སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
དཔལ་ཁྲི་བརྟན་ནོར་རྩེའི་ཚད་མའི་རིགས་སྒྲ་ཆེན་མོ། 
[ 2011/12/15 15:04:00 | By: ལྷ་གཡག་དར་མ། ]
 

དཔལ་ཁྲི་བརྟན་ནོར་རྩེའི་ཚད་མའི་རིགས་སྒྲ་ཆེན་མོ།

༧དཔལ་ཁྲི་བརྟན་ནོར་རྩེའི་ཚད་མའི་རིགས་སྒྲ་ཆེན་མོ།

གཤེན་གྱི་འབྱུང་ལྡན་༣༠༡ཕྱི་ལོ་༢༠༡༡ལོའི་བོད་ཟླ་བཅུ་པའི་ཚེས་གཅིག་ནས་

༧དཔལ་ཁྲི་བརྟན་ནོར་རྩེའི་ད་ལོའི་ཚད་མའི་རིགས་སྒྲ་ཆེན་མོ་དབུ་འཛུགས་གནང་ནས་ཕྱི་ཟླ་

༡༢་ཚེས་༡༥ཉིན་གྲོལ་ཡོད་པའི་གནས་ཚུལ།

དེ་ཡང་༧དཔལ་ཁྲི་བརྟན་ནོར་རྩེའི་ཚད་མའི་རིགས་སྒྲ་ཆེན་མོ་ནི་སྔོན་གྱི་ཕྱག་སྲོལ་ཇི་བཞིན་

༧སྨྲ་བའི་དབང་པོ་སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་

རིན་པོའི་ཆེའི་བཀའ་སློབ་ལམ་སྟོན་གཞིར་བཟུང་འོག་ཕྱི་ལོ་༡༩༩༦ལོའི་བོད་ཟླ་༡༠ནང་

དགོན་འདིར་གསར་དུ་དབུ་འཛུགས་གནང་བ་ནས་བཟུང་ད་ལྟའི་བར་ཁྲི་བརྟན་ནོར་བུ་རྩེའི་

མཁན་སློབ་དགེ་བའི་བཤེས་གཉེན་རྣམ་པས་གཟིགས་སྐྱོང་བཞིན།  ལོ་ལྟར་ཧོར་ཟླ་བཅུ་པའི་ཚེས་གཅིག་ནས་ཚེས་ཉེར་གཅིག་བར་བཤད་གྲྭ་བའི་ཁོངས་ནས་

རྟགས་རིགས་འཛིན་གྲྭའི་ཡན་གྱི་སློབ་གཉེར་ཀུན་ཚད་མའི་རིགས་སྒྲ་ཆེན་མོར་ཞུགས་ ཏེ་གཙོ་བོ་༧རྗེ་རྒྱལ་བ་མཉམ་མེད་པའི་ཆེན་པོ་ཤེས་རབ་རྒྱལ་མཚན་གྱིས་མཛད་པའི་

འཕྲུལ་སྒྲོན་རྣམ་ལྔའི་ནང་ཚན་ཚད་མ་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེ་དེ་ཉིད་སྦྱོང་བྱ་གཙོ་བོར་

འཛིན་བཞིན་ཡོད་ལ།གཞན་ཡང་ཞང་བོད་ཀྱི་གནའ་རབས་ཀྱི་མཁས་གྲུབ་ལོ་པཎ་རྣམ་པས་མཛད་པའི་

ཚད་མ་རིག་པའི་གཞུང་ལུགས་རྣམས་ཀྱི་ཟུར་བརྒྱན་ཏེ་ཁྱོན་བདུན་ཕྲག་གསུམ་གྱི་རིང་དཔེ་ཁྲིད་དང་རྩོད་པ། དམ་བཅའ་དང་ཐུག་ཆེན་ནང་སྦྱོང་བཅས་སུ་ཚད་མ་རིག་པར་ཐོས་བསམ་གང་ལེགས་གནང་བཞིན་ཡོད། དཔེ་ཁྲིད་སྐབས་ཁྲི་བརྟན་ནོར་བུ་རྩེའི་དཔོན་སློབ་རིན་པོ་ཆེ་དང་། སྒྲུབ་གྲྭ་མཁན་རིན་པོ་ཆེ། བཤད་གྲྭའི་རྒན་ལགས་བཅས་ཀྱི་མདུན་ནས་བཤད་གྲྭ་བ་རྣམས་སྡེ་ཚན་དུ་བགོས་ནས་དཔེ་ཁྲིད་

