བོད་དང་བོན་ནག་གི་ལས་ལམ།
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
༼ཞང་ཞུང༽གི་རྒྱལ་རབས་སྐོར་ཟུར་ཙམ་གླེང་བ།
[ 2012/7/16 18:11:00 | By: བོན་ནག་ཚང་། ]
 

 

ཞང་ཞུང༽གི་རྒྱལ་རབས་སྐོར་ཟུར་ཙམ་གླེང་བ།

 

སྔོན་དུ་ཞུ་རྒྱུ་ཞིག་ལཞང་ཞུང༽གི་རྒྱལ་རབས་སྐོར་ཟུར་ཙམ་གླེང་བ༽ཞེས་པའི་ནང་དུ་༼ཞང་ཞུང༽གི་རྒྱལ་རབས་ཀྱི་མཚན་ཟུར་ཙམ་ཞིག་མ་གཏོགས་བཀོད་མེད། ཞིབ་ཏུ༼ཞང་ཞུང༽གི་རྒྱལ་པོ་རྣམས་ཀྱི་ལོ་རྒྱུས་དང་མཛད་རྗེས་སོགས་གསལ་པོ་ཤེས་འདོད་ན་བདག་གིས་བྲིས་པའི༼ཞང་ཞུང་འཚོལ་ཞིབ༽ཞེས་པའི་ནང་དུ་ལོ་རྒྱུས་ཀྱི་གསལ་བརྗོད་མངོན་པར་གདའ།

༼ཞང་ཞུང༽མི་རིགས་འདི་དར་བའི་རྗེས་སུ་དམུ་རྒྱལ་གདུང་རབས་ཀྱི༼ཞང་ཞུང༽གི་ས་སྒོ་ཡོད་ཚད་དབང་དུ་བསྡུས་ཤིང༼ཞང་ཞུང༽གི་མི་རིགས་འདི་ལ་དབང་བསྒྱུར་ཐོག་མ་མཛད། དམུ་རྒྱལ་གདུང་རབས་འདིའི་མཚན་ཙམ་སྨོས་ན་དང་པོའི་དབང་བསྒྱུར་བ་སངས་པོ་འབུམ་ཁྲི། ༢ སྲིད་རྗེ་འབྲང་དཀར། ༣ ལྷ་རབས་གཉེན་རུམ་རྗེ། ༤ གནམ་ལྷ་དཀར་པོ། ༥ ཁ་ཡེ་མུ་ལ་འཐེན། ༦ མུ་སངས་བལ་ལ་འཐེན། ༧ བལ་སངས་གཡེལ་ལ་འཐེན། ༨ གཡེལ་སངས་ཕྱཱ་ལ་འཐེན། ༩ཕྱཱ་སངས་འོད་ལ་འཐེན། ༡༠ འོད་སངས་ཡུལ་ལ་འཐེན། ༡༡ ཡུལ་སངས་དགུང་ལ་འཐེན། ༡༢ རླུང་སངས་འོད་ལ་འཐེན། ༡༣ འོད་སངས་དམུ་ལ་འཐེན། ༡༤ དམུ་ཕྱུག་སྐྱེ་རབས། ༡༥ ལམ་པ་ཕྱག་དཀར། ༡༦ བཙན་པ་གྱེར་ཆེན། ༡༧ ཐོག་རྗེ་བཙན་པ། ༡༨ ལེན་གྱི་ཐེམ་སྐས། ༡༩ རྒྱལ་བོན་ཐོད་དཀར། ༢༠ གཤེན་རབ་མི་བོ་ཆེ་ལ་ཐུག་གི་བར་དུ་དམུ་རྒྱལ་གྱི་གདུང་རབས་འདིས༼ཞང་ཞུང༽གི་མངའ་དབང་མཛད།

