བོད་དང་བོན་ནག་གི་ལས་ལམ།
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
རིག་པ་ཚད་མ་ལ་མངོན་རྗེས་གཉིས་སུ་ངེས་སམ།
[ 2012/8/12 19:18:00 | By: བོན་ནག་ཚང་། ]
 

 

རིག་པ་ཚད་མ་ལ་མངོན་རྗེས་གཉིས་སུ་གྲངས་ངེས་སམ།

 

གྲོགས་པོ་རྣམས་ལ་གྲོས་འདེབས་ཀྱི་ཚུལ་ཕུལ་འདོད་པ་ནི་རིག་པ་ཚད་མ་ལ་ཚད་གཞུང་མང་པོ་ཞིག་ནས་དབྱེ་ན་རྗེས་དཔག་ཚད་མ་དང་མངོན་སུམ་ཚད་མ་གཉིས་སུ་གྲངས་ངེས་འཇོག་པ་ནི་མཁས་པ་རྣམ་པའི་སྤྱི་སྲོལ་ཞིག་ཏུ་ཆགས་འདུགཡིན་ན་ཡང་དོན་གྱི་ཆ་ལ་བསམ་བློ་ཞིག་བཏང་ན་རྫས་སྤྱི་གཉིས་མགོ་ཆོད་པའི་སྒོ་ནས་རིག་པ་ཚད་མ་ལ་མངོན་རྗེས་གཉིས་ཀྱི་ཁ་ཚོན་གཅོད་དཀའ།གང་རེད་ཅེ་ན་བླ་མའི་གདམ་ངག་ཁོ་ན་སྒོམ་སྟོབས་ལ་བརྟེན་ནས་སྟོང་ཉིད་དང་བདག་མེད་གསར་དུ་རྟོགས་པའི་ཐེག་པ་ཆེན་པོའི་ཚོགས་ལམ་ཞིག་ཡོད་ལ་དེ་ནི་རྗེས་དཔག་ཚད་མ་མ་ཡིན་ཏེ་ཚུལ་གསུམ་ཚང་བའི་རྟགས་ལ་བརྟེན་ནས་བསྒྲུབ་བྱ་རྟོགས་པའི་བློ་གང་ཞིག་རང་གི་འཇུག་ཡུལ་ལ་གསར་དུ་མི་བསླུ་བ་མ་ཡིན་པའི་ཕྱིར་རོ།མངོན་སུམ་ཚད་མ་མ་ཡིན་ཏེ་རྟོག་བྲལ་མ་འཁྲུལ་བའི་བློ་གང་ཞིག་གཞལ་བྱ་ལ་གསར་དུ་མི་བསླུ་བ་མ་ཡིན་པའི་ཕྱིར་རོ་འདོད་པའི་སྣང་བ་ཞིག་བཅོས་མིན་དུ་སྐྱེས་པར་གདའ།གྲོགས་པོ་རྣམ་པས་བཅོས་མིན་གྱི་རིགས་ལམ་ལོག་རྟོག་གི་གྲོགས་སུ་འཇོ་བར་སྨོན།

 
 
Re:རིག་པ་ཚད་མ་ལ་མངོན་རྗེས་གཉིས་སུ་ངེས་སམ།
[ 2012/9/16 15:01:28 | By: སྐུ་མགྲོན་vAQd7H(སྐུ་མགྲོན) ]
 
སྐུ་མགྲོན་vAQd7H(སྐུ་མགྲོན)གྲོགས་པོའི་གསུང་བ་འདི་སྐད་དུ།། བླ་མའི་གདམ་ངག་ལ་བརྟེན་ནས།། བོན་ཀུན་བདེན་མེད་མི་རྟོགས་སྐད།། འཁྲུལ་བ་ཉིད་ལས་རིང་དུ་ཅི།། ཞེས་པའི་རྩེད་མཚར་ཡིག་འཕྲུལ་དོ།།
 
 
Re:རིག་པ་ཚད་མ་ལ་མངོན་རྗེས་གཉིས་སུ་ངེས་སམ།
[ 2012/8/17 7:48:31 | By: སྐུ་མགྲོན་128Kco(སྐུ་མགྲོན) ]
 
སྐུ་མགྲོན་128Kco(སྐུ་མགྲོན)གྲོགས་པོ་ལགས། ༡༽ རྫུན་དུ་འགྲོ་ག་ལ་ཕོད། ཕོད་ཚུལ་གང་རེད། ཅེས་པ་ལ་རྫུན་དུ་འགྲོ་མི་ཕོད་ས་མེད་དེ་ཡུལ་རྫུན་པ་ཡིན་ནོ། རྫུན་མིན་ན་བདེན་པ་རེད་དམ། བདེན་པ་ཡིན་ན། བླ་མས་བདེན་པ་མེད་གསུངས་པ་དོན་ལ་མི་གནས་པ་འགྱུར་ཏེ། དོན་ཉིད་བདེན་པ་ཡིན་པས་ཕྱིར། ༢༽ དེ་འདྲའི་གདམ་ངག་སྒོམ་སྟོབས་ཀྱི་འཛིན་པ་བཅོམ་མི་ཐུབ་པའི་རྒྱུ་མཚན་ཅི་རེད། ཅེས་པ་ལ། གོང་ཞུས་ལྟར་ངེས་པ་འདྲེན་ནུས་ཀྱི་རྒྱུ་མཚན་ལ་མ་བརྟེན་པའི་བློས་བདེན་འཛིན་བཅོམ་མི་ནུས་ཞེས་པའི་དོན་ཡིན་འདོག་ཡིན་ལགས། གཟབ་ནན་གྱིས་དྲི་བ་གནང་འདུག་པས་གཟབ་ནན་གྱིས་མཆན་ལ་དཔྱད་པ་གནང་རོགས། མཆན་གོང་མར་དོགས་དྲི་ལས་ལན་གནང་མི་འདུག་པས་ལན་ཞིག་སྒུག་ནས་སྡད་ཡོད་རེ་ཐོག་ལ་འཇོག་པར་སྨོན། མཆན་གཉིས་པས་བསྐྱར་ཕུལ། ལན་གནང་ཤོག
 