ཞུ་བཞིན་ཡོད།དེ་ཡང་ཉིན་ལྟར་སྔ་དྲོའི་ཕྱག་ཚོད་བརྒྱད་པ་ནས་དབུ་བཙུགས་ཏེ་འཆད་རར་

ཆུ་ཚོད་གཉིས་རིང་རྩོད་སྦྱོང་གནང་རྒྱུ་དང་།དེ་ཕྱག་ཚོད་བཅུ་པ་ནས་བཅུ་གཅིག་བར་དཔེ་ཁྲིད་ཞུ་རྒྱུ། བཅུ་གཅིག་ནས་བཅུ་གཉིས་བར་ནང་སྦྱོང་། ཉིན་རྒྱབ་ཕྱག་ཚོད་དང་པོ་དང་ཕྱེད་ཀ་ནས་གསུམ་པའི་བར་འཆད་རར་རྩོད་སྦྱོང་།གསུམ་དང་

ཕྱེད་ཀ་ནས་ལྔ་པའི་བར་ནང་སྦྱོང་།ལྔ་པ་ནས་བརྒྱད་པའི་བར་དམ་བཅའ་འཚོགས་རྒྱུ་དང་

ཉིན་བཞི་རེའི་མཚམས་ནས་ཐུག་ཆེན་ཐེངས་བཞི་རེ་འཚོགས་བཞིན་ཡོད།

དེ་བཞིན་འདི་ལོར་ཚད་མའི་རིགས་སྒྲ་ཆེན་མོ་ཐེངས་བཅུ་དྲུག་པ་དེ་ཡང་

དུས་བསྟུན་བཞིན་འཚོགས་ཏེ་གཡུང་དྲུང་བོན་གྱི་ཐུན་མིན་ཞང་བོད་ཀྱི་ཚད་མ་རིག་པའི་

གཞུང་ལུགས་དག་ལ་ཞིབ་དཔྱད་ཀྱིས་དགག་བཞག་རྩོད་སྒྲུབ་དང་ཐོས་བསམ་ལྷུར་ལེན་གྱིས་

གདར་ཤ་བཅད་ཅིང་དཔྱད་གསུམ་དག་པའི་འཆད་རྩོད་ཀྱི་བྱ་བར་ཧུར་བརྩོན་གནང་སྟེ། བོད་ཟླ་བཅུ་པའི་ཚེས་ཉི་ཤུ་སྟེ། ཕྱི་ལོ་༢༠༡༡ཟླ་༡༢་ཚེས་༡༥ཉིན་མཐའ་མའི་རྩོད་རྒྱུགས་གྲོལ་ནས་བསྟན་པ་རྒྱས་པ་སྨོན་ལམ་

སོགས་ཀྱིས་མཐར་བརྒྱན་ཏེ་ཡོངས་སུ་མཇུག་གྲོལ་ཡོད་པ་བཅས་ཀྱི་གནས་བསྡུས་ཙམ་དུ་དབུས་གཡུང་དྲུང་བོན་དྲ་ཚིགས་ལས་ཁང་ནས།

འཆད་རའི་ནང་དུ་རྩོད་སྦྱོང་གནང་བཞིན་པ།


བདུན་ཕྲག་རྩོད་ཐུག་སྐབས།

རྩོད་པའི་ཐུག་ཆེན་སྐབས་ཀྱི་པར་ཞིག

 

                                                   གཡུང་དྲུང་བོན་དྲྭ་བ་ལས་བཤུས། །

 
 
Re:དཔལ་ཁྲི་བརྟན་ནོར་རྩེའི་ཚད་མའི་རིགས་སྒྲ་ཆེན་མོ།
[ 2011/12/17 9:49:18 | By: སྐུ་མགྲོན་qul8PC(སྐུ་མགྲོན) ]
 
