ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
རང་མོས་སྙན་ངག་གི་ཕྱི་ནང་དེའི་དུས་རིམ་ལ་དཔྱད་པའི་བགྲོ་གླེང་།  | 2012/12/19 16:11:00

རང་མོས་སྙན་ངག་གི་ཕྱི་ནང་དེའི་དུས་རིམ་ལ་དཔྱད་པའི་བགྲོ་གླེང་།

  ད་ཐོག་མར་ངས་འདི་ནས་སྤྱིར་བཏང་དེ་རིང་སྐབས་གཉིས་པའི་བགྲོ་གླེང་ཐེངས་བཞི་པ་དེ་སྤེལ་བའི་སྐབས་སུ་བགྲོ་གླེང་གི་གཏམ་བཤད་འདི་གཙོ་སྐྱོང་གནང་བའི་གོང་ས་དགེ་བའི་བཤེས་གཉེན་རྣམ་པ་དང་། དེ་ནང་བཞིན་དུ་འདིར་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་ཆེན་འདི་གའི་བཤད་སྒྲུབ་འདུས་སྡེའི་གཙོ་འཛིན་པ་ཡོངས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་ཡིན། ཐལ་མོ་རྡེབ་སྒྲ། ད་སྤྱིར་བཏང་ཆི་རེད་ཟེར་ན་ངས་དེ་རིང་འདི་ནས་བཤད་རྒྱུ་གཙོ་བོ་དེ་གོང་དུ་ཁྱུང་ཆེན་རིག་པའི་གཤོག་རླབས་རྩོམ་སྒྲིག་པས་ཁྱེད་ཅག་ལ་ཚང་མ་ལ་བརྡ་ཆ་བཏང་བ་ནང་བཞིན་ཁ་བྱང་རང་མོས་སྙན་ངག་ལས་འཕྲོས་ཏེ་བོད་ཀྱི་རང་མོས་སྙན་ངག་གི་ཕྱི་ནང་དང་དེའི་དུས་རིམ་ལ་དཔྱད་པའི་གཏམ་ཞེས་པ་དེ་སྒྲོག་སྦྱོང་བྱེད་རྒྱུ་ཡིན། དེ་ཡིན་དུས་ད་རང་མོས་སྙན་ངག་བརྫས་དུས་སྤྱིར་བཏང་ད་ངས་འདིའི་དེ་རིང་གི་ས་བཅད་འདྲ་པོ་དེ་རང་མོས་སྙན་ངག་གི་ཕྱི་ནང་དང་དེའི་དུས་རིམ་སོགས་མང་པོ་སིག་དབྱེ་འོད། དེ་ཡིན་དུས་དང་པོ་རང་མོས་སྙན་ངག་གི་ཕྱི་ནང་གི་སྐོར་རེད། ད་རང་མོས་བརྫས་དུས་ཆི་བརྫོ་དགོས་རེད་ཟེར་ན། བཀག་རྒྱ་གང་ཡང་མེད་བསྡད་པ། སྒྲིག་ཁྲིམས་གང་ཡང་མེད་བསྡད་པ། ཐམས་ཅད་རང་མོས་ཀྱི་ལམ་དུ་སོང་བསྡད་པ་དེ་ལྟར་བུ་སིག་རེད། དེ་ཡིན་དུས་ད་སྒྲ་བཤད་ཀྱི་ཆ་ནས་བཤད་པ་ཡིན་ན། དེ་ལྟ་