༧ མདའ་ཆེན་དཀར་མོ་རི་ཁྲོད།
རྩ་བ་གསུམ་གྱི་ལྷ་ལ་ཕྱག་འཚལ་ལོ། འདི་ནི་བླ་མའི་རྣལ་འབྱོར་རམ། བསམ་པ་ལྷུན་འགྲུབ་བམ། བར་ཆོད་ལམ་སེལ་གྱི་ལོ་རྒྱུས་ཟུར་ཙམ་བསྟན་པ་ལ།
དཀོན་མཆོག་རྩ་གསུམ་འདུས་པའི་ངོ་བོར། ཞེས་པ་ལ། སངས་རྒྱས་བོན་དང་སེམས་དཔའ་ཕྱིའི་དཀོན་མཆོག བླ་མ་ཡི་དམ་མཁའ་འགྲོ་ནང་གི་དཀོན་མཆོག རྩ་དང་རླུང་དང་ཐིག་ལེ་གསང་བའི་དཀོན་མཆོག རྩ་གསུམ་ནི།
བྱིན་རླབས་ཀྱི་རྩ་བ་བླ་མ། དངོས་གྲུབ་གྱི་རྩ་བ་ཡི་དམ། འཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ་མའོ། འདུས་པའི་ངོ་བོ་ནི། དེ་དག་ཐམས་ཅད་ཀྱི་དོན་རྩ་བའི་བླ་མ་ལ་འདུས་སོ།
དྲིན་ཆེན་རྩ་བའི་བླ་མ་མཁྱེན་ནོ།
ཞེས་འཁོར་བ་སྡུག་བསྔལ་རྒྱ་མཚོ་ལ་འཇིགས་པ་སྐྱབས་པའི་དཔུང་གཉེན་ནི་བླ་མ་དགོངས་པས་མེད་པའི་མཁྱེན་ནོ། ཕྱི་ནང་གསང་བའི་བར་མཆོད་སོལ་ལ།
ཞེས་ཕྱི་གཟུགས་ཅན་གྱི་དགྲ་ཐམས་ཅད། ནང་གཟུགས་མེད་ཀྱི་བགེགས་ཐམས་དང་།
གསང་བ་བདག་འཛིན་རྣམ་རྟོག་ལ་སོགས་པའི་བར་ཆོད་ཐམས་ཅད་མྱུར་དུ་ཞི་བ་མཛོད་ཅིག་ཟེར་བའི་དོན་ནི། བར་ཆོད་བགེགས་མེད་ན་གང་ཡང་འགྲུབ་འོ།
བསམ་པའི་དོན་ཀུན་འགྲུབ་པར་མཛོད་ཅིག ཞེས་པ་ལ།
བསམ་པ་ནི་སེམས་ལ་གང་འདོད་གང་དྲན་ཡིན་ཏེ། དོན་ཀུན་ནི་ཕྱི་འཇིག་རྟེན་གྱི་བྱ་སྤྱོད།
ནང་གི་བོན་ཆོས་ཀྱི་བསྙེན་སྒྲུབ་དགེ་སྦྱོར་རིགས།
གསང་བ་རང་སེམས་བདག་མེད་བདེ་ཆེན་བོན་སྐུའི་དགོངས་པ་ཉམས་སུ་ལེན་པ་ལ་བགེགས་དང་གོལ་ས་ཀུན་མེད་ཀྱང་བླ་མེད་ཡང་དག་གི་ས་ལ་འགོད་པའི་སྨོན་པ་དང་བཅས་པ་ཡིན་ཀྱང་ལོ་རྒྱུས་ཕྲིན་བུའོ། ༧དེ་ཡང་བོན་ཉིད་བདལ་བ་ཆེན་པོའི་ཀློང་ནས། ཀུན་ཏུ་བཟངབོ་དགོངས་རྒྱུད་རྣམ་ལྔ། བླ་མ་ཆེ་དྲུག གདུང་རྒྱུད་བཅུ་གསུམ།
མཁས་པ་མི་བཞི། ལོ་པན་གཤེན་བརྒྱད། མཐུ་ཆེན་མི་དགུ། སྒྲུབ་གཤེན་ཞེ་བརྒྱད།
དྲན་པ་ཡབ་སྲས།སྒྲ་བསྒྱུར་ལོ་ཙའི་གཏེར་ལ་སྦས། མ་འོང་སུམ་ཅུ་ཁ་རལ་གྱི་དུས་སུ།
མ་ཅིག་ཡེ་ཤེས་དཔལ་མོའི་ལུང་བསྟན་ནས། ལོ་ཙའིརྣམ་རོལ་མི་འགྱུར་ཚེ་དབང་གསང་སྔགས་གྲགས་པའོ། རིག་འཛིན་ཀུན་གྲོལ་གསང་བ་རྩལ་ལམ།
གཡུང་དྲུང་བདུད་འདུལ་ཐོག་མེད་རྩལ་ལམ།
རིག་འཛིན་བདེ་ཆེན་གླེང་བའི་གཏེར་ཞལ་ཕྱེས་ནས་འགྲོ་བ་ཡོངས་ལ་སྤེལ་ལོ།
བླ་མའི་རྣལ་འབྱོར་ཞེས་ཀྱང་བྱ།
བསམ་པ་ལྷུན་གྲུབ་ཞེས་ཀྱང་བྱ།
བར་ཆོད་ལམ་སེལ་ཞེས་ཀྱང་བྱ།
བསམ་པ་ཀུན་འགྲུབ་ཞེས་ཀྱང་བྱ།
དེ་དག་ཀུན་ཀྱང་འདིའི་ཆོག
ཞེས་ཟབ་མོ་གཏར་གྱི་བརྡ་རྟགས་ལ།
ལོ་རྒྱུས་རྒྱསའབྲིང་བསྡུས་གསུམ་ལོད་པ་གླེང་སྨོས་བ།
མཁར་སྐྱོང་དྲུང་ཡིག་ཤེས་རབ་མཆོག་རྒྱལ་གྱི་སེང་ལྡེང་རྒྱུད་མངའ་དང་ལྷ་རྫས་དྲི་མ་མེད་པའི་བརྟེན་འབྲེལ་གྱི་མཚམས་སྦྱར་ནས་ཡང་ཡང་བསྐུར་བའི་ངོར།
ཁོ་བོའི་རྒྱལ་ཁམས་པ་བདེ་ཆེན་གླེང་བའི་ཉུང་འདུས་སུ་སྤེལ་བ་འཆི་མེད་རིག་འཛིན་གསུམ་གྱི་བསྟན་པའི་རྒྱན་དུ་འབྱུང་བ་གྱུར་ཅིག ཛ་ཡནྟུ། དགེའོ།
- ཟིན་ཐོ་གོང་མ།སྐྱང་སྤྲུལ་ཐང་སྐུ
- ཟིན་ཐོ་འོག་མ།༼ གོང་མོའི་གུར་ཁང་།༽
དེངས་སང་གི་ས་བབས་བྱ་ན། བོད་ཆབ་མདོ་ཁུལ་འཇོ་མདའ་རྫོང་གཏེར་སྟོན་ཡུལ་ཚོ་ཞལ་གཞེས་དགོན་འབྲུ་ནོར་བུ་ལྷ་རྩེ་ཡིན་པ་རེད།
ཡ་བྲང་གཡུ་འབྲུག