ཐ་སྙད་དང་།ཐ་སྙད་ཀྱི་གླེང་བརྗོད།
-------མུ་འབྲེལ་ཚིག་གྲུབ་རིང་མོ།
ཁག་གཉིས་པ།
༼༡༽ སྟོན་པ་གཤེན་རབ།
རྗེ་གང་གི་འོད་སྣང་གིས་མུན་པའི་འཇིག་རྟེན་འགས་གཏོར་
བྱས་ཏེ་རིག་གནས་ཀྱི་ས་བོན་རྒྱལ་ཁམས་སུ་བཏབས་པས།
ཤེས་རིག་གི་རྨུ་ཐག་རིང་མོ་ཁྱོད་ཀྱིས་བཏེགས་ཤིང་ལོ་ཟླའི་
འབྱུང་འགྱུར་ཕྲ་མོ་ཁྱོད་ཀྱིས་གསལ།ཞིབ་ཏུ་བསམ་ན་ཁྱོད་ཀྱི
ས་བསྐོར་བའི་བཀའ་འཁོར་དུ་མ་འདུས་པའི་བསྟན་པ་མེད་
ལ་ཁྱོད་ཀྱིས་བྱམས་སྙིང་གིས་མ་ཟིན་པའི་འགྲོ་བ་ཞིག་གང་
ན་མཆིས།
༼༢༽ཀ་མད་སུམ་ཅུ།
རྒྱལ་བློན་ཞིག་གིས་ཁྱེད་ཉིད་བཙལ་བའི་མཐར་མར་རྨི་ལམ་
དུ་སུམ་ཅུ་གྲུབ་པའི་ལོ་རྒྱུས་བྱུང་།དོན་ངོ་མ་ཁྱོད་ཉིད་བཙལ
་མི་དགོས་ཏེ་གདོད་མ་ནས་མཆིས་ཤིང་རིག་གནས་ཤིག་གི་
སྲོག་རྩར་གྲུབ།རྫུན་ཚིག་དེས་ཡབ་མེས་ཀྱི་ངོ་སོ་བརླགས་ཤིང
་གཞོན་ནུ་ཚོར་རྨོངས་པ་བསྐྱེད་པ་ལས་དགེ་མཚན་གྱི་རྡོ་རི
ང་གང་ན་ཡོད།དོན་དམ་དུ་ཁྱེད་ཉིད་མུན་ནག་གི་འཇིག་རྟེ
ན་ལ་འོད་སྣང་སྟེར་བའི་སྒྲོན་མེ་སུམ་ཅུ་ལགས།
༼༣༽གཉའ་ཁྲི་བཙན་པོ།
གོ་ཐོས་སུ།ཁྱོད་ཀྱི་དུས་རབས་ནི་མུན་ནག་གི་དུས་རབས་ཤི
ག་རེད་ཟེར།ཁྱོད་ཀྱི་ལོ་རབས་ནི་དེ་ལས་ལྡོག་སྟེ་འོད་སྣང་གི་
ལོ་རབས་ཤིག་ལགས།འོད་སྣང་ནི་ཉི་ཟླ་དང་ཆེས་བར་ཐག་
ཉེ་ས་སྟེ་རིག་པའི་གནས་དང་ཐེག་པ་རིམ་དགུའི་གཟི་བྱིན་
དུ་བརྒྱུས་པས་ང་ཚོ་ཡང་ཁྱོད་ཉིད་ཞུགས་སའི་ལམ་བུའི་སྟེང
་རྒྱུ་བཞིན་ཡོད།
༼༤༽སྲོང་བཙན་སྒམ་པོ།
མཐའ་བཞིའི་རྒྱལ་ཁམས་དབང་དུ་བསྡུས་པའི་བློ་སྤོབས་མ
ངའ་བ་བདེན་ལ།ཐུབ་བསྟན་བོད་ཡུལ་དུ་ཤུགས་ཆེར་སྤེལ་བ
་ཡང་དོན་དངོས་ལགས།གསང་བ་ཀློག་གྱུར་གྱི་དབུ་ལྷ་དེ་སུ་
ཞིག་གིས་བཞག་པའི་བག་ཆགས་ཡིན།བླ་མེད་ཀྱི་རྡོ་རིང་གི་
ངོ་བོར་དབུ་ལྷ་དེ་བཟང་ལྟས་སུ་མ་འཁུམ་ལ་ངན་ལྟས་སུ་གྲུ
བ་པའི་ཕྱག་རྒྱ་དེས་སྐྱིད་ཆུའི་རོལ་དབྱངས་སུ་ཉམ་ང་བཞ
གབདེན་ཚིག་གི་ལྟ་བ་ལྟ་མེད་དུ་མ་སོང་བས་རིག་གཞུང་གི་
ཟིལ་ཤུགས་གདོད་མ་བཞིན་འོད་སྣང་གིས་འཚེར་ཞིང་མཆི
ས།
༼༥༽གླང་དར་མ།
ཆོས་པ་དེས་མདའ་མོ་གཅིག་གིས་སྐུ་ཉིད་བཀྲོངས།ཁྱོད་ཉིད་
གཤེགས་ཤུལ་དུ་རིགས་རྒྱུད་ཅིག་གི་མངའ་ཐང་རྨང་ནས་འ
ཇིག་ཅིང་མཐོ་སྒང་གི་རི་གྲོང་དུ་འཁྱག་རླུང་ལྡང་འགོ་ཚུགས
།དུས་དེ་ནས་བཟུང་།དག་ཞིང་དུ་འཐེན་པའི་མི་ཡུལ་གྱི་
བྱ་ལས་བཟོ་མ་ཐུབ་པ་མདའ་མོ་དེ་ལན་པ་མ་ཡིན་ནམ།ལྷ་སྲ
ས་ལགས།
༼༦༽པོ་ཏ་ལ།
ཟུངས་ཁྲག་དང་རྔུལ་ཆུའི་བཞུར་རྒྱུན་ལས་གྲུབ་པའི་རྡོ་མཁ
ར་དམར་པོ།སྐུ་དྲག་ཚོས་ཉི་ནུབ་ཏུ་ཚོར་བ་བསྐྱེད་པའི་གན
ས་མལ་རིང་མོ།སུ་ཞིག་གི་མིག་མདུན་དུ་ཆག་ཀྲུམ་ཤོར་བའི་
ཕུང་པོ་ལྷག་མ།གང་ཞིག་ན་འགྱེལ་བ་ནི་གཙང་པོ་དེའི་ལྡོག་
གཟུགས་སུ་འབྲི་བར་ངེས།