བུའི་རང་མོས་དེ་ད་ག་རེའི་སྟེང་ན་ཡོད་ཀྱི་རེད་ཟེར་ན། ད་དེ་ལྟ་བུའི་རང་མོས་དེ་ཚིག་སྦྱོར་རྩོམ་སྟངས་ཀྱི་སྟེང་ན་ཡོད་ཀྱི་རེད་བརྫས། ཚིག་སྦྱོར་རྩོམ་སྟངས་ཀྱི་ཆ་ནས་གང་འདྲ་བྱས་ནས་ཡོད་རེད་ཟེར་ན། སྙན་ངག་མེ་ལོང་མ་དང་། དེ་ནང་བཞིན་དུ་རང་ལུགས་ཀྱི་སྙན་ངག་སྙན་ངག་རིན་ཆེན་ལྡེ་མིག དེ་ནང་བཞིན་དུ་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་ཚིག་བརྒྱན་རིག་པའི་སྒོ་འབྱེད། དེ་བཞིན་ཚངས་སྲས་བཞད་སྒྲ་སོགས་དེའི་ཧད་ག་རེའི་ནང་ནས་བལྟས་ཡོང་བ་ཡིན་ན་སྤྱིར་བཏང་སྙན་ངག་གི་རྩོམ་ལུས་དེ་ད་ཚིགས་བཅད། སྤེལ་མ། ལྷུག་མ་སོགས་མང་པོ་སིག་དབྱེ་ཡོད་རེད་ཟེར། དེའི་ནང་ནས་དང་པོ་བཅད་མ་དང་སྤེལ་མ་ལྟ་བུ་ལ་མཚོན་རྒྱུ་ཡིན་ན། ཁོ་རང་སྒྲིག་ཁྲིམས་ཤིག་གི་ལམ་ནས་འགྲོ་དགོས་པ་ཚིགས་བཅད་རྩོམ་སྟངས་ཀྱི་ཆ་ནས་བཤད་ན་སྒྲིག་ཁྲིམས་ཀྱི་ལམ་ནས་འགྲོ་དགོས་པ་དེ་ལྟ་བུ་སིག་རེད། ཚིགས་བཅད་རྩོམ་སྟངས་ཀྱི་ཆ་ནས་སྒྲིག་ཁྲིམས་ཤིག་གི་ལམ་ནས་འགྲོ་དགོས་པའི་རྒྱུ་མཚན་ཅི་རེད་ཟེར་ན། ཆིག་ཚིགས་བཅད་ལྟ་བུ་སིག་ལ་ཆ་འཇོག་རྒྱུ་ཡིན་ན། ད་ཚིག་རྐང་དང་པོ་དེ་ལྔ་ཚིག་ཡིན་ན་འདྲ། དྲུག་ཚིག་ཡིན་ན་འདྲ། བདུན་ཚིག་ཡིན་ན་འདྲ། དེ་མ་ཡིན་པ་བརྒྱད་ཚིག་ཡིན་ན་འདྲ། དགུ་ཚིག་ཡིན་ན་འདྲ། ད་ཆི་སིག་ཡིན་ན་ཚིགས་བཅད་ཀྱི་རྩོམ་སྟངས་ཕྱི་མ་རྐང་པ་གསུམ་དང་། དེ་ནང་བཞིན་ཐམས་ཅད་ཚིག་རྐང་གོང་མའི་རྩོམ་སྟངས་དང་བསྟུན་དགོས་པ་དེ་ལྟ་བུའི་སྒྲིག་ཁྲིམས་སིག་གི་ལམ་ནས་འགྲོ་དགོས་ཅི་རེད། དེ་ཡིན་དུས་སྤྱིར་བཏང་རང་མོས་སྙན་ངག་གི་རྩོམ་སྟངས་འདི་ལྟ་བུ་ལ་ཆ་བཞག་པ་ཡིན་ན་དེ་ཚིག་རྐང་མ་དང་བསྟུན་དགོ་ལེ་མ་རེད། ཚིག་རྐང་གོང་འོག་བར་གསུམ་ག་རེ་ལ་མཚོན་ན་ཚིག་རྐང་གོང་མ་ལ་བསྟུན་དགོ་ལེ་མ་རེད། གོང་འོག་བར་གསུམ་གང་ཡང་བསྟུན་མོ་དགོ་དུས་དེ་ལྟ་བུའི་ལམ་ལུགས་དེ་རང་མོས་སྙན་ངག་འབྲི་བའི་ཚིག་སྦྱོར་རྩོམ་སྟངས་ཀྱི་ཆ་ནས་ཡོད་པ་ཞིག་ཡིན་པས་ད་རང་མོས་སྙན་ངག་ཟེར་བ་དེའི་ཟུར་གྱི་རང་མོས་དེ་ཚིག་སྦྱོར་རྩོམ་སྟངས་ཀྱི་སྟེང་ན་ཡོད་ཀྱི་རེད་ཟེར་བ་ཡིན། དེ་ནས་ད་སྙན་ངག་ཟེར་དུས་སྤྱིར་བཏང་འདི་ལྟ་བུ་ལ་ཚད་གཞི་དང་། ཡང་ན་མཚན་ཉིད་མཚན་གཞི་འདྲ་པོ་ཞིག་འཇོག་དགོས་ན་ངོ་མ་དཀའ་ལས་ཁ་རྒྱུ་རེད། ཡིན་ཡང་འདིར་སྐབས་སུ་ང་ཚོའི་སྙན་ངག་རིན་ཆེན་ལྡེ་མིག་ནང་དུ་དགོས་སོགས་ཁྱད་པར་བཞིན་ལྡན་གྱི། བརྗོད་པ་ཡིད་འོང་སྙན་ངག་སྟེ་བརྫས། སྤྱིར་བཏང་ཆི་རེད་ཟེར་ན་དཔེ་དང་བརྗོད་བྱ་རྗོད་བྱེད། ཐམས་ཅད་ཀྱི་ཆ་ནས་ཡོངས་སུ་རྫོགས་བསྡད་པའི་དེ་ལྟར་བུའི་ཁྱད་ཆོས་མི་འདྲ་བ་དུ་མ་ལྡན་བསྡད་པ་དེ་ལ་སྙན་ངག་བརྫོ་འོད་རྒྱུ་རེད་ཟེར། དེ་ཆི་རེད་ཟེར་ན། དཔེ་དང་གཟུགས། དེ་ཧད་ཐམས་ཅད་ཁི་སྟེང་ན་ཡོད་པའི་སྙན་ངག་གི་མཛེས་པ་དང་། དེ་ནས་ཐ་སྙད་ཁི་ལྷུ་ཚིགས་སྦྲེལ་སྟངས། དེ་མ་ཡིན་པ་སྙན་ངག་གི་ཚིག་རྐང་གོང་འོག་བསྒྲིགས་སྟངས། དེ་ཧད་ཐམས་ཅད་ཁི་སྟེང་ན་ཡོད་པའི་སྙན་ངག་གི་ཉམས། འོ་བརྗོད་བྱ་རྗོད་བྱེད་ཐུན་མོང་གི་སྟེང་ན་ཡོད་པའི་སྙན་ངག་གི་སྒྱུ་རྩལ། དེ་ལྟ་བུ་སྣ་ཧ་མི་འདྲ་བ་གསུམ་དུ་འདུས་བསྡད་པའི་ཚིག་སྦྱོར་སིག་ལ་ད་སྙན་ངག་བརྫས་ན་ཆོག་རྒྱུ་རེད་བརྫས། ད་དེ་ཐོག་མར་རང་མོས་སྙན་ངག་གི་སྒྲ་བཤད་ཙམ་བརྫོ་དགོ་ལེ་རེད་ཨ། ད་དེ་སྐབས་འགར་བོད་ཀྱི་རྩོམ་པ་པོ་ཕལ་གྱིས་སྙན་ངག་གསར་པ་བརྫས། ཡང་མིན་ན་གསར་དར་སྙན་ངག་བརྫས། ད