བོད་དང་བོན་ནག་གི་ལས་ལམ།
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ཐ་སྙད་དང་།  ཐ་སྙད་ཀྱི་གླེད་བརྗོད།
[ 2011/11/13 8:44:00 | By: བོན་ནག་ཚང་། ]
 

ཐ་སྙད་དང་། ཐ་སྙད་ཀྱི་གླེང་བརྗོད།

-----མུ་འབྲེལ་ཚིག་གྲུབ་རིང་མོ།

ཁག་དང་པོ།

༡༽སྙན་ངག་ནི།ཁ་བདེ་བ་ཙམ་གྱིས་བཞེངས་སྐྲུན་བྱེད་དཀའ་ལ།ཡིད་གཞུང་ཙམ་གྱིས་ངོ་བོ་ཡང་འཚོལ་དཀའ།རང་ལ་དཔྱོད་ཤེས་ཀྱི་མིག་ལྡན་ན།སྙན་ངག་ནི་མཁོ་བ་མེད་པའི་ཤོག་ལུད་མིན་ལ།འུ་ཅག་ལ་མཁོ་བའི་མཐའ་མཇུག་གི་བླ་རེ་ཅི་ལ་ཡིན།གསལ་དག་བརྟན་གསུམ་གྱི་ངོ་བོ་རིས་སུ་བཀྲ་བའི་སྙན་ངག་ནི།དམ་པའི་རྒྱན་ལྟར་ཡིན་ལ།སེམས་ཀྱི་ཟབ་སར་བཀྲ་བའི་སྙན་ངག་ནི་མཛེས་པའི་མཆོག་ཏུའོ།།

༢༽ཆགས་རྩོམ་ནི།སྐྱེས་བོ་ཀུན་གྱིས་མྱོང་བ་དང་ཚོར་བའི་རིག་ངོ་ན་འཛུམ་ཞོར།གཡོ་ཟོལ་བྲལ་བའི་མྱི་བོ་དག་གི་སེམས་གཞས་ཐེངས་ཤིག་རེད།དེ་ལ་ཧ་ཡང་ལས་མི་དགོས་ལ་ཧོན་ཡང་འཐོར་ག་ལ་དགོས།ང་ཚོ་ཚང་མ་འདོད་ཁམས་པ་མ་ཡིན་ནམ།བརྗོད་སྟངས་ཤིག་ནི།རང་ཉིད་ཆགས་སྲེད་ཀྱི་གཡང་ལ་ལྷུང་ནས།གཞན་གྱི་བདེན་པའི་སེམས་གཞས་ལ་ཆགས་རྩོམ་དང་།རང་ཉིད་གབ་སྦས་སྐུང་གསུམ་བྱས་པའི་བྱ་བ་ལ་ཅི་ཞིག་ཟེར།འོ་ཁྱེད་ཀྱི་གཡོ་ཟོལ་དེ་བྲལ་ཡོད་ཚེ་ཁྱོད་ཡང་བདེན་པའི་ལམ་དུ་ཞུགས་སྲིད།

༣༽ཚུལ་འཆོས་ནི།ངས་ནམ་ཡང་གོན་མི་འདོད་པའི་རུས་རྒྱན་དེ་རེད།རུས་རྒྱན་དེའི་ངོ་བོ་ན་དག་ཞིང་མེད་ལ།སྡུག་བསྔལ་འབའ་ཞིག་ཏུ་གྲུབ་པའི་འཁོར་བ་ལས་མཐོང་མ་ནུས་པས་ཡིན།འོ།ངས་ཞིབ་ཏུ་བལྟས་ན་རུས་རྒྱན་གོན་མཁན་ང་གཅིག་པུ་མ་ཡིན་ལ།མི་དྲག་དང་སྐུ་དྲག་གི་ཁྲོད་ན་ཡང་ཡོད།ནམ་ཞིག་རུས་རྒྱན་དེ་དོར་ཐུབ་བམ།ངས་དེ་ལ་མནོ་བསམ་བཞེས་ཀྱིན་ཡོད།

 
 
Re:ཐ་སྙད་དང་།  ཐ་སྙད་ཀྱི་གླེད་བརྗོད།
[ 2011/11/13 22:17:59 | By: yongzhou ]
 
yongzhouགྲོགས་པོ་ལགས་མཚམས་འདྲི་ཞུ་བཞིན་ཡོད་ལགས།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.