གཤེན་རབ་མ་བྱོན་པའི་ཡར་སྔོན་དུ༼ཞང་ཞུང༽གི་ཤེས་རིག་དེ་འདྲའི་འཐུས་སྒོ་ཚང་བ་ཞིག་མ་ཡིན་ན་ཡང༼ཞང་ཞུང༽གི༼གདོད་མའི་ཤེས་རིག༽ཅིག་ཡོད་པར་མངོན་ཡོད། གཤེན་རབ་མི་བོ་ཆེ་བྱོན་ནས༼ཞང་ཞུང༽གི༼གདོད་མའི་ཤེས་རིག༽དེ་ངོ་བོ་ཕུན་སུམ་ཚོགས་པ་ཞིག་བཟོས་པར་མ་ཟད་འཛམ་བུའི་གླིང་དུ་བླ་ན་མེད་པའི་ཤེས་རིག་ཕུན་སུམ་ཚོགས་པ་ཞིག་གསར་འདོན་མཛད། དུས་སྐབས་སུ༼ཞང་ཞུང༽གི་བྱ་རུ་ཐོབ་པའི་རྒྱལ་པོ་བཅོ་བརྒྱད་ཀྱི་དང་པོ༼ཞང་ཞུང༽གི་ཁྲི་སྡེ་བཅོ་བརྒྱད་ཀྱི་གཙོས་པའི་ཡུལ་ཆེན་བཅོ་བརྒྱད་ལ་མངའ་དབང་ཆེ་བའི་རྒྱལ་པོ་སྲིད་པ་གནམ་ནས་བསྐོས་པའི༼ཞང་ཞུང༽སྲིད་པའི་རྒྱལ་པོ་ཁྲི་ཝེར་ལ་རྗེ་གུ་ལང་གསེར་གྱི་བྱ་རུ་ཅན་བྱོན་ཞིང་རྗེ་དེ་ཉིད་སྟོན་པའི་མཆོག་གཤེན་རབ་མི་བོ་ཡི་དངོས་སློབ་དང་གཤེན་ཐང་མ་འོད་རྒྱལ་གྱིས་རྗེ་བོ་དེ་ཉིད་ཀྱི་སྐུ་གཤེན་མཛད་ནས༼ཞང་ཞུང༽གི་མངའ་ཐང་རྒྱས། ཞུང་ཞུག་ཟིལ་གནོན་གྱི་རྒྱལ་པོ་རླབས་ཆེན་ཁྱུང་གི་བྱ་རུ་ཅན། ཧྲི་དོ་གྱེར་སྤུངས་རྒྱལ་པོ་ཀང་ཀ་ཤེལ་གྱི་བྱ་རུ་ཅན༼དེ་གསུམ་གྱི་གནས་ཡུལ་ནི་གངས་རིན་པོ་ཆེའི་མདུན། རྒྱབ་རི་གཡུ་ལོ་ལྗོན་པའི་རྫོང་མཁར་ཡིན༽། ཁྱུང་ལུང་རྒྱལ་བ་མཉེས་ཡུལ་དུ་སླས་ཀྲ་གུ་གེའི་རྒྱལ་པོ་རིན་ཆེན་འོད་ཀྱི་བྱ་རུ་ཅན༼གཤེན་པོ་གཡུང་དྲུང་ཚུལ་ཁྲིམས་ཀྱིས་རྒྱལ་པོ་འདིའི་སྐུ་གཤེན་མཛད༽། རྒྱུང་ཡར་མུ་ཁོད་རྒྱལ་པོ་གཞའ་ཚོན་འོད་ཀྱི་བྱ་རུ་ཅན། ཀྱི་ལེ་གུ་གེ་རྒྱལ་པོ་ཨུན་ཆེན་དུང་གི་བྱ་རུ་ཅན། ༼ཞང་ཞུང༽པུ་མར་ཧྲིང་གི་ཡུལ་དུ་སྤུངས་རྒྱུང་གྱེར་གྱི་རྒྱལ་པོ་བྱི་རུ་འོད་ཀྱི་བྱ་རུ་ཅན༼དྭངས་པ་ཡིད་རིང་གིས་རྒྱལ་པོ་འདིའི་སྐུ་གཤེན་མཛད༽། ཉེ་ལོ་ཝེར་ཡ་རྒྱལ་པོ་ཕྲ་མེན་འོད་ཀྱི་བྱ་རུ་ཅན། ༼ཞང་ཞུང༽ཙི་ནའི་ཡུལ་དུ་སྟག་རྣ་གཟི་བརྗིད་རྒྱལ་པོ་ཟོམ་ཤང་ལྕགས་ཀྱི་བྱ་རུ་ཅན༼རྫུ་འཕྲུལ་ཡེ་ཤེས་ཀྱིས་རྒྱལ་པོ་འདིའི་སྐུ་གཤེན་མཛད༽། ཛྭོ་དམར་ཐིས་སྤུངས་རྒྱལ་པོ་མེ་དཔུང་འོད་ཀྱི་བྱ་རུ་ཅན། ༼ཞང་ཞུང༽ཏ་རོག་ཡུལ་དུ་བདུད་འདུལ་དབལ་གྱི་རྒྱལ་པོ་ཉི་ཤེལ་འོད་ཀྱི་བྱ་རུ་ཅན། ལི་ཝིར་གྱེར་གྱི་རྒྱལ་པོ་ཟླ་ཤེལ་འོད་ཀྱི་བྱ་རུ་ཅན། ༼ཞང་ཞུང༽སྟ་གོའི་ཡུལ་དུ་ཤེལ་རྒྱུད་ཧྲི་དོ་རྒྱལ་པོ་ཛྭོ་དམར་འོད་ཀྱི་བྱ་རུ་ཅན། ལིག་མར་ནམ་མཁའི་རྒྱལ་པོ་བྷེ་དྷུས་འོད་ཀྱི་བྱ་རུ་ཅན། ༼ཞང་ཞུང༽ཁ་སྐྱོར་ཡུལ་དུ་མུ་ཝེར་ནོར་གྱི་རྒྱལ་པོ་ག་ལྗང་འོད་ཀྱི་བྱ་རུ་ཅན༼གུང་རུམ་གཙུག་ཕུད་ཀྱིས་རྒྱལ་པོ་འདིའི་སྐུ་གཤེན་མཛད༽། ༼ཞང་ཞུང༽ཁ་ཡུག་ཡུལ་དུ་སད་ཧྲི་གྱེར་གྱི་རྒྱལ་པོ་ཨུཏྤལ་འོད་ཀྱི་བྱ་རུ་ཅན༼སློབ་དཔོན་ཡེ་ཤེས་ཚུལ་ཁྲིམས་ཀྱིས་རྒྱལ་པོ་འདིའི་སྐུ་གཤེན་མཛད༽། ༼ཞང་ཞུང༽ལ་དྭགས་ཡུལ་དུ་ཉེ་ལོ་ཝེར་ཡ་རྒྱལ་པོ་གནམ་ལྕགས་དབལ་གྱི་བྱ་རུ་ཅན། ༼ཞང་ཞུང༽རུ་ཐོག་ཡུལ་དུ་མུ་མར་ཐོག་རྒོད་རྒྱལ་པོ་ཨེཎཊ་འོད་ཀྱི་བྱ་རུ་ཅན༼གཙུག་ཕུད་རྒྱལ་བས་རྒྱལ་པོ་འདིའི་སྐུ་སྲུང་མཛད༽དང་བཅོ་བརྒྱད་བྱོན་ནོ།།