 
Re:རིག་པ་ཚད་མ་ལ་མངོན་རྗེས་གཉིས་སུ་ངེས་སམ།
[ 2012/8/16 21:37:32 | By: dzjinpa ]
 
dzjinpaཡིད་དཔྱོད་མཇུག་སྐྱེས་རྗེས་དཔག་ཅིག། ཡོད་ཀྱང་ཁྱབ་པ་ཁས་མ་བླང་།། གོང་དྲིས་གཏམ་ལ་ལན་མོ་ཞིག། སྒུག་པའི་དུས་ཚོད་རིང་འདི་སྐྱོ།།

ཁམས་སྦྱིན་པ་ནས།།
 
 
Re:རིག་པ་ཚད་མ་ལ་མངོན་རྗེས་གཉིས་སུ་ངེས་སམ།
[ 2012/8/16 15:06:36 | By: སྐུ་མགྲོན་2ka4EQ(སྐུ་མགྲོན) ]
 
སྐུ་མགྲོན་2ka4EQ(སྐུ་མགྲོན)ཡིད་དཔྱོད་བློ་ཡི་མཇུག་ཐོག་ཏུ།། སྐྱེས་པའི་བློ་ནི་རྗེས་དཔག་ཞིག། ཡིན་པའི་ཁྱབ་པ་སུ་ཡི་འཛིན།། ཁྱབ་མེད་སྨྲ་བ་བོན་ནག་ཚང་།། ཞེས་བྲག་དཀར་རྩེ་འདུས་སམ་མདོ་སྨད་རྨ་རི་དེའུ་གསུམ་གྱི་ཉེ་འདབས་ནས་བོན་ནག་ཚང་གིས་རྩེད་མཚར་ཙམ་དུ་ཕུལ།
 
 
Re:རིག་པ་ཚད་མ་ལ་མངོན་རྗེས་གཉིས་སུ་ངེས་སམ།
[ 2012/8/16 10:32:24 | By: སྐུ་མགྲོན་sw50Re(སྐུ་མགྲོན) ]
 
སྐུ་མགྲོན་sw50Re(སྐུ་མགྲོན)
བརྗོད་བྱ་འདི་dzjinpaལགས་ཀྱིས་དུས་ཚོད་2012-08-15 23:38:17སྟེང་འདྲེན་བཀོལ་བྱས་ཏེ་དཔྱད་གཏམ་སྤེལ་དོན།
བླ་མས་བོན་ཐམས་ཅད་བདེན་མེད་རེད་ཞེས་གསུངས་པ་སོགས་ལ་བརྟེན་ནས་ང་རང་ཚོ་ལྟར་བུས་ཐམས་ཅད་བདེན་མེད་ཡིན་སིག་བསམ་པ་ཙམ་ནི་ཡིད་དཔྱོད་ལ། དེ་མིན་རྒྱུ་མཚན་ཡང་དག་པ་ཞིག་ལ་བརྟེན་ནས་སྐྱེས་པའི་བློ་སྐད་ཅིག་དང་པོ་ནི་རྗེས་དཔག་ལས་འོས་མེད་དོ།།
གང་ཡིན་ཟེར་ན་རྗེས་དཔག་ཅེས་ཚུལ་གསུམ་ཚང་པའི་རྟགས་ཞིག་ལ་བརྟེན་ནས་སྐྱེ་དགོས་ཀྱང་ཚུལ་གསུམ་ཞེས། དཔེར་ན། སྒྲ་བོན་ཅན།
བདེན་མེད་ཡིན་པ་ཐལ། བདེན་པའི་གཅིག་དང་དུ་མ་བྲལ་བའི་ཕྱིར།།
ཞེས་པ་ལྟར་རྟགས་བོན་དོན་གསུམ་སྦྱོར་ཚུལ་ལྟར་བཀོད་མི་ཤེས་ཀྱང་།
རྟགས་སམ་རྒྱུ་མཚན་ཡང་དག་ཅིག་ལ་བརྟེན་ནས་སྐྱེས་པའི་བློ་སྐད་ཅིག་དང་པོ་དེ་རྗེས་དཔག་ལས་འོས་མེད་དེ། རྗེ་ཡི་ཚད་མ་ལས་རྟགས་ལ་བརྟེན་ནས་འཇུག་ན་རྗེས་དཔག་ཚད་མ་འོ།། ཞེས་གསུངས་པའི་ཕྱིར།། དེ་མིན་ན་ནོར་བུའི་འོད་ཀྱི་རྟགས་ལ་བརྟེན་ནས་ནོར་བུ་རྟོགས་པའི་བློ་དེ་རྗེས་དཔག་ཚད་མ་ཅི་འདྲ་སྒྲུབ།། བོན་ལགས། །