སྐུ་མགྲོན་qul8PC(སྐུ་མགྲོན)ཕོ་གཞོན་ཁྱེད་ཀྱིས་གཏམ་བཟང་སྤེལ་བ་ཐུགས་རྗེ་ཆེ།སོ་སོས་ལེགས་བྱས་མེད་པར་མིའི་ལས་ཀ་ལ་གཅིག་འགྲིག་མི་འདུག་གཉིས་བྱུང་མ་སོང་ཟེར་མཁན་འདི་དག་ང་ཚོ་བོན་པོ་ནང་ཚག་གི་སྐྱོན་རེད་འདི་ནང་ཚག་རྩིས་སྟེ་ཐུགས་ལ་མ་བཞག་པར་གལ་སྲིད་ནོར་བ་ཡོད་ན་བཅོས་གནང་བ་ནི་ཁྱེད་ཀྱི་ཡ་རབ་ངང་ཚུལ་རེད་ཡིད་རང་ཞུ།གཙང་ཚ་ནས།
གཤམ་དུ་ལྷ་གཡག་དར་མ།་ལགས་ཀྱིས་ལན་སློག་པ་ནི་
གཡུང་དྲུང་བོན་ལ་ལྷག་བསམ་དཀར་བའི་གཙང་ཚ་ཁྱེད་ཕེབས་པར་དགའ་བསུ་ཞུ་ཞུ།
མི་སུ་ལ་སྐྱོན་མེད་པ་སུ་ཞིག་ཡོད་ལ། ཁོ་བོ་དེ་བས་ཀྱང་རེད།
མུ་མཐུད་ནས་ཧི་བོན་ཟིན་བྲིས་སུ་གང་མང་ཡོང་བའི་རེ་བ་ཆེ། །
 
 
Re:དཔལ་ཁྲི་བརྟན་ནོར་རྩེའི་ཚད་མའི་རིགས་སྒྲ་ཆེན་མོ།
[ 2011/12/16 14:58:15 | By: yongdrom ]
 
yongdromསྤྲོ་སྣང་དང་དགའ་བ་སྟོང་གི་ཀློང་ནས།།
དྲྲྭ་ཁང་དུ་མཇལ་བ་དགའ་སྤྲོ་ཆེ།།
མཁྱེན་ལྡན་གྱི་ཁམས་ཕྲུག་བསྟན་འཛིན་མིང་ཅན།།
ཤེས་རིག་གི་བག་མ་བསུ་བར་རིམ་དང་།།
ཧ་ཧ། གོང་དུ་དཔྱད་མཆན་སྤེལ་བ་དེ་ངས་བྲིས་པ་ཡིན་ཞིང་དེ་སྤེལ་སྐབས་སུ་ཟིན་བྲིས་སྒོ་མ་ཕྱེས་པས་བདག་གི་དབུ་བརྙན་དྲྲྭ་གནས་འཆར་ཐུབ་མི་འདུག་པས་སླར་མཆན་འདི་སྤེལ་བ་ཡིན།
གཤམ་དུ་ལྷ་གཡག་དར་མ།་ལགས་ཀྱིས་ལན་སློག་པ་ནི་


སྔོན་བསགས་ཀྱིས་ལས་སྨོན་བཟང་པོའི། །
མ་གྲོས་ཀྱང་གནས་འདིར་འཛོམས་འདུག །
མུ་མཐུད་དེ་ཤེས་རིག་གི་བག་མར། །
གོམ་གང་མདུན་བསྐྱོད་ཀྱི་མཉམ་དུ་བརྩོན་ཡ། །
 
 
Re:དཔལ་ཁྲི་བརྟན་ནོར་རྩེའི་ཚད་མའི་རིགས་སྒྲ་ཆེན་མོ།
[ 2011/12/16 14:53:33 | By: སྐུ་མགྲོན་NRIu48(སྐུ་མགྲོན) ]
 
སྐུ་མགྲོན་NRIu48(སྐུ་མགྲོན)སྤྲོ་སྣང་དང་དགའ་བ་སྟོང་གི་ཀློང་ནས།།
དྲྲྭ་ཁང་དུ་མཇལ་བ་དགའ་སྤྲོ་ཆེ།།
མཁྱེན་ལྡན་གྱི་ཁམས་ཕྲུག་བསྟན་འཛིན་མིང་ཅན།།
ཤེས་རིག་གི་བག་མ་བསུ་བར་རིམ་དང་།།
ཧ་ཧ།
 
 
Re:དཔལ་ཁྲི་བརྟན་ནོར་རྩེའི་ཚད་མའི་རིགས་སྒྲ་ཆེན་མོ།
[ 2011/12/15 22:45:59 | By: སྐུ་མགྲོན་rVMy51(སྐུ་མགྲོན) ]
 
