བོད་མོ་དབྱངས་ཆེན་ལགས།
ཆེད་རིམ་སློབ་གྲྭར་འདོན་སྐབས་ཀྱི་དཔའ་ཤོད་བུ་མོ་དེ་ལ་བྲིས། །
ས་རྒྱང་རིང་ཡུལ་དུ་གནས་པའི། །
ཆེས་འགྲོགས་འདྲིས་ཆེ་བའི་བུ་མོ། །
ལོ་ཁ་ཤས་ངོ་འཕྲད་མེད་པས། །
ལུས་གཟུགས་གཞི་བདེ་མོ་ཡིན་ནམ ། །
ས་སྐྱིད་པོ་ཆབ་མདོའི་ཡུལ་ལ། །
སློབ་དགའ་བའི་ལས་རིགས་ལག་རྩལ། །
ཁྱོད་ང ་དང་འདྲ་བའི་ཕོ་མོ། །
ཤེས་རིག་གི་མངར་ཁ་རོལ་ས། །
བྱ་ཁུ་བྱུག་སྔོན་མོའི་གསུངས་སྐད། །
ལྷང་ལྷང་དུ་གྲགས་པའི་ཞོགས་པར། །
ཆར་ཟིམ་ཟིམ་འབབ་པའི་དུས་དེར། །
ཁྱོད་ངེད་གཉིས་ཐོག་མར་ངོ་ཤེས། །
ངོ་ཤེས་ནས་དུས་ཡུན་རིང་པོར། །
ཕྱོགས་སོ་སོའི་མི་གཞི་ཀུན་སྤྱོད། །
རྒྱུན་ལོན་ནས་ཕན་ཚུན་མཐུན་ནས། །
བྲལ་དཀའ་བའི་དགའ་རོགས་གྱུར་སོང་། །
ལོ་གཉིས་ཙམ་མཉམ་གཤིབ་བྱེད་རིང་། །
གནས་ལྔ་རིག་མཉམ་བརྩོན་བྱས་ནས། །
རང་ཉིད་ཀྱི་མ་འོངས་མདུན་ལམ། །
བསུ་བ་ལ་མཉམ་བསྐྱོད་བྱས་ཡོད། །
ངས་ནམ་ཡང་བསམ་གཞིགས་ཐུབ་ཀི །
རོགས་ཁྱོད་ཀྱི་ང་ལ་བཅངས་བའི། །
བརྩེ་དུངས་དེ་ལྷད་མེད་ཡིན་པ། །
ནམ་ཡིན་ཡང་སེམས་ལ་ལྷང་ངེར། །
ཡིན་ན་ཡང་ང་ཡི་ཁྱོད་ལ། །
སེམས་གཏིང་ནས་དགའ་པོ་ཡོད་ཀྱང་། །
དོན་དངོས་ཐོག་གཞན་དང་འདྲ་བའི། །
ཕྱི་ཚུལ་དེ་མ་ཤེས་ལུས་སོང་། །
དུས་ཚོད་ནི་ཆུ་བོ་ནང་བཞིན། །
མདུན་བསྐྱོད་ལས་ཕྱིར་བལྟས་མེད་རྐྱེན། །
ཁྱོད་ངེད་གཉིས་བྲལ་ལ་ཉེ་བས། །
སེམས་ཁོང་ལ་མུན་པ་འཁྲིག་སོང་། །
གནས་སྐབས་ཀྱི་མུན་པའི་ཚུལ་དེ། །
མ་འོངས་པའི་འོད་ཟེར་སྒོམ་ནས། །
ཤེས་རིག་གི་ཐང་ཆེན་དེད་ནས། །
མདུན་བསྐྱོད་ཀྱི་ལམ་ལ་ཆས་ཡོད། །
གནས་སྐབས་ཀྱི་བར་ཆད་ཞིག་གམ། །
ཚེ་སྔོན་གྱི་ལས་དབང་ཞིག་གིས། །
སློབ་ཆེན་ལ་ཚུད་མིན་རྒྱུགས་དེར། །
རེ་ཞིག་ཏུ་ཁྱོད་རྗེས་ལུས་སོང་། །
ཁྱོའི་སེམས་ནང་དྲན་གྱི་འདུག་གམ།
ངས་ཁྱོད་ལ་གང་ཞིག་བཤད་ཀྱང་། །
ངོས་དགའ་དང་མགོ་སྐོར་མི་བྱེད། །
གང་ཐུབ་ཀྱི་བདེན་པའི་ལམ་བསྐྱོད། །
དུས་མི་རིང་ངེད་གཉིས་བྲལ་རན། །
བྲལ་དགོས་པ་འཇིག་རྟེན་ཆོས་ཉིད། །
ཁྱོད་དགའ་བའི་མི་དེ་འཕྲད་ན། །
ང་མ་སྒུག་ཁྱོད་ཀྱི་འདོད་མོས། །
ཕོ་མདོ་མེད་བསྟན་འཛིན་མིང་ཅན། །
རིག་གནས་ཀྱི་རྨང་གཞི་ཞན་པས། །
ལོ་གང་མང་སློབ་སྦྱོང་འདོད་པས། །
ཁྱོས་མ་སྒུག་མདུན་དུ་བསྐྱོད་ཤིག །
ང་སློབ་ཆེན་ལོ་ཤས་སྡོད་རིང་། །
གང་སྦྱོང་བྱའི་རིགས་ལ་མ་གཏོགས། །
དོན་གཞན་ལ་མི་གཡེང་དམ་བཅའ། །
བརྟན་པོ་དེ་མངོན་གྱུར་བྱུང་ཡོད། །
གཤིས་ངང་རྒྱུན་བཟང་བའི་བུ་མོ། །
ས་གང་ཕྱིན་བརྗེད་མྱོང་མེད་ལ། །
ཁྱོའི་འཚོ་བའི་གནས་སྟངས་བདེ་མིན། །
གང་བྱུང་མིན་ཤེས་རྟོགས་བྱུང་སོང་། །
མི་འགའ་ཡིས་ཟེར་སྲོལ་ཞིག་ལ། །
ཁྱོས་གཉེན་སྟོན་ལས་ལ་རོལ་འདུག །
ལུགས་མཐུན་གྱི་འཚོ་བ་སྤྱད་འདུག །
སྔར་བཞིན་དུ་བདེ་ཐང་རེད་འདུག །
ངས་བསམ་བློ་གང་མང་བཏང་ཐལ། །
ཁྱོད་དགའ་བའི་མི་དེར་ཕྲད་ན། །
ང་ཁྱོད་ཚོའི་ཟུར་དེར་བུད་ནས། །
རང་ཉིད་ཀྱི་མདུན་ལམ་བཙལ་འགྲོ །
ངས་མ་བཅོས་སེམས་ཀྱི་སྨོན་ལམ། །
སེམས་ཁུང་གི་རུས་པའི་གཏིང་ནས། །
བཏབས་ཏེ་ཁྱེད་གཉིས་ཀྱི་མི་ཚེ། །
བདེ་སྐྱིད་ཀྱི་དགོད་སྒྲས་ཁེངས་ཤོག །
ང་དགའ་སའི་བུ་མོ་དབྱངས་ཆེན། །
ཁྱོའི་མ་འོངས་མི་ཚེ་རིང་མོར། །
སྐུ་ལུས་ལ་ན་ནད་མེད་ཅིང་། །
སྤྲོ་སྣང་གི་འཚོ་བར་རོལ་སྨོན། །
འདིའི་བཞུག་ད་དུང་དོན་འགའ་ཡོད་མོད་རེ་ཞིག་ངལ་གསོ་བྱས།