 
 
Re:རིག་པ་ཚད་མ་ལ་མངོན་རྗེས་གཉིས་སུ་ངེས་སམ།
[ 2012/8/16 10:26:30 | By: སྐུ་མགྲོན་128Kco(སྐུ་མགྲོན) ]
 
སྐུ་མགྲོན་128Kco(སྐུ་མགྲོན)གྲོགས་པོ་ལགས། ༡༽ རྫུན་དུ་འགྲོ་ག་ལ་ཕོད། ཕོད་ཚུལ་གང་རེད། ཅེས་པ་ལ་རྫུན་དུ་འགྲོ་མི་ཕོད་ས་མེད་དེ་ཡུལ་རྫུན་པ་ཡིན་ནོ། རྫུན་མིན་ན་བདེན་པ་རེད་དམ། བདེན་པ་ཡིན་ན། བླ་མས་བདེན་པ་མེད་གསུངས་པ་དོན་ལ་མི་གནས་པ་འགྱུར་ཏེ། དོན་ཉིད་བདེན་པ་ཡིན་པས་ཕྱིར། ༢༽ དེ་འདྲའི་གདམ་ངག་སྒོམ་སྟོབས་ཀྱི་འཛིན་པ་བཅོམ་མི་ཐུབ་པའི་རྒྱུ་མཚན་ཅི་རེད། ཅེས་པ་ལ། གོང་ཞུས་ལྟར་ངེས་པ་འདྲེན་ནུས་ཀྱི་རྒྱུ་མཚན་ལ་མ་བརྟེན་པའི་བློས་བདེན་འཛིན་བཅོམ་མི་ནུས་ཞེས་པའི་དོན་ཡིན་འདོག་ཡིན་ལགས། གཟབ་ནན་གྱིས་དྲི་བ་གནང་འདུག་པས་གཟབ་ནན་གྱིས་མཆན་ལ་དཔྱད་པ་གནང་རོགས། མཆན་གོང་མར་དོགས་དྲི་ལས་ལན་གནང་མི་འདུག་པས་ལན་ཞིག་སྒུག་ནས་སྡད་ཡོད་རེ་ཐོག་ལ་འཇོག་པར་སྨོན། མཆན་གཉིས་པས། ཡིན་འགྲོ་བསམ་པ་ལས་སྟོང་ཉིད་རྟོགས་པ་མི་སྲིད་དོ། ཅེ་ན་རྫུན་དུ་འགྲོ་ག་ལ་ཕོད། ཕོད་ཚུལ་གང་རེད། གལ་ཏེ་སྲིད་ན་རང་སྣང་ཡུལ་སྟེང་ནས་གྲུབ་པར་འཛིན་པའི་བློ་དེ་འཇོམ་པ་ལས་སླའོ་རེད་མི་འདུག་གམ། ཞེས་དེ་འདྲའི་གདམ་ངག་སྒོམ་སྟོབས་ཀྱི་འཛིན་པ་བཅོམ་མི་ཐུབ་པའི་རྒྱུ་མཚན་ཅི་རེད། ཅེས་བོན་ནག་ཚང་གིས་གཟབ་ནན་གྱི་ངང་ནས་ཕུལ།
 
 
Re:རིག་པ་ཚད་མ་ལ་མངོན་རྗེས་གཉིས་སུ་ངེས་སམ།
[ 2012/8/16 0:07:39 | By: སྐུ་མགྲོན་0FVi8L(སྐུ་མགྲོན) ]
 
སྐུ་མགྲོན་0FVi8L(སྐུ་མགྲོན)སམ་ན་ཞེས་པ་་་་་བསམ་ན་ཞེས་བཅོས་རོགས།
 
 
Re:རིག་པ་ཚད་མ་ལ་མངོན་རྗེས་གཉིས་སུ་ངེས་སམ།
[ 2012/8/16 0:03:36 | By: སྐུ་མགྲོན་0FVi8L(སྐུ་མགྲོན) ]
 
