོད་ལ་འདས།  ། 

སྤྱི་ཟླ་ལྔ་པའི་ཚེས་གཅིག་ཉིན་མོ་ལ། ། 

ཧི་མ་ལ་ཡའི་བོན་གྱི་དྲྭ་ཚིགས་ལ། ། 

ཧི་བོན་ཟིན་བྲིས་སྲས་སུ་སྐུ་བལྟམས་ནས། ། 

ཤར་གཏོང་བྱེད་ཞེས་བརྡ་སྦྱོར་དངོས་སུ་བཀྲམ། ། 

དེ་ནས་ཁོ་བོ་དྲྭ་ཚིགས་དེའི་ནང་དུ།  ། 

ཞུགས་འདོད་བློ་སྐྱེད་དྲྭ་བའི་གཙོ་སྒྲུབ་པར། ། 

ཡར་ཞུ་བྱས་པར་ལམ་སེང་མོས་མཐུན་བྱས། ། 

དགའ་བ་འབུམ་བརྟས་ཐོག་མའི་ཟིན་བྲིས་ཤིག ། 

རྟེན་འབྲེལ་མཚོན་བྱེད་ཙམ་དུ་དྲྭ་ཁང་དུ། །

ཤར་མར་བྲིས་པ་ནོར་བ་མང་མཆིས་པས། ། 

ཤེས་ལྡན་རྣམས་ཀྱིས་ཐད་ཀར་སྐྱོན་བརྗོད་དང་། །

མ་ནོར་ལམ་གཏོང་བུ་ངའི་རེ་བ་ཡིན། །

དྲྭ་ཚིགས་འདི་ཡི་ཚེ་སྲོག་རི་རྒྱལ་ལས། །

བརྟན་ཞིང་བརྗིད་ལ་ཡར་ངོའི་ཟླ་ལྟར་དུ། །

གོང་ནས་གོང་དུ་འཕེལ་བའི་སྨོན་མདུན་ཞུ། ། 

འདི་རུ་འཇུག་མཁན་གཡུང་དྲུང་སྤུན་གྲོགས་དག ། 

རང་ལས་མཐོ་བ་རྣམས་ལ་ཞྭ་བཞིན་བཀུར། །

རང་འདྲ་རྣམས་གཅིག་གྲོགས་གཅིག་གིས་བྱེད། །

རང་དམའ་རྣམས་ལ་ཀུན་གྱི་རོགས་རམ་རེམས། ། 

སླར་ཡང་དྲྭ་ཚིགས་འདི་ཡི་གཙོ་སྒྲུབ་ཚོར། །

ཁ་མིན་སེམས་ཀྱི་གཏིང་ནས་ཁྱེད་ཚོ་ལ། །

དྲྭ་ཚིགས་འདི་འདྲ་བཟོས་པར་བཀའ་དྲིན་ཆེ། །

 
 
Re:ཧི་བོན་ཟིན་བྲིས་སུ་ཐོག་མར་ཕུལ་བའི་ཁ་གཡང་། །
[ 2011/5/13 14:08:37 | By: danzengyixi ]
 
danzengyixiདྲྭ་གྲོགས་གཉིས་པོ་ཁོ་བོའི་ཟིན་བྲིས་སུ་ཕེབས་པར་དགའ་བསུ་ཞུའོ།
རང་ནུས་གོང་ཡོད་ཀྱི་ཟིན་བྲིས་སྤེལ་བསམ་པའི་འདུན་པ་ཡོད།
ཁྱེད་ཚོས་ཀྱང་དེ་མང་ཙམ་སྤེལ་བའི་རེ་བ་ཆེའོ། །
 
 
Re:ཧི་བོན་ཟིན་བྲིས་སུ་ཐོག་མར་ཕུལ་བའི་ཁ་གཡང་། །
[ 2011/5/12 22:27:36 | By: སྐུ་མགྲོན་0HWj04(སྐུ་མགྲོན) ]
 
སྐུ་མགྲོན་0HWj04(སྐུ་མགྲོན)ཧི་བོན་ཟིན་བྲིས་ཐོག་མའི་ཁ་གཡང་ལ་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག།
 
 
Re:ཧི་བོན་ཟིན་བྲིས་སུ་ཐོག་མར་ཕུལ་བའི་ཁ་གཡང་། །
[ 2011/5/12 15:57:14 | By: snowyouth ]
 
snowyouthཧི་བོན་ཟིན་བྲིས་ལེགས་འགྲུབ་བྱུང་བར་རྟེན་འབྲེལ་ཤིས་ཚིག་ཕུལ་བ་ལ་བཀའ་དྲིན་ཆེ་ཞུ་རྒྱུ་དང་། སླད་མར་ཟིན་ཚོམས་སུ་ཞུགས་ནས་རྩོམ་ཡིག་དང་ཆ་འཕྲིན་གང་མང་དུས་ལྟར་སྤེལ་བའི་རེ་བ་ཡོད།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.