བོད་དང་བོན་ནག་གི་ལས་ལམ།
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
གསར་བརྗེ་མེད་པའི་ནུབ་བྱང་།
[ 2012/4/17 18:48:00 | By: བོན་ནག་ཚང་། ]
 

 

གསར་བརྗེ་མེད་པའི་ནུབ་བྱང་།

 

ཉེ་བའི་ལོ་འགའི་སྔོན་ལ་ཞོགས་དུང་ལགས་ཀྱི་བསམ་བློ་ཁ་ཤས་ཤིག་གིས་ནུབ་བྱང་ཚང་རང་གྲོལ་དུ་བཏང་བ་ནི་སྟོབས་དང་ལྡན་པ་ལྟ་བུའི་ཟིལ་ཤུགས་འདུགཉེ་རབས་ཀྱི་དུས་སུ་སྒང་བ་ཚང་ལ་མཚོན་ན་མི་ཚང་མས་གླེང་རིན་ཡོད་པའི་ལོ་རྒྱུས་ཤིག་ཏུ་གྱུར་བའི་དུས་མཚུངས་སུ་ནུབ་བྱང་ཚང་གི་གཞོན་ནུ་ཚོ་ཡང་སྲོག་མེད་བེམ་གཟུགས་ཀྱི་འདུ་ཤེས་ལས་བསྒྲལ་ཏེ་མཐོ་སྒང་གི་ཡངས་སྟེང་ན་སྟོབས་ཀྱིས་བསྐྱོད་བཞིན་བླ་སྲོག་གསར་བ་ཞིག་གི་གླེང་གཞི་བསྒྲགས།འདི་ནི་ང་ཚོའི་མདུན་ལྗོངས་སུ་བཏེགས་པའི་འོད་ཀྱི་ལམ་བུ་ཞིག་ཏུ་འཁུམ་པ་ཙམ་ལས་གསར་བརྗེ་ཡི་ངོ་བོ་མ་མཐོང་བའི་ན་ཟུག་ཕྲན་བུ་སེམས་ཀྱི་ཟབ་ས་ན་དྲག་ཏུ་འཁྱིལ་བར་གནས།

འཇིག་རྟེན་པའི་རིག་གནས་ལ་དུང་བ་ཟབ་ཅིང་ལྷ་ཆོས་རིག་གནས་ལ་ཐན་དུ་ལྟ་བའི་སྒེར་ཚུགས་ཀྱིས།ཕུགས་བསམ་ཞིག་གི་སྒོ་མོ་དམ་དུ་བསྡམས་པས་སྲོག་མེད་ཀྱི་སྐད་ཆ་རླུང་གིས་འཁུར།འཇིག་རྟེན་པའི་རིག་གནས་ཀྱི་རྒྱབ་ལྗོངས་མཐར་ཐུག་དང་ལྷ་ཆོས་རིག་གནས་ཀྱི་རྒྱབ་ལྗོངས་མཐར་ཐུག་དེ་མེ་དང་ཆུ་ལྟ་བུའི་འགལ་བར་སོང་ཡོད་ན་ཡང་།འཇིག་རྟེན་པ་ལ་མཁོ་བའི་ལྷ་ཆོས༼འདི་ཁོ་ནས་ལས་གང་ལ་ཆོག་ནང་འདྲེན་ཡང་ཁོ་ནི་རེད༽དེ་བླང་དོར་བྱེད་མ་ཐུབ་པས་ནུབ་བྱང་ཚང་ལ་འཚོ་གནས་གསར་སྐྲུན་གྱི་གསར་བརྗེ་རིག་གནས་ཤིག་མེད་སོང་བ་རེད།