སྐུ་མགྲོན་0FVi8L(སྐུ་མགྲོན)གྲོགས་པོ་ལགས། བླ་མས་བདེན་མེད་ཡིན་ཚུལ་གྱི་འགྲེལ་བརྗོད་གནད་འཕེར་ཅི་ཡང་མ་གནང་ནས་བདེན་མེད་ཅེས་པའི་སྦོམ་ཚིག་ཙམ་གྲངས་བརྒྱ་བས་བགྲང་ཡང་དེར་བརྟེན་པའི་ཕ་རོལ་པའི་བློས་དོན་ལ་འབྱོར་བའི་གོ་བ་རྙེད་ཐབས་དཀའ་སྟེ། ཕྱི་ཐོས་བསམ་གྱིས་སྒྲོ་འདོགས་མ་བཅད་པར་ནང་རྩེ་གཅིག་གི་སྒོམ་བློ་ཞིག་ཅིས་ཀྱང་རྙེད་པར་དཀའ་བའི་གནད་ཅིག་ཡིན་པར་སྣང་། ད་ཆར་གཞུང་ཁག་ལ་བློ་སྦྱོང་ནན་མོ་བྱེད་བཞིན་པའི་སློབ་གཉེར་བའི་གོ་རྟོགས་ལ་སམ་ན་ཤེས་ནུས་པར་སྙམ། བདེན་མེད་ཅེས་པའི་རྗོད་ཚིག་ཙམ་ལ་བརྟེན་ནས་དད་མོས་སྐྱེ་རུང་ཡང་སྐབས་དེར་ལས་དང་པོ་བའི་བློ་ངོར་རྣམ་པ་གང་འདྲ་ཞིག་ལ་རང་ཚུགས་ཐུབ་སྟེ་རྒྱུན་བསྲིང་ཞིང་སྒོམ་པ་ཡོང་གིན་རེད་དམ། མདོར་ན་ལས་དང་པོ་བས་གདམས་ངག་གིས་བདེན་མེད་སོགས་ཀྱི་དོན་འགྲེལ་བརྗོད་ལ་བརྟེན་ནས་བདེན་མེད་དང་དེའི་དོན་སོགས་ལ་དོན་དང་ཐ་སྙད་ཀྱི་གོ་བ་སྔ་ཕྱིར་ཡོང་བའི་ཚུལ་ནི་རྟགས་ལ་བརྟེན་ནས་རྟོགས་ཚུལ་མ་ཡིན་པའི་འགྲེལ་བརྗོད་ཅིག་དཀའ་བར་སྙམ། གལ་ཏེ་དེ་ལྟར་མི་དགོས་ན་འབད་མེད་དུ་གྲོལ་བར་འགྱུར་བའི་ཚུལ་འདི་ལས་ལྷག་པ་ཞིག་འཇོག་རྒྱུ་དཀའ་ཚོད་རེད་སྙམ། ཀུ་ས་ལིས།
 
 
Re:རིག་པ་ཚད་མ་ལ་མངོན་རྗེས་གཉིས་སུ་ངེས་སམ།
[ 2012/8/15 23:38:17 | By: dzjinpa ]
 
dzjinpaབླ་མས་བོན་ཐམས་ཅད་བདེན་རེད་ཞེས་གསུངས་པ་སོགས་ལ་བརྟེན་ནས་ང་རང་ཚོ་ལྟར་བུས་ཐམས་ཅད་བདེན་མེད་ཡིན་སིག་བསམ་པ་ཙམ་ནི་ཡིད་དཔྱོད་ལ། དེ་མིན་རྒྱུ་མཚན་ཡང་དག་པ་ཞིག་ལ་བརྟེན་ནས་སྐྱེས་པའི་བློ་སྐད་ཅིག་དང་པོ་ནི་རྗེས་དཔག་ལས་འོས་མེད་དོ།།
གང་ཡིན་ཟེར་ན་རྗེས་དཔག་ཅེས་ཚུལ་གསུམ་ཚང་པའི་རྟགས་ཞིག་ལ་བརྟེན་ནས་སྐྱེ་དགོས་ཀྱང་ཚུལ་གསུམ་ཞེས། དཔེར་ན། སྒྲ་བོན་ཅན།
བདེན་མེད་ཡིན་པ་ཐལ། བདེན་པའི་གཅིག་དང་དུ་མ་བྲལ་བའི་ཕྱིར།།
ཞེས་པ་ལྟར་རྟགས་བོན་དོན་གསུམ་སྦྱོར་ཚུལ་ལྟར་བཀོད་མི་ཤེས་ཀྱང་།
རྟགས་སམ་རྒྱུ་མཚན་ཡང་དག་ཅིག་ལ་བརྟེན་ནས་སྐྱེས་པའི་བློ་སྐད་ཅིག་དང་པོ་དེ་རྗེས་དཔག་ལས་འོས་མེད་དེ། རྗེ་ཡི་ཚད་མ་ལས་རྟགས་ལ་བརྟེན་ནས་འཇུག་ན་རྗེས་དཔག་ཚད་མ་འོ།། ཞེས་གསུངས་པའི་ཕྱིར།། དེ་མིན་ན་ནོར་བུའི་འོད་ཀྱི་རྟགས་ལ་བརྟེན་ནས་ནོར་བུ་རྟོགས་པའི་བློ་དེ་རྗེས་དཔག་ཚད་མ་ཅི་འདྲ་སྒྲུབ།། བོན་ལགས། །
 
 
Re:རིག་པ་ཚད་མ་ལ་མངོན་རྗེས་གཉིས་སུ་ངེས་སམ།
[ 2012/8/15 22:35:17 | By: སྐུ་མགྲོན་2ka4EQ(སྐུ་མགྲོན) ]
 