་དེ་ལྟ་བུ་སོག་འབོད་འོད་རེད། དེ་ཡིན་ན་སྤྱིར་བཏང་མཁས་དབང་དུ་དཀར་བློ་བཟང་འཕྲིན་ལས་མཆོག་གིས་ད་དེ་འགྲིག་རྒྱུ་མ་རེད་བརྫས། ད་རང་མོས་སྙན་ངག་བརྫོ་རྒྱུ་ཡིན་ན་འགྲིག་ཅི་རེད། སྙན་ངག་གསར་པ་བརྫས་ན་འགྲིག་རྒྱུ་མ་རེད་བརྫས་དེ་ལྟ་བུ་བཤད་མཁན་ཡོད་རེད་དེ། ཡིན་ན་ཡང་ང་རང་གི་ལྟ་ཚུལ་གྱི་ཆ་ནས་བཤད་པ་ཡིན་ན། རང་མོས་སྙན་ངག་བརྫས་ན་འདྲ། སྙན་ངག་གསར་པ་ཟེར་ན་འདྲ། ཡང་མིན་ན་གསར་དར་སྙན་ངག་བརྫས་ན་རུང་གང་ལྟར་གཅིག་པ་ཡིན་རྒྱུ་རེད་ཟེར། ད་རང་མོས་སྙན་ངག་འདི་ལ་སྙན་ངག་གསར་པ་ཟེར། ཐ་སྙད་དེ་མ་ཐོགས་སོང་། བརྗོད་གཞི་དེ་ལ་མིང་འདི་འཚམས་པོ་མེད་སོང་བ་ཡིན་ན། ཡང་ན་ཚིགས་བཅད་སྙན་ངག་ལ་སྲོལ་རྒྱུན་སྙན་ངག་བརྫས་ན་འཚམས་པོ་ཡོད་ཅི་མ་རེད། མི་ཡོད་དགོས་པའི་རྒྱུ་མཚན་ཅི་རེད་ཟེར་ན། སྲོལ་རྒྱུན་སྙན་ངག་བརྫས་ན་འདྲ། སྙན་ངག་གསར་པ་ཟེར་ན་འདྲ། དེ་ཧད་ཐམས་ཅད་བོད་གངས་ཅན་ལྗོངས་འདི་ལྟ་བུ་ལ་མཚོན་རྒྱུ་ཡིན་ན། རྩོམ་པ་པོ་རྣམས་ཀྱིས་དང་ལེན་བྱེད་སྔ་འཕྱིའི་ཆ་ནས་བཤད་པ་ཡིན་རྒྱུ་རེད་ཟེར། སྲོལ་རྒྱུན་བརྫས། ད་སྔ་མའི་ལུགས་སྲོལ་རེད། གསར་དར་བརྫས་སུ་དུས་གསར་པ་ཟེར་བ་ལ་གོ་དགོའུ་འོད་རེད། དེ་ཡིན་དུས་ཚིགས་བཅད་ཁི་རྩོམ་སྟངས་ཚིག་གོང་མའི་རྩོམ་སྟངས་ནང་བཞིན་དུ་ཆི་བརྫོ་དགོས་རེད། ད་གཟོའི་གོང་ནས་ཞུས་པ་ནང་བཞིན་དུ་རྩོམ་སྟངས་ཚིག་རྐང་གོང་འོག་ཚིག་གྲངས་མང་ཉུང་འགྲིག་དགོས་པའི་རྩོམ་སྟངས་ཟེར་ན་འདྲ། ཡང་ན་དེ་ལྟར་གྱི་སྙན་ངག་འབྲི་སྟངས་འདི་དེ་དག་ལ་ཆེས་སྔ་མོ་སིག་ནས་བོད་ལྟ་བུ་ལ་མཚོན་ན་ཤ་ཞེན་ཡོད་པ་དང་མོས་མཐུན་ཡོད་པ་དང་ཆ་རྒྱུས་ཡོད་པ་འམ། ཡང་ན་དམངས་ཁྲོད་ཀྱི་རྩོམ་པ་པོ་མང་ཙམ་གྱིས་རྩོམ་སྟངས་དེ་དང་ལེན་བྱས་ཡོད་པ་ནི། ད་སྤུ་རྒྱལ་བཙན་པོའི་དུས་སྐབས་ནས་ཡིག་ཐོག་ན་ཡོད་པའི་ཏུན་ཧོང་ཡིག་རྙིང་སྟེང་གི་ཁྱུང་པོ་སྤུང་སད་ཟུར་རྩེའི་མགུར་སོགས་ཀྱིས་གཙོས་པའི་རྩོམ་སྟངས་ཚིགས་བཅད་ཅན་འགས་དངོས་དོན་དང་མཐུན་པའི་སྟེང་ནས་ར་སྤྲོད་ཐུབ་རྒྱུ་རེད་བསམ་ཡོད། དེའི་ཕྱིར་རྩོམ་སྟངས་འདི་ལ་སྲོལ་རྒྱུན་ཞེས་པའི་མིང་ཐོགས་པ་རེད།  ད་རང་མོས་ཁི་རྩོམ་སྟངས་འདིའི་ངོས་ཐད་ནས་གོང་གི་སྲོལ་རྒྱུན་རྩོམ་སྟངས་འདི་དང་བསྡུར་ན་བོད་ཀྱི་ཡུལ་གྲུ་འདིར་རྩོམ་སྟངས་འདི་ཧ་ཅང་དང་ལེན་བྱེད་འཕྱི་ཤོས་ཀྱི་རྩོམ་སྟངས་སིག་རེད་ཟེར། ད་ཆིག་སྤུ་རྒྱལ་བཙན་པོའི་དུས་སྐབས་ཀྱི་ཏུན་ཧོང་ཡིག་རྙིང་དང་། གཏམ་ཤུལ་ཡིག་རྙིང་སོགས་དེ་ལྟ་བུའི་ཡིག་རྙིང་མི་འདྲ་བ་དུ་མ་ཞིག་གི་སྟེང་ན་འདི་ལྟ་བུའི་སྙན་ངག་གི་རྩོམ་སྟངས་རེ་འགའ་ཡོད་ན་ཆོག་ཆོག་རྒྱུ་རེད་དེ་ནི། ཡིན་ན་དེ་དག་གི་རྩོམ་སྟངས་དེ་སྐབས་དེ་དུས་དང་ལེན་བྱས་ནས་བརྩམས་བཞག་པ་ཞིག་མ་རེད་ཟེར། དེ་ལྟར་དུའི་རང་མོས་སྙན་གི་རྩོམ་སྟངས་དེ་ལྟ་བུ་དེ་དང་ལེན་བྱེད་པའི་དུས་བོད་ལྟ་བུ་ལ་མཚོན་རྒྱུ་ཡིན་ན། དུས་སྐབས་ག་དུས་རེད་ཟེར་ན། སྐུ་ཞབས་རང་གྲོལ་གྱི་དུས་སྐབས། ལོ་རབས་བརྒྱད་ཅུའི་དུས་སྐབས། སྤྱི་ལོའི་ལོ་རབས་བརྒྱད་ཅུ་ཁི་དུས་སྐབས་ཡིན་རྒྱུ་རེད་ཟེར། དེ་ཡིན་དུས་སྲོལ་རྒྱུན་སྙན་ངག རང་མོས་སྙན་ངག སྙན་ངག་གསར་པ་ཟེར་བ་འདི་དག་ཚང་མ་རྩོམ་སྟངས་ཁི་ཆ་ནས་བཤད་པ་འམ། ཡང་ན་རྩོམ་ཚུལ་འདི་དག་དང་ལེན་བྱེད་སྔ་འཕྱིའི་ཆ་ནས་བཤད་པ་ཡིན་དུས་རང་མོས་སྙན་ངག་ལ་སྙན་ངག་གསར་པ་ཟེར་བོས་བཞག་ན་ཅུང་མི་ཆོག་རྒྱུ་ཡོད་ཅི་མ་རེད་བརྫས། ད་