སྐུ་མགྲོན་rVMy51(སྐུ་མགྲོན)༡༩༨༦ལོར་ས་གནས་བཙལ་རྙེད་ཐོབ། ༡༩༩༤ལོར་འདུ་ཁང་ཆེན་མོ་གསར་བཞེངས་གྲུབ་པ་དང་རབ་གནས་འཚོགས་ཤིང་བཤད་གྲྭ་དབུ་བསྙེས་པ་རེད། ལོ་རྒྱུས་ནོར་སོང་བ་འདི་འདྲ་བ་ལ་ནན་ཏན་མ་བྱས་ན་མ་འོངས་པར་གསུབ་ཐུབ་ཀྱི་མ་རེད་ལ་འཁྲུལ་པའི་གཞི་བསྐྱེད་ཀྱི་རེད།
གཤམ་དུ་ལྷ་གཡག་དར་མ།་ལགས་ཀྱིས་ལན་སློག་པ་ནི་
གོང་བཀུར་འོས་པའི་མཁྱེན་ལྡན་པ་ལགས།
ངས་གོང་གི་གནས་ཚུལ་འདི་༼ གཡུང་དྲུང་བོན ༽ དྲྭ་བ་ལས་ནང་ འདྲེན་བྱས་པ་ཡིན། ནང་དོན་ལ་ཅུང་ཟད་ཙམ་ཡང་བཟོ་བཅོས་མ་བྱས་ནས་ཇི་མ་ཇི་བཞིན་བཀོད་པ་ཡིན།
མཐར་ཁྱེད་ཀྱིས་སྤྱན་གཟིགས་གནང་ནས་དཔྱད་བརྗོད་སྤེལ་བར་བཀའ་དྲིན་ཆེ་ཞུ་བ་ཡིན། །
 
 
Re:དཔལ་ཁྲི་བརྟན་ནོར་རྩེའི་ཚད་མའི་རིགས་སྒྲ་ཆེན་མོ།
[ 2011/12/15 20:48:04 | By: langjia ]
 
langjiaབཟང་གི་ ཡིད་རངས་ཡོད་
གཤམ་དུ་ལྷ་གཡག་དར་མ།་ལགས་ཀྱིས་ལན་སློག་པ་ནི་
ཕེབས་པར་དགའ་བསུ་ཞུའོ།
 
 
Re:དཔལ་ཁྲི་བརྟན་ནོར་རྩེའི་ཚད་མའི་རིགས་སྒྲ་ཆེན་མོ།
[ 2011/12/15 18:22:48 | By: སྐུ་མགྲོན་wCSe73(སྐུ་མགྲོན) ]
 
སྐུ་མགྲོན་wCSe73(སྐུ་མགྲོན)ཆད་སྐྱོན་མེད། སྔར་མའི་མཆན་བུའི་མཐའ་མའི་ཚིག་གི་བཟོ་བཅོས།
 
 
Re:དཔལ་ཁྲི་བརྟན་ནོར་རྩེའི་ཚད་མའི་རིགས་སྒྲ་ཆེན་མོ།
[ 2011/12/15 16:54:29 | By: སྐུ་མགྲོན་0Gv30M(སྐུ་མགྲོན) ]
 
སྐུ་མགྲོན་0Gv30M(སྐུ་མགྲོན)པར་གཅིག་མ་གཏོགས་མེད་ནའང་ཡག་པོ་ཞིག་ཡོད་ན་གནས་ཚུལ་དང་ལྷན་དུ་ཉུང་སྐྱོན་མེད་ལ་པར་བརྒྱ་ཡོད་ཀྱང་པར་ཡག་པོ་གཅིག་ཀྱང་མེད་ན་གནས་ཚུལ་དང་ལྷན་དུ་གཅིག་ཀྱང་མ་བཀོད་ན་ཉུང་སྐྱོན་མེད།
གཤམ་དུ་ལྷ་གཡག་དར་མ།་ལགས་ཀྱིས་ལན་སློག་པ་ནི་
ཁྱེད་ཕེབས་པར་སྣེ་ལེན་གང་ལེགས་བྱས་ཡོད།
 
 
Re:དཔལ་ཁྲི་བརྟན་ནོར་རྩེའི་ཚད་མའི་རིགས་སྒྲ་ཆེན་མོ།
[ 2011/12/15 16:49:32 | By: སྐུ་མགྲོན་0Gv30M(སྐུ་མགྲོན) ]
 