སྐུ་མགྲོན་2ka4EQ(སྐུ་མགྲོན)འོ་རྒྱལ་ཁམས་པ་ཞེས་པ་ཞིག་ཀྱང་བྱོན་པར་དགའ་པོ་འདུག དཔྱད་མཆན་གཉིས་པ་བདེ་མོ། བླ་མས་བདེན་མེད་རེད་ཅེས་གསུངས་པ་ལས་བདེན་པ་མེད་ཚུལ་གང་ཡང་མ་གསུང་ན་རྫུན་ཡིན་འགྲོ་བསམ་པ་ལས་སྟོང་ཉིད་རྟོགས་པ་མི་སྲིད་དོ། ཅེ་ན་རྫུན་དུ་འགྲོ་ག་ལ་ཕོད། ཕོད་ཚུལ་གང་རེད། གལ་ཏེ་སྲིད་ན་རང་སྣང་ཡུལ་སྟེང་ནས་གྲུབ་པར་འཛིན་པའི་བློ་དེ་འཇོམ་པ་ལས་སླའོ་རེད་མི་འདུག་གམ། ཞེས་དེ་འདྲའི་གདམ་ངག་སྒོམ་སྟོབས་ཀྱི་འཛིན་པ་བཅོམ་མི་ཐུབ་པའི་རྒྱུ་མཚན་ཅི་རེད། ཅེས་བོན་ནག་ཚང་གིས་གཟབ་ནན་གྱི་ངང་ནས་ཕུལ།
 
 
Re:རིག་པ་ཚད་མ་ལ་མངོན་རྗེས་གཉིས་སུ་ངེས་སམ།
[ 2012/8/15 20:53:16 | By: སྐུ་མགྲོན་027Iym(སྐུ་མགྲོན) ]
 
སྐུ་མགྲོན་027Iym(སྐུ་མགྲོན)སྔར་མེད་དཔྱད་པ་ཞིག་གི་བཟོ་ལྟ་ཞིག་བཟོས་འདུག། ལུང་རིགས་རྣམ་དག་ཅིག་གི་མདའ་མོ་ཞིག་དྲངས་འདུག། ཞིབ་ཏུ་དཔྱད་ན་གཉིས་ཀ་བདེན་པ་རང་འདུག་པས།། འདི་འདྲའི་དོན་ལ་བསམ་ན་སྙིང་པོ་རང་འདུག་གོ། རྒྱལ་ཁམས་པས་ལྷོ་ཕྱོགས་ནས།
 
 
Re:རིག་པ་ཚད་མ་ལ་མངོན་རྗེས་གཉིས་སུ་ངེས་སམ།
[ 2012/8/15 14:09:26 | By: སྐུ་མགྲོན་t85Bs2(སྐུ་མགྲོན) ]
 
སྐུ་མགྲོན་t85Bs2(སྐུ་མགྲོན)གྲོགས་པོ་ལགས་རྩེད་མཚར་ཞིག་ཞུས་ན། བླ་མས་བདེན་མེད་རེད་ཅེས་གསུངས་པ་ལས་བདེན་པ་མེད་ཚུལ་གང་ཡང་མ་གསུང་ན་རྫུན་ཡིན་འགྲོ་བསམ་པ་ལས་སྟོང་ཉིད་རྟོགས་པ་མི་སྲིད་དོ། གལ་ཏེ་སྲིད་ན་རང་སྣང་ཡུལ་སྟེང་ནས་གྲུབ་པར་འཛིན་པའི་བློ་དེ་འཇོམ་པ་ལས་སླའོ་རེད་མི་འདུག་གམ། མཆན་གཉིས་པ་ནས།
 
 
Re:རིག་པ་ཚད་མ་ལ་མངོན་རྗེས་གཉིས་སུ་ངེས་སམ།
[ 2012/8/14 20:38:12 | By: སྐུ་མགྲོན་130Mdq(སྐུ་མགྲོན) ]
 
སྐུ་མགྲོན་130Mdq(སྐུ་མགྲོན)གྲོགས་ཀུ་ས་ལི་བདེ་མོ། ཁྱོད་ཀྱི་བརྗོད་སྟངས་དེ་མཚན་ཉིད་པའི་བཤད་སྟངས་གཙོ་ཆེ་བར་འདུག དཔྱད་མཆན་གཉིས་པའི་ལན་ལ་བལྟ་རོགས། དེ་ནས་དཔྱད་བརྗོད་བྱ། བོན་ནག་ཚང་གིས་ཕ་ཡུལ་ཁྲི་ཀ་ནས་ཕུལ།
 
 
Re:རིག་པ་ཚད་མ་ལ་མངོན་རྗེས་གཉིས་སུ་ངེས་སམ།
[ 2012/8/14 20:32:28 | By: སྐུ་མགྲོན་130Mdq(སྐུ་མགྲོན) ]
 
སྐུ་མགྲོན་130Mdq(སྐུ་མགྲོན)མཆན་གཉིས་པའི་གྲོགས་པོ་བདེ་མོ། དྲི་བ་ཞིག་ལ། ཚུལ་གསུམ་མི་ཤེས་པས་སྟོང་ཉིད་རྟོགས་ཚུལ་གང་འདྲ་ཡིན་ནམ་ཞེས་པ་དེ་གང་རེད་ཅེ་ན་བླ་མས་བོན་ཐམས་ཅད་བདེན་མེད་རེད་དོ་ཅེས་པའི་ངག་ཚིག་ལ་བརྟེན་ནས་དག་སྣང་དང་ཡིད་ཆེས་པའི་དད་པ་སོགས་ཀྱི་གཞི་བཟུང་བླ་མའི་གདམ་དོན་སྒོམ་སྟོབས་ཀྱི་གཞུང་བསྲིང་ཏེ་སྟོང་ཉིད་གསར་རྟོགས་ཞིག་འབྱུང་སྲིད་སྙམ།དེ་ནི་མ་ཁྱབ་པའི་སྐྱོན་དང་གནས་ལུགས་ཀྱི་གསལ་བཤད་དོ།། ཅེས་བོན་ནག་ཚང་ནས།
 
 
Re:རིག་པ་ཚད་མ་ལ་མངོན་རྗེས་གཉིས་སུ་ངེས་སམ།
[ 2012/8/14 19:38:37 | By: younten ]
 
yountenབླ་མའི་གདམས་ངག་ལ་བརྟེན་ནས་ཚོགས་ལམ་སྐྱེ་ཚུལ་དེ་ནི་དང་པོར་བླ་མས་སྣང་བའི་བོན་འདི་དག་གང་ཞིག་ཐོག་ཏུ་གནས་ལུགས་སོགས་ཀྱི་དོན་བསྟན་ནས་དེར་ངེས་པ་སྐྱེ། དེ་ནས་གཟོད་བདག་མེད་དང་བདེན་མེད་སོགས་མིང་དོན་གྱི་འབྲེལ་བ་ངེས་དགོས་སམ་མི་དགོས། དང་པོ་ལྟར་ན། དེ་ནི་ཕྱོགས་ལ་བརྟེན་ནས་ལྐོག་གྱུར་གྱི་བསྒྲུབ་བྱར་ངེས་པ་སྐྱེད་ཚུལ་དུ་ངེས་སོ། ཕྱི་མ་ལྟར་ན། ལས་དང་པོ་བ་ཞིག་གིས་མིང་དོན་སོགས་ཀྱི་འབྲེལ་བ་དུས་མཉམ་དུ་ངེས་པར་འགྱུར། ཀུ་ས་ལིས།
 
 
Re:རིག་པ་ཚད་མ་ལ་མངོན་རྗེས་གཉིས་སུ་ངེས་སམ།
[ 2012/8/14 15:17:07 | By: སྐུ་མགྲོན་GKBn16(སྐུ་མགྲོན) ]
 
སྐུ་མགྲོན་GKBn16(སྐུ་མགྲོན)གྲོགས་པོ་བོན་ནག་ལགས། ཁྱབ་ཏེ། ལྐོག་གྱུར་ཚུལ་དུ་མཇལ་ཚུལ་ངེས་ཤེས་འདྲེན་ནུས་ཀྱི་རྒྱུ་མཚན་ཡང་དག་ལ་བརྟེན་ནས་མཇལ་དགོས་པས་རྗེས་དཔག་གི་དོན་ཡང་དེ་ཡིན་པར་སེམས། དྲི་བ་ཞིག་ལ། ཚུལ་གསུམ་མི་ཤེས་པས་སྟོང་ཉིད་རྟོགས་ཚུལ་གང་འདྲ་ཡིན་ནམ། མཆན་གཉིས་པས།
 
 
Re:རིག་པ་ཚད་མ་ལ་མངོན་རྗེས་གཉིས་སུ་ངེས་སམ།
[ 2012/8/14 9:18:17 | By: སྐུ་མགྲོན་pTKw4A(སྐུ་མགྲོན) ]
 
སྐུ་མགྲོན་pTKw4A(སྐུ་མགྲོན)དཔྱད་མཆན་གཉིས་པའི་གྲོགས་པོ་ལགས། ཞོགས་པ་བདེ་མོ། ཚོགས་ལམ་ལ་ཚད་མས་ཁྱབ་པ་འདོད་མཁན་མིན་ལ། ཞེས་པ་ནི་དངོས་ནས་ཡག་བྱུང་། ཡིད་ཆེས་དངོས་སྟོབས་གང་ལ་བརྟེན་ནས་བདག་མེད་གསར་དུ་རྟོགས་པའི་བློ་རྟོག་པ་ཚད་མ་དེ་ནི་རྗེས་དཔག་ཏུ་འདོད་དགོས་ཏེ། གཞལ་བྱ་ལྐོག་གྱུར་ཚུལ་དུ་མཇལ་བའི་ཚད་མ་ཡིན་པས་ཕྱིར། ཞེས་པ་ནི་ཁྱབ་མེད་ཀྱི་དོན་ཞིག་ཏུ་འགྲོ་བར་འདོད་བཞིན་ཡོད། རིགས་པ་རྩལ་ཏུ་བཏོན་ནས་བཀའ་སློབ་གནང་རོགས། བོན་ནག་ཚང་ནས།
 
 
Re:རིག་པ་ཚད་མ་ལ་མངོན་རྗེས་གཉིས་སུ་ངེས་སམ།
[ 2012/8/14 7:48:40 | By: སྐུ་མགྲོན་Nr3Uly(སྐུ་མགྲོན) ]
 