བོད་ལ་མཚོན་ན་གདོད་མ་ནས་ད་ལྟའི་བར་དུ་འཇིག་རྟེན་པ་ལ་ཉེ་བར་མཁོ་བའི་མ་ལག་ཆ་ཚང་བའི་གསར་བརྗེ་རིག་གནས་ཤིག་ཆགས་མ་ཐུབ་པ་ནི་འཇིག་རྟེན་པ་ཁོ་ན་ལ་ཁ་མ་གཏད་པའི་ལམ་ཕྱོགས་དེས་སྲོན་དཀའ་བའི་གོད་ཆག་ཐེངས་མང་བྱུང་ན་ཡང་ནུབ་བྱང་ཚང་འདོད་བརྩེ་ཡིས་ཁེངས་ནས་འཚོ་ཐབས་ཀྱི་གསར་བརྗེ་རིག་གནས་ཀྱི་ངོ་བོས་སྟོང་ཞིང་རིག་གནས་དེ་རྨང་ནས་བརྗེད་འདུག

ནུབ་བྱང་ཚང་དོན་དངོས་སུ་རྭ་བརྒྱ་ཤེས་རིག་ནོར་བུའི་གླིང་གི་སེམས་ཤུགས་ལ་ཡང་དོ་བར་མི་འདུགརྭ་བརྒྱ་ལ་སྟོབས་དང་ལྡན་པའི་རིག་གནས་ཤིག་གི་ངོ་བོ་མེད་ན་ཡང་དགེ་སློབ་ཚང་མས་བོད་ཕ་སྐད་ཀྱི་སྲོག་རྩ་བརྟན་བརླིང་གིས་བཟུང་བ་ནི་ངོ་མ་དོན་དང་ལྡན་པ་ཞིག་རེད།རྭ་བརྒྱ་ཚང་གིས་བོད་མི་ཚོའི་ཁ་ན་གང་བྱུང་དུ་གྲག་པའི་བསྒྲག་སྐད༼རྒྱ་སྐད་བོད་སྐད་བསྲེས་ནས་བཤད་པ༽བཅོམ་པའི་གསར་བརྗེ་རིག་གནས་ཀྱི་ཅོང་བརྡ་དེ་སྔོན་དུ་བཏང་མེད་པ་ཡིན་ན།བོད་ཕ་སྐད་རྒྱུན་འཛིན་གྱི་མི་རབས་དེ་ཚོ་ཡང་ནུབ་བྱང་ཚང་དང་འདྲ་བར་བསྒྲག་སྐད་ཀྱི་ཀློང་ན་ལུས་པ་ཐེ་ཚོམ་མེད།བླ་མེད་ཀྱི་ཅོང་བརྡ་དེས་མི་རབས་ཚོ་བསྒྲག་སྐད་ཀྱི་ཀློང་ནས་སློང་ན་ཡང་ནུབ་བྱང་ཚང་བསྒྲག་སྐད༼བསྒྲག་སྐད་བཤད་མཁན་གཙོ་བོ་ནི་ལས་བྱེད་པ་དང་མཁས་པ་མང་པོ་ཞིག་ཀྱང་འདུ༽ཀྱི་ཀློང་དུ་ལུས་ཤིང་བོད་ཕ་སྐད་གཙང་མ་ཞིག་གི་གསར་བརྗེ་རིག་གནས་དེ་ཡང་དབེན་འདུག

ནུབ་བྱང་ཚང་དང་ནུབ་བྱང་ཚང་ལྟ་བུ་ལ་གང་མཁོ་ཞེ་ན་ཁྱིམ་པའི་འཚོ་གནས་དང་འཚོ་ཐབས།འཚོ་རང་སྲུང་གི་མ་ལག་ཆ་ཚང་བའི་གསར་བརྗེ་རིག་གནས་ཤིག་དང་།དེ་ལ་མཁས་པར་གྱུར་བའི་གསར་བརྗེ་སློབ་དཔོན་ཞིགསློབ་སྟོན་གནང་སའི་གསར་བརྗེ་ཡི་ངོ་བོ་ལྡན་པའི་སློབ་གྲྭ་ཕུན་སུམ་ཚོགས་པ་ཞིག་ཡིན་ལ།འདི་དག་གི་ངོ་བོ་གསར་བརྗེ་སྒུལ་ཤུགས་ཀྱིས་སློང་ཐུབ་པ་ཡིན་ན།ནུབ་བྱང་ཚང་གི་གཞོན་ནུའི་དུས་རབས་འདི་སྟོབས་དང་ལྡན་ལ་དེ་ལྟ་བུའི་མངའ་ཐང་མེད་པ་ཡིན་ན༼ནུབ་བྱང་ཚང་བརྩེ་དུང་གི་འཆལ་བོ༽དང༼ཞོགས་དུང་གི་རིག་གནས་ཀྱི་བྲན་གཡོག༽ལས་མེད་པར་བསམ།