དེའི་རྗེས་སུ༼ཞང་ཞུང༽གི་རྒྱལ་པོ་མཐའ་མ་ལིག་མིན་རྐྱ་ཡིན་ཞིང་རྒྱལ་པོ་འདི་ཉིད་ལ་ཐུག་གི་བར་དུ༼ཞང་ཞུང༽གི་རྒྱལ་པོའི་མངའ་ཐང་རྒྱས་ཤིང་རྒྱས་པའི་དན་རྟགས་སུ་ལིག་མིན་རྐྱའི་བར་དུ་བརྒྱུད་ཡོང་བའི་ཕྱག་ཐམ་གྱིས་བརྗོད་ཡོད། ཕྱག་ཐམ་ངོས་སུ་ཞང་སྐད་དུ༼ཁ་ཚན་པ་ཤང་ལིག་ཞི་ར་ཙ༽ཞེས་བཀོད་ཡོད་ཅིང་བོད་སྐད་དུ༼ཐམས་ཅད་དབང་བསྒྱུར་སྲིད་པའི་རྒྱལ་པོ༽ཞེས་འདུག མཁར་བཞི༼ཁྱུང་ལུང་དངུལ་མཁར། སྤུ་ཧྲིང་སྟག་ལ་མཁར། སྨེ་ཤིང་བྱི་བ་མཁར། མ་པང་སྤོས་མོ་མཁར་སོགས་མཁར་ཆེན་བཞི་དང་གད་ཀྱི་བྱི་བ་མཁར་སོགས་མཁར་ཆུང་མང་པོ་ཡོད༽དང་རྫོང་བཞིའི༼དྭང་ར་ཁྱུང་རྫོང་། སེ་རིབ་འབྲུག་མོ་རྫོང་། རུ་ཐོག་སེང་གེ་རྫོང་། མང་ཡུལ་སྟག་མོ་རྫོང་དང་རྫོང་ཆེན་བཞི་ཡོད་ལ་སྦིལ་ཏི་ཧྲང་རྫོང་སོགས་རྫོང་ཆུང་མང་པོ་ཡོད༽གནས་ཡུལ་ལ་བརྟེན་ནས་སྲིད་པ་དབང་བསྒྱུར་བྱས་སོ།།   

 
 
Re:༼ཞང་ཞུང༽གི་རྒྱལ་རབས་སྐོར་ཟུར་ཙམ་གླེང་བ།
[ 2012/7/20 16:08:57 | By: སྐུ་མགྲོན་Osj7My(སྐུ་མགྲོན) ]
 
སྐུ་མགྲོན་Osj7My(སྐུ་མགྲོན)ཞང་ཞུང་གི་ལོ་རྒྱུས་བགྲོ་གླེང་གནང་བ་དགོས་ངེས་རེད།བདེན་པ་དང་དཔང་རྟགས་ཁ་ཇེ་གསལ་གཏིང་ཇེ་ཟབ་འགྲོ་དང་འགྲོ་བཞིན་རེད།ང་ཚོས་མུ་མཐུད་ཞིབ་འཇུག་དང་རྒྱུད་འཛིན་བྱེད་དགོས།སེང་རྡོར་དྲ་བའི་ཐོག་དུ་བོང་རྫི་ཟེར་བའི་དུན་ཙེ་ཁ་ཅིིག་ངུས་ན་ངུ་ཆུག ནམ་གསལ་བ་ལག་པས་འགོག་མཁན་དེ་དག་རྙིང་རྗེའི་ཡུལ་ལས་མ་འདས་པས་ང་ཚོས་གཅིག་ལེན་གཅིག་དང་གཉིས་ལེན་གཉིས་དགོས་དོན་མི་འདུག གཙང་ཚ་ནས།
 
 
Re:༼ཞང་ཞུང༽གི་རྒྱལ་རབས་སྐོར་ཟུར་ཙམ་གླེང་བ།
[ 2012/7/19 21:53:32 | By: སྐུ་མགྲོན་0fv3Am(སྐུ་མགྲོན) ]
 
སྐུ་མགྲོན་0fv3Am(སྐུ་མགྲོན)གོང་གི་གཞུང་འདིའི་ལུང་དེ་ལེགས་བཤད་མཛོད་དང་ཏི་སེ་འོད་སྣང་སོགས་ལ་བཅོལ་བ་ཡིན། སྐུ་གཤེན་གཙུག་ཕུད་རྒྱལ་བ་དེ་ག་ཅུ་གཙུག་ཕུད་རྒྱལ་བ་ཡིན་མིན་ད་རུང་གསལ་པོ་མ་ཤེས། གང་ལྟར་གསལ་པོ་ཞིག་བཤད་ཁག་པོ་རེད། བོན་ནག་ཚང་ནས།
 
 
Re:༼ཞང་ཞུང༽གི་རྒྱལ་རབས་སྐོར་ཟུར་ཙམ་གླེང་བ།
[ 2012/7/19 19:03:17 | By: 尼玛(སྐུ་མགྲོན) ]
 
尼玛(སྐུ་མགྲོན)འདྲི་རྒྱུར་་་་་་་་་་་
༡༽ ཞང་ཞུང་རུ་ཐོག་ཡུལ་དུ་མུ་མར་ཐོག་རྒོད་རྒྱལ་པོ་ཨེཎཊ་འོད་ཀྱི་བྱ་རུ་ཅན་གྱི་སྐུ་གཤེན་གཙུག་ཕུད་རྒྱལ་བ་ཞེས་པའི་གཤེན་པོ་འདི་སུ་རེད།
ག་ཆུ་གཙུག་ཕུད་རྒྱལ་བ་རེད་དམ།
༢༽ དེ་མིན་གོང་གི་དམུ་རྒྱལ་གདུང་རབས་ཞེས་པའི་གྲངས་འདྲེན་གྱི་ཁུངས་དེ་གང་ལ་གཏུགས་ཡིན།
མྱི་རོ་ནས།
 
 
Re:༼ཞང་ཞུང༽གི་རྒྱལ་རབས་སྐོར་ཟུར་ཙམ་གླེང་བ།
[ 2012/7/17 16:38:28 | By: སྐུ་མགྲོན་H41Ogs(སྐུ་མགྲོན) ]
 