སྐུ་མགྲོན་Nr3Uly(སྐུ་མགྲོན)བོན་ནག་ལགས། ཚོགས་ལམ་ལ་ཚད་མས་ཁྱབ་པ་འདོད་མཁན་མིན་ལ། ཡིད་ཆེས་དངོས་སྟོབས་གང་ལ་བརྟེན་ནས་བདག་མེད་གསར་དུ་རྟོགས་པའི་བློ་རྟོག་པ་ཚད་མ་དེ་ནི་རྗེས་དཔག་ཏུ་འདོད་དགོས་ཏེ། གཞལ་བྱ་ལྐོག་གྱུར་ཚུལ་དུ་མཇལ་བའི་ཚད་མ་ཡིན་པས་ཕྱིར། མཆན་གཉིས་པས།
 
 
Re:རིག་པ་ཚད་མ་ལ་མངོན་རྗེས་གཉིས་སུ་ངེས་སམ།
[ 2012/8/13 22:30:13 | By: སྐུ་མགྲོན་2k0Meq(སྐུ་མགྲོན) ]
 
སྐུ་མགྲོན་2k0Meq(སྐུ་མགྲོན)ཀུ་ས་ལི་བདེ་མོ། ས་ལམ་ཡིག་ཆ་ཁག་ལས་ཚོགས་ལམ་སྐབས་སུ་རྟགས་ཀྱིས་རང་བཞིན་མེད་པ་གཏན་ལ་དབབ་ཅེས་པ་དེ་ལྟར་ཡོད་པའི་དོན་ཡིན་ལ་ཚོགས་ལམ་ཡོད་ཚད་དེ་ལྟར་ཡིན་པའི་དོན་གང་ལ་ཡིན། རྗེས་ནས་བཀའ་སློབ་གནང་རོགས། ཞེས་བོན་ནག་ཚང་གིས་བརྩེ་སེམས་ཀྱི་ངང་ནས་ཕུལ།
 
 
Re:རིག་པ་ཚད་མ་ལ་མངོན་རྗེས་གཉིས་སུ་ངེས་སམ།
[ 2012/8/13 22:23:52 | By: སྐུ་མགྲོན་2k0Meq(སྐུ་མགྲོན) ]
 
སྐུ་མགྲོན་2k0Meq(སྐུ་མགྲོན)དྲ་གྲོགས་ཚོ་བདེ་མོ། མཆན་གཉིས་པ་ཞུ་རྒྱུ། རྟོག་པ་ཚད་མ་ཡིན་ན་རྗེས་དཔག་ཡིན་པས་ཁྱབ་པ་མེད་ལ་ཐེག་ཆེན་ཚོགས་ལམ་ཡིན་ན་རྗེས་དཔག་ཡིན་པས་ཁྱབ་པ་སུ་ཞིག་གིས་འཛིན་ཐུབ། ཅེས་བོན་ནག་ཚང་གིས་རྩེད་མཚར་དུ་ཕུལ།
 
 
Re:རིག་པ་ཚད་མ་ལ་མངོན་རྗེས་གཉིས་སུ་ངེས་སམ།
[ 2012/8/13 22:15:00 | By: སྐུ་མགྲོན་2k0Meq(སྐུ་མགྲོན) ]
 
སྐུ་མགྲོན་2k0Meq(སྐུ་མགྲོན)དྲ་གྲོགས་ཚོ་བདེ་མོ། ཁམས་སྤྱིན་པ་ལགས་འདིར་ཕེབས་པར་དགའ་པོ་འདུག ངས་འདི་ནས་ཞུ་རྒྱུ་ཞིག་ལ་གསང་སྔགས་དང་རྫོགས་ཆེན་གྱི་འདོད་གཞུང་ཆེད་བརྗོད་བྱེད་ཀྱིན་མེད། གཙོ་བོ་མདོ་དབུ་མ་བའི་ལུགས་གཙོ་བོར་འཛིན་རྒྱུ་ཡིན། ཐེག་ཆེན་གྱི་ལུགས་ལ་སྟོང་ཉིད་དང་བདག་མེད་གསར་དུ་རྟོགས་པའི་ཐེག་ཆེན་ཚོགས་ལམ་ཞིག་མེད་པར་འདོད་ཀྱིན་མེད་ལ་དེ་ལས་ལྡོག་སྟེ་ཚུལ་གསུམ་མི་ཤེས་པའི་གང་ཟག་ལས་དང་པོ་བ་ཞིག་ལ་བླ་མས་གདམ་ངག་བཤད་དེ་སྒོམ་སྟོབས་ལ་བརྟེན་ནས་སྟོང་ཉིད་དང་བདག་མེད་གསར་རྟོགས་ཀྱི་ཐེག་ཆེན་གྱི་ཚོགས་ལམ་ཞིག་ཡོད་ལ་དེ་ནི་རིག་པ་ཚད་མ་ཞིག་ཡིན་ལ་མངོན་རྗེས་གང་ཡང་མ་ཡིན་ཞེས་པ་དེ་ཡིན། ཐེག་ཆེན་ཚོགས་ལམ་ཡིན་ན་རིག་ཤེས་རྗེས་དཔག་ཚད་མ་ཡིན་པས་ངེས་པ་གང་གིས་ཀྱང་རྙེད་དཀའ། ཞེས་བོན་ནག་ཚང་གིས་རིག་འབྱུང་ཡུལ་ནས་ཕུལ།
 