དོན་ངོ་མ་བསམ་ན་ངན་ཁག་ཡོད་ཚད་ནུབ་བྱང་ཚང་གི་མགོ་ལ་དཀྲི་དགོས་དོན་ག་ལ་ཡོད།ཡིན་ན་ཡང་ནུབ་བྱང་ཚང་ལ་ནུབ་བྱང་ཚང་གི་རིག་གནས་ཀྱི་སྙིང་སྟོབས་དང་བསམ་བློའི་སྙིང་སྟོབས་མེད་ལ།གསར་བརྗེ་ཡི་ལམ་བུ་ཞིག་དང་གསར་བརྗེ་ཡི་ཁ་ཕྱོགས་ཤིག་ཀྱང་མེད་པས།ངས་ནུབ་བྱང་ཚང་ལ་འབོད་སྐུལ་ཐེངས་གཅིག་བྱས་པ་ཡིན།

དོན་ལ་ནུབ་བྱང་ཚང་གཙོ་མཛད་པའི་ཁྱིམ་པ་བ་ཚོས་རང་ཉིད་འཚོ་ཐབས་ཀྱི་ཆེད་དུ་གསར་བརྗེ་ཡི་ངོ་བོ་ལྡན་པའི་རིག་གནས་ཤིག་སློང་བསྐྲུན་བྱེད་རྒྱུ་ནི་གནད་ཀྱི་དམ་པ་ཞིག་ཏུའོ།།

 

༢༠༡༢ ,༤ ,༡༦ཉིན་ཁྲི་བློ་རྩེ་རུ་འབོད་པས་བྲིས།

 
 
Re:གསར་བརྗེ་མེད་པའི་ནུབ་བྱང་།
[ 2012/5/10 17:39:18 | By: སྐུ་མགྲོན་qVl8PC(སྐུ་མགྲོན) ]
 
སྐུ་མགྲོན་qVl8PC(སྐུ་མགྲོན)གཡུང་དྲུང་བོན་ཞེས་པ་ཡང་གཞན་ཕན་གྱི་ལྷག་བསམ་དཀར་བའི་ཆོས་ལུགས་ཤིག་སྟེ། སྟོན་པ་གཤེན་རབ་མི་བོ་ཆེས་འཇིག་རྟེན་འདིར་བཞག་པའི་བྱས་རྗེས་རླབས་ཆེན་ཞིག་ཡིན། ནག་ཅེས་པ་བྱ་བཞག་བཟང་ངན་གཉིས་ལས་ངན་པར་འཇོག་པས་དེར་ང་རང་མི་འཐད། ནུབ་བྱང་དང་རྭ་རྒྱ་ཡང་འུ་ཅག་གི་རིགས་རྐྱང་རྐྱང་ཡིན་པས་ནུབ་བྱང་ཚང་དང་རྭ་རྒྱ་ཚང་ཞེས་མཛུབ་མོ་གདོང་ཀེར་གྱིས་སོ་སོར་བཅད་ན་མི་འགྲིག་པས་དེར་ང་མི་འཐད། སློབ་གསོའི་ཆ་ནས་ཤ་ཚ་བའི་ཚིག་ལ་སྙན་མོ་མེད།ཅེས་པ་ལྟར་དབྱེན་དང་ཕྲ་མ་མིན་ན་ཕན་སེམས་ཀྱིས་ཀུན་ནས་བསླངས་པའི་ཚིག་སུས་ཀྱང་ལབ་ཆོག གཡུ་རལ་ནས།
 
 
Re:གསར་བརྗེ་མེད་པའི་ནུབ་བྱང་།
[ 2012/5/10 17:36:22 | By: སྐུ་མགྲོན་qVl8PC(སྐུ་མགྲོན) ]
 
སྐུ་མགྲོན་qVl8PC(སྐུ་མགྲོན)གཡུང་དྲུང་བོན་ཞེས་པ་ཡང་གཞན་ཕན་གྱི་ལྷག་བསམ་དཀར་བའི་ཆོས་ལུགས་ཤིག་སྟེ། སྟོན་པ་གཤེན་རབ་མི་བོ་ཆེས་འཇིག་རྟེན་འདིར་བཞག་པའི་བྱས་རྗེས་རླབས་ཆེན་ཞིག་ཡིན། ནག་ཅེས་པ་བྱ་བཞག་བཟང་ངན་གཉིས་ལས་ངན་པར་འཇོག་པས་དེར་ང་རང་མི་འཐད། ནུབ་བྱང་དང་རྭ་རྒྱ་ཡང་འུ་ཅག་གི་རིགས་རྐྱང་རྐྱང་ཡིན་པས་ནུབ་བྱང་ཚང་དང་རྭ་རྒྱ་ཚང་ཞེས་མཛུབ་མོ་གདོང་ཀེར་གྱིས་སོ་སོར་བཅད་ན་མི་འགྲིག་པས་དེར་ང་མི་འཐད། སློབ་གསོའི་ཆ་ནས་ཤ་ཚ་བའི་ཚིག་ལ་སྙན་མོ་མེད།ཅེས་པ་ལྟར་དབྱེན་དང་ཕྲ་མ་མིན་ན་ཕན་སེམས་ཀྱིས་ཀུན་ནས་བསླངས་པའི་ཚིག་སུས་ཀྱང་ལབ་ཆོག
 
 
Re:གསར་བརྗེ་མེད་པའི་ནུབ་བྱང་།
[ 2012/5/7 20:33:59 | By: སྐུ་མགྲོན་017Hx3(སྐུ་མགྲོན) ]
 
སྐུ་མགྲོན་017Hx3(སྐུ་མགྲོན)ཁྱེད་རང་རིག་གནས་དང་གཞུང་ལུགས་ལ་མཁས་པ་ནི་གཡུང་དྲུང་བོན་གྱི་ལ་རྒྱ་ལོས་ཡིནཡང། བོན་ནག་ཞེས་པའི་མིང་དེ་གཡུང་དྲུང་བོན་ལ་
ཞབས་འདྲེན་ཅུང་ཙམ་རེད་མི་འདུག་གམ ། ཨ་ཁྱེད་རང་ལན་གང་
མགྱོགས་ཕུལ་རོགས། དགོང་པ་མ་འཚོལ།།།
 
 
Re:གསར་བརྗེ་མེད་པའི་ནུབ་བྱང་།
[ 2012/4/22 13:23:44 | By: khyung ]
 
khyungངས་ཀྱང་ལྟས་པ་ཡིན།
 
 
Re:གསར་བརྗེ་མེད་པའི་ནུབ་བྱང་།
[ 2012/4/18 11:23:46 | By: སྐུ་མགྲོན་qul8Oc(སྐུ་མགྲོན) ]
 
སྐུ་མགྲོན་qul8Oc(སྐུ་མགྲོན)ཞིབ་ཏུ་བཀླགས་ཟིན། བདེན་པའི་ཆ་མང་དུ་འདུག་ཨང་སྙམ་པ་བྱུང་། ཡིན་ཡང་བསྒྲག་སྐད་ཅེས་པ་དེ་སྦྲགས་སྐད་ཅེས་བྲིས་ན་འགྲིག་པ་འདྲ་སྟེ་སྦྲགས་ལ་མཉམ་དུའམ་སྐད་རིགས་མི་འདྲ་བ་གཉིས་མཉམ་དུ་བསྲེས་ནས་བཤད་པའི་དོན་སྟོན་པའི་ནུས་པ་འདུག་པས་སོ།། ཁྱུང་བཟང་གིས།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.