སྐུ་མགྲོན་H41Ogs(སྐུ་མགྲོན)དྲ་གྲོགས་ཚོ་བདེ་མོ། མྱི་རོ་དང་ཚུལ་དགེ་གཉིས་བདེ་མོ། བྱ་རུ་ཅན་གྱི་རྒྱལ་པོ༡༨གྱི་མཚན་དེ་གང་ན་གསལ་ཞེ་ན་དཀར་རུ་རྟོགས་ལྡན་བསྟན་འཛིན་རིན་ཆེན་གྱིས་མཛད་པའི༼འཛམ་གླིང་གངས་ཏི་སེའི་དཀར་ཆག་ཚངས་དབྱངས་ཡིད་འཕྲོག༽ཏུ་གསལ་ཞིང་དེ་མིན་ཡོངས་འཛིན་རིན་པོ་ཆེས་མཛད་པའི༼འབལ་གཏམ་ལུང་གི་སྙིང་པོ༽ན་ཡང་གསལ། མྱི་རོ་ལགས་ལིག་མིན་རྐྱ་བྱ་རུ་ཐོབ་པའི་རྒྱལ་པོ་བཅོ་བརྒྱད་ཀྱི་གྲས་ཡིན་པའི་གཞུང་ལུགས་དེ་མཛུབ་སྟོན་གནང་རོགས། ངས་འདི་ལྟར་འབྲི་དོན་མིང་ཙམ་གྱིས་སྒོས་བྲིས་པ་མིན་གཙོ་བོ་བགྲོ་གླེང་གི་ཆེད་དུའོ།། ཞེས་བོན་ནག་ཚང་ནས།
 
 
Re:༼ཞང་ཞུང༽གི་རྒྱལ་རབས་སྐོར་ཟུར་ཙམ་གླེང་བ།
[ 2012/7/17 11:35:23 | By: abc(སྐུ་མགྲོན) ]
 
abc(སྐུ་མགྲོན)བྱ་རུ་ཅན་བཅོ་བརྒྱད་ཀྱི་གྲངས་བརྗོད་འདི་དཔེ་ཁུངས་གང་ནས་བཤུས་པ་ཡིན། ཁུངས་མེད་ལུང་མེད་ཅིག་ཡིན་ནམ།
ལན་ཞིག་གནང་རོགས།
ཚུལ་དགེ་ནས།
 
 
Re:༼ཞང་ཞུང༽གི་རྒྱལ་རབས་སྐོར་ཟུར་ཙམ་གླེང་བ།
[ 2012/7/16 21:05:03 | By: myi ro(སྐུ་མགྲོན) ]
 
myi ro(སྐུ་མགྲོན)ཁྱེད་ཀྱིས་བྲིས་པ་འདི་ལ་རྒྱབ་ཁོངས་ཡིག་ཆ་གཅིག་ཀྱང་དྲངས་མི་འདུག་པས། དེ་བཞིན་བཀོད་ན་ཡག་པོ་རེད། ལྷག་དོན་དུ་བྱ་རུ་ཅན་༡༨ཀྱི་གྲངས་དེ་དཔེ་ཆ་གང་དུ་གསལ་ཡོད་མཆན་ཁུངས་གསལ་དགོས་རེད།
ཡ་མཚན་པ་ཞིག་ལ་ལིག་མྱི་རྐྱ་༡༨གྱི་གྲས་སུ་མེད་པ་ལྟ་བུ་ཞིག་བཀོད་འདུག
དེ་མིན་ཁྱེད་ཀྱི་ཞང་ཞུང་འཚོལ་ཞིབ་ཅེས་པ་དེབ་ཅིག་རེད་དམ་གང་རེད། གང་དུ་བཀོད་ཡོད་ངོ་སྤྲོད་གསལ་པོ་དགོས།
འདི་དག་མེད་ན་དེང་གི་དཔྱད་རྩོམ་དང་ལོ་རྒྱུས་ཀྱི་གྲས་སུ་མི་ཚུད་པ་མ་གཏོགས། ཞིབ་འཇུག་པ་དང་ཉམས་ཞིབ་པ་དག་གིས་ཆ་འཇོག་མི་བྱེད་པས་དེ་ལུགས་དགོངས་བཞེས་ཞུ། མྱི་རོ་ནས།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.