 
Re:རིག་པ་ཚད་མ་ལ་མངོན་རྗེས་གཉིས་སུ་ངེས་སམ།
[ 2012/8/13 15:39:17 | By: younten ]
 
yountenས་ལམ་ཡིག་ཆ་ཁག་ལས་ཚོགས་ལམ་སྐབས་སུ་རྟགས་ཀྱིས་རང་བཞིན་མེད་པ་གཏན་ལ་དབབ་ཅེས་གསུངས་པས་སྐད་ཅིག་དང་པོའི་དོན་དཔྱོད་ཀྱི་རིག་པ་དེ་ཉིད་རྗེས་དཔག་ཚད་མ་ཡིན་པར་ལུང་རིག་གཉིས་ཀའི་ཐོག་ནས་བསྒྲུབ་ནུས་པར་ལྟ་ཅི་སྨོས།
 
 
Re:རིག་པ་ཚད་མ་ལ་མངོན་རྗེས་གཉིས་སུ་ངེས་སམ།
[ 2012/8/13 15:08:59 | By: སྐུ་མགྲོན་M62Tlx(སྐུ་མགྲོན) ]
 
སྐུ་མགྲོན་M62Tlx(སྐུ་མགྲོན)མ་ངེས་མ་ངེས། ཚོགས་ལམ་ཀྱི་རྣམ་གཅོད་དོན་དམ་འཇལ་བའི་རིག་ཤེས་ནི་ཚད་མ་དེ་གཉིས་གང་དུའང་མི་འདོད། ཁྱུང་ནས།
 
 
Re:རིག་པ་ཚད་མ་ལ་མངོན་རྗེས་གཉིས་སུ་ངེས་སམ།
[ 2012/8/13 12:36:55 | By: སྐུ་མགྲོན་rVMy51(སྐུ་མགྲོན) ]
 
སྐུ་མགྲོན་rVMy51(སྐུ་མགྲོན)བླ་མའི་གདམས་ངག་ཁོ་ན་ལ་བརྟེན་ནས་སྐྱེས་པའི་སྟོང་ཉིད་རྟོགས་པའི་བློ་དེ་རྗེས་དཔག་ཡིན་དགོས་ཏེ། ལས་དང་པོ་བ་ལ་གོ་བརྡ་སྤྲོད་སྐབས་ངེས་ཤེས་འདྲེན་ནུས་ཀྱི་རྒྱུ་མཚན་ཡང་དག་གི་ལམ་ནས་འཁྲིད་དགོས་པས་དེ་ལས་སྐྱེས་པའི་བློ་དེ་རྟོག་པ་ཚད་མར་སེམས།
 
 
Re:རིག་པ་ཚད་མ་ལ་མངོན་རྗེས་གཉིས་སུ་ངེས་སམ།
[ 2012/8/12 23:55:19 | By: dzjinpa ]
 
dzjinpaཁོ་བོས་སྣང་ཚུལ་ལ་རྫས་སྤྱི་གཉིས་གོ་ཆོད་པའི་སྒོ་ནས་ཚད་མ་ལ་དེ་གཉིས་སུ་གྲངས་མ་ངེས་པ་མེད་པར་སྙམ་སྟེ་གང་ཡིན་ཟེར་ན་བླ་མའི་གདམ་ངག་ཁོ་ན་སྒོམ་སྟོབས་ལ་བརྟེན་ནས་ཐེག་པ་ཆེན་པོའི་ཚོགས་ལམ་སྐྱེ་རྒྱུ་ཡོད་ཀྱང་སྐྱེས་པའི་ཚོགས་ལམ་ལ་ཚད་མ་མེད་པའི་རྒྱུ་མཚན་མེད་དེ་མདོ་མཚན་ཉིད་ཐེག་པའི་ལུགས་ལ་བདག་མེད་གསར་དུ་རྟོགས་པའི་བློ་དེ་རིག་ཤེས་རྗེས་དཔག་ཚད་མ་ཡིན་ཏེ་མདོ་ལུགས་ལ་རིག་ཤེས་ཞེས་དོན་དམ་རྟོགས་པའི་བློ་ཞིག་ལ་འཇོག་དགོས་པའི་ལུང་རིག་དུ་མ་ཡོད་ལ།། སྔགས་སེམས་གང་གི་ལུགས་ལ་རང་རང་གི་ལྟ་བའམ་གནས་ལུགས་རྟོགས་པའི་བློ་ཚད་མ་མི་སྲིད་པའི་ཕྱིར་ཏེ། གསང་སྔགས་འདི་ཡི་ལུགས་ཀྱི་གནས་ལུགས་རང་འབྱུང་ཡེ་ཤེས་དེ་ལ་ཡེ་ཤེས་ཞེས་བཏགས་པའི་དགོས་པ་ནི་རང་གི་ཐུན་མོང་མ་ཡིན་པའི་ཡུལ་ཅན་རང་རིག་ཡེ་ཤེས་ཀྱི་ཡུལ་ལས་གཞན་པའི་བློ་གང་གི་ཡུལ་དུ་མ་གྱུར་པ་ཤེས་པའི་ཆེད་ཡིན་པའི་ཕྱིར་ཞེས་ཡེ་ཤེས་ཐིག་ལེའི་འགྲེལ་ལས་གསུངས་པའི་ཕྱིར།།
ཁམས་སྦྱིན་པ་ནས་ཕུལ།།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.