སྐུ་མགྲོན་0Gv30M(སྐུ་མགྲོན)ཚད་མའི་རིགས་སྒྲ་ཆེན་མོ་ཐེངས་བཅུ་དྲུག་པ་ལེགས་གྲུབ་བྱུང་བར་དགའ་བསུ་ཞུ། ཡིན་ནའང་པར་དེ་ཚོ་མཁོ་བསྒྲུབ་ཡག་པོ་གནང་མི་འདུག་པ་མ་ཟད་མི་གཅིག་ཁོ་ན་གཙོ་བོར་བྱས་པའི་གཟུགས་བརྙན་ཟུར་ཅན་ནམ་དུམ་བུ་དེ་འདྲ་ཐེངས་མང་བཀོད་འདུག དཔོན་སློབ་རིན་པོ་ཆེ་དང་སྒྲུབ་མཁན་རིན་པོ་ཆེ་རྣམ་གཉིས་གཙོས་དགེ་རྒན་རྣམས་ཀྱིས་སློབ་གཉེར་བར་དཔེ་ཁྲིད་གནང་ས་དང་། འདུས་ཚོགས་ལྷན་འཛོམས་ངང་རྩོད་ཐུག་རྒྱག་ས། དེ་ཚོ་འགོད་ཐུབ་ན་མིག་དཔེར་འོས་པའི་སྣང་བརྙན་ཞིག་ཡོང་གི་རེད། ཕལ་ཆེར་དང་པོ་ནས་དྲ་བའི་བརྒྱུད་ལམ་ལ་གནས་ཚུལ་པར་རིས་སྦྲགས་མ་འགོད་རྒྱུར་བསམ་བློ་གཏོང་མེད་པ་འདྲ། ཁ་ཐུག་ནས།
གཤམ་དུ་ལྷ་གཡག་དར་མ།་ལགས་ཀྱིས་ལན་སློག་པ་ནི་
བསམ་ཚུལ་གནང་བར་ཕེབས་པར་བཀྲ་ཤིས་བདེ་ལེགས།
འདི་ནི་ཁ་སང་གཡུང་དྲུང་བོན་དྲྭ་བ་ལས་ཇི་མ་ཇི་བཞིན་ནང་འདྲེན་བྱས་པ་ཡིན། ཁྱེད་ཀྱི་དགོངས་དོན་ལྟར་དེ་རིང་ཧི་མ་ལའི་བོན་ནང་སྤེལ་འདུག དེར་གཟིགས་ནང་ཡོད་པར་མཁྱེན།
མཐར་ཁྱེད་ཀྱི་བྱ་བ་མཐའ་དག་ཡར་ངོས་ཟླ་ལྟར་འཕེལ་བའི་སྨོན་འདུན་ཞུའོ། །
 
 
Re:དཔལ་ཁྲི་བརྟན་ནོར་རྩེའི་ཚད་མའི་རིགས་སྒྲ་ཆེན་མོ།
[ 2011/12/15 16:38:17 | By: སྐུ་མགྲོན་Gl04Fr(སྐུ་མགྲོན) ]
 
སྐུ་མགྲོན་Gl04Fr(སྐུ་མགྲོན)ལྷ་གཡག་དར་མ་ལགས། ཡི་གེ་སྒྲིག་བཀོད་བཟང་པོ་ཞིག་བྱས་ནས་སྤེལ་ན་དགེ་བར་འདུག་པས། དེ་ལྟར་སྤེལ་ན་གནས་ཚུལ་དོན་སྙིང་ཅན་ཞིག་ཡིན་རུང་བལྟ་འདོད་མེད་པ་ཞིག་ཆགས་འགྲོ་བས་གཟབ་ན་ལེགས།
གཤམ་དུ་ལྷ་གཡག་དར་མ།་ལགས་ཀྱིས་ལན་སློག་པ་ནི་

ལེགས་སོ། ཁ་སང་ངས་འདི་སྤེལ་དུས་ཚང་མ་གོ་རིམས་ཡག་པོ་སྒྲིག་བཀོད་བྱས་པའི་ཁུལ་ཡིན། སྐབས་རེ་གློག་ཀླད་ཀྱི་ཤེལ་སྒོའི་ཆེ་ཆུང་སོགས་མ་མཚུངས་ན་དེ་ལྟ་བུའི་གནས་ཚུལ་ཐོན་ཡོད་ཚོད་འདུག
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.