ངའི་ལྟ་ཚུལ་དེ་ལྟ་བུ་ཞིག་ཡིན། དེ་ལྟར་ད་གོང་ནས་ཆིག་སྐད་ཆ་མི་ཉུང་བ་ཞིག་ཞུས་སོང་བ་དེ་རང་མོས་སྙན་ངག་དང་འབྲེལ་བའི་སྒྲ་བཤད་ཙམ་རེད། རང་མོས་སྙན་ངག་ཟེར་བའི་དོན་དེ་དེ་ཙམ་གྱིས་མཚོན་ཐུབ་ཅི་མ་རེད། དཔེར་ན། གོང་གི་རང་མོས་ཟེར་བའི་སྒྲ་བཤད་ཙམ་གྱིས། རང་མོས་ཟེར་བའི་དོན་དེ་བསྟན་ཐུབ་རྒྱུ་མ་རེད། བསྟན་མི་ཐུབ་པའི་རྒྱུ་མཚན་ཅི་རེད་ཟེར་ན། སྙན་གཞུང་ཁག་ལ་བལྟས་ཡོང་དུས་ཚིགས་བཅད། ཚིག་ལྷུག སྤེལ་མ་སོགས་དེ་ལྟ་བུ་རྣམ་པ་མི་འདྲ་བའི་རྩོམ་ལུས་གསུམ་དུ་ཕྱེས་པའི་གྲས་ཀྱི་ཚིག་ལྷུག་གི་རྩོམ་སྟངས་དེ་ཡང་ཚིགས་བཅད་དང་སྤེལ་མ་ལྟར་རྩོམ་ཚུལ་ཁི་ཆ་ནས་བཤད་ན་སྒྲིག་ཁྲིམས་གང་ཡང་ཡོད་མ་རེད། ཡིན་ཡང་རང་མོས་སྙན་ངག་གི་ཟུར་གྱི་རང་མོས་ཟེར་བ་འདི་དོན་ཁི་ཆ་ནས་བཤད་ན་ཆི་དགོ་ཅི་རེད་ཟེར་ན་ཚིག་འབྲུ་རྩོམ་སྟངས་ཀྱི་ཆ་ནས་ཚིགས་བཅད་སོགས་ལས་ཐོད་བརྒལ་སོང་བ་ཙམ་གྱིས་མི་ཚད་པར་མིའི་རིགས་ཀྱི་རྒྱུན་ལྡན་འཚོ་བའི་ཁྲོད་ཀྱི་སྐད་ཆ་རྩོམ་སྟངས་དང་མཐུན་པ། མིའི་རིགས་ཀྱི་རྒྱུན་ལྡན་འཚོ་བའི་ཁྲོད་ཀྱི་སྐད་ཆ་རྩོམ་སྟངས་དང་མཐུན་པ་ཟེར་བ་ནི་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་ཀྱི་སྐད་ཆ་ལྟར་དབུགས་ཐེངས་གཅིག་གིས་རིང་དུ་ཚིག་རྐང་རིང་པོར་རྩོམ་པ་ཞིག་མ་ཡིན་ཡང་ཚིག་རྐང་གོང་འོག་ཚིག་གྲངས་མང་ཉུང་ཅི་རིགས་སུ་བྱུང་བ་ཞིག་ལ་ཟེར། དབུགས་ཀྱི་ངལ་གསོ་དང་མཐུན་པ་དེ་ལྟ་བུ་སིག་ལ་རང་མོས་སྙན་ངག་གི་ཟུར་གྱི་རང་མོས་ཟེར་རྒྱུའི་དོན་དེ་ཆགས་ཐུབ་རྒྱུ་རེད་བསམ་བསྡད་ཡོད། འོ་ཡ། སྙན་ངག་ཟེར་དུས་སྙན་གཞུང་ཁག་ལས་བྱུང་བ་ལྟར་རྣམ་པ་མི་འདྲ་བ་མང་པོ་སིག་ཡོད་ཅི་རེད། རེད་དེ་ད་འདིའི་སྐོར་བདག་གི་སྙན་ངག་ལ་བཟུང་བའི་ལྟ་ཚུལ་སོགས་དེ་སྔོན་རང་གིས་བྲིས་ཟིན་པ་དེ་དག་ལས་བསྟན་ཅི་ཐུབ་བྱས་ཡོད་པས་འདི་ནས་དེ་རིང་རྒྱས་སྤྲོས་བྱས་བཞག་ན་བསྐྱར་ཟློས་འདྲ་པོ་སིག་ཡོང་རྒྱུ་རེད། ད་འདི་ནས་རྩོམ་པ་པོ་ཕལ་ཆེ་བས་སྤྱིར་བཏང་ཆི་སིག་བཤད་འོད་རེད་ཟེར་ན་སྙན་ངག་གི་གོ་དཀའ་སླའི་ཕྱོགས་ནས་ད་ཅུང་ཙམ་བཤད་མཁན་ཡོད་རེད། གཏམ་གླེང་འདིའི་ཉན་མཁན་ཚོ་ལ་བསམ་ན་དེའི་སྐོར་ནས་འདི་འདྲ་བ་ཞིག་རེད་ཅེས་མཚམས་སྦྱོར་ཉུང་ཙམ་བྱས་ན་ཕན་པ་ཅུང་ཙམ་འོད་རྒྱུ་རེད། སྤྱིར་གོ་དཀའ་སླ་ཁི་ཕྱོགས་ནས་ཆི་བཤད་འོད་རེད་ཟེར་ན། སྙན་ངག་ཟེར་དུས་གོ་དཀའ་བ་ཞིག་ཡིན་དགོས་ཟེར་མཁན་དང་། སྙན་ངག་ལ་གོ་དཀའ་བའི་ཁྱད་ཆོས་ལྡན་དགོས་པར་མ་ཟད་སྙན་ངག་ལ་འགྲེལ་བ་རྒྱག་མི་རུང་ཟེར་མཁན་འགའ་གོ་ཐོས་ལ་གཞིག་ན་རེ་འགའ་ཡོད་བཟོ་འདུག དེའི་སྐབས་སུ་ངའི་ལྟ་ཚུལ་ལ་གཞི་བཟུང་ནས་བཤད་པ་ཡིན་ན། ང་ཚོས་སྙན་ངག་འབྲི་དགོས་པའི་རྒྱུ་མཚན་ཆི་རེད། ངོ་ཚོས་ཆིའི་ཆེད་དུ་སྙན་ངག་འབྲིའུ་འོད་རེད། ཅིའི་ཕྱིར་དུ་སྙན་ངག་བྲིས་ལེ་རེད། དེའི་སྐོར་ནས་ངེས་པར་དུ་བསམ་གཞིག་བྱེད་བཞིན་ཡོད། ད་སྦྲང་ཆར་དང་མང་ཚོགས་སྒྱུ་རྩལ་སོགས་ཀྱི་སྟེང་དུ་སྙན་ངག་ནི་ང་དངོས་ཡིན་ཞིང་། ངའི་སྐུ་ཚབ་ཡང་དེ་ཡིན་ཞེས་པའི་ཚིག་འབྲུ་རེ་ཟུང་མཐོང་རྒྱུ་ཡོད་རེད། ངའི་མཐོང་སྟངས་ལ་སྦྱར་ནས་བཤད་པ་ཡིན་ན་ད་ངོ་མ་དེ་བཞིན་རེད་བསམ་བསྡད་ཡོད། ད་ངོ་མ་ཚད་ལྡན་གྱི་སྙན་ངག་ཅིག་བྲིས་པ་ཡིན་ན་རྩོམ་པ་པོའི་སྐུ་ཚབ་ངོ་མ་ཡང་དེ་ཡིན་རྒྱུ་རེད། རྒན་ཁྱུང་དཀར་ནམ་མཁའ་ཚང་གིས་གསུངས་ཡོད་གདའ། ཟུང་འཇུག་མེད་པའི་སྙན་ནི་ནེའུ་ཙོའི་མ་ནི་ནང་བཞིན་རེད་གསུངས་ཡོད་རེད། ད་ཟུང་འཇུག་མེད་པའི་སྙན་ངག་ཟེར་དུས་ཅི་ཟེར་གྱི་ཡོད་རེད་ཟེར་ན། རྩོམ་པ་པོ་ཁོ་རང་གི་བསམ་པ་རྣམ་པར་མ་དག་པར་རྩོམ་ཞིག་བྲིས་པ་ཡིན་ན་འདྲ། དེ་ལྟར་གྱི་ལམ་ལུགས་ཀྱི་ཁྲོད་ནས་ཡོང་བའི་ཡང་ན་ཡུལ་ལྗོངས་ལ་བསྟོད་པའི་གླུ་གཞས་ཡིན་ན་རུང་། རྟོགས་པ་བརྗོད་པའི་སྙན་ངག་ཡིན་ན་ཆོག དེ་མིན་ཕ་ཡུལ་དང་ཕ་མ་དང་། ཕ་ཡུལ་དྲན་པའི་སེམས་གླུ་ཡིན་ན་འདྲ། གང་ལྟར་རྩོམ་པ་པོའི་རྩོམ་འབྲི་བའི་ཀུན་སློང་ཡང་དག་མིན་པའམ། གཞན་བསམ་པ་རྣམ་དག་མིན་པའི་ངང་ནས་ཅི་འདྲ་ཞིག་བྲིས་པ་ཡིན་ན་དེའི་རྩོམ་དེ་སྙན་ངག་གི་བར་ཆོད་ཡིན་ལ། རྩོམ་པ་པོ་དེ་སྙན་ངག་གི་བྲན་གཡོག་ལས་འདས་ཡོད་ཀྱི་མ་རེད་བསམ་བཞིན་ཡིན། དོན་ངོ་མ་ངའི་སྙན་ངག་འབྲི་བའི་གོ་རིམ་ཁྲོད་ཀྱི་དོན་བྱ་ཁ་ཤས་འདིར་ངོ་སྤྲོད་ཞུས་པ་ཡིན་ན། གཙོ་བོ་ངས་སྙན་ངག་མང་པོ་ཞིག་ཅིའི་ཕྱིར་དུ་འབྲི་བཞིན་ཡོད་ཟེར་ན། ངའི་ནང་གི་ཚོར་འདུའི་སྣང་བརྙན་འདི་འདྲ་བ་ཞིག་རེད་ཟེར། ཡང་མིན་ན། ངའི་སེམས་ཀྱི་སྣང་བརྙན་འདི་ལྟ་བུ་སིག་ཡིན་ཟེར་ནས་ཀློག་པ་པོ་ལ་སྙན་ངག་གི་ལམ་ནས་ངའི་ནང་སེམས་ཀྱི་རྣམ་པ་རེ་འགའ་ཕྱི་ལ་སྟོན་ཐུབ་པའི་ཕྱིར་དུ་སྙན་ངག་བྲིས་པ་ལས་གཞན་དམིགས་ཡུལ་གང་མེད། དེའི་ཕྱིར་ངའི་སྙན་ངག་རེ་ཀློག་མཁན་འདྲ་བྱུང་ཚེ་དེ་ནི་ངའི་ནང་སེམས་ལ་ལྟ་རྟོགས་བྱེད་མཁན་ཞིག་ཡིན་སྙམ་གྱི་ཡོད། དེ་ངས་སྙན་ངག་འབྲི་བའི་སྟ་གོན་ནམ་ཡང་ན་སྙན་ངག་འབྲི་བའི་སྔོན་འགྲོའི་ཆ་རྐྱེན་དུ་གྱུར་པའི་བསམ་པའི་ཡིན་ཚུལ་འདི་ལྟར་ཞེས་བརྗོད་པའི་སྐད་ཆ་ཉུང་ངུ་མ་དེ་ཡིན། དེ་རང་མོས་སྙན་ངག་གམ། བོད་ཀྱི་རང་མོས་སྙན་ངག་གི་ཕྱི་ནང་ལས་འཕྲོས་བཤད་ཙམ་རེད། དེ་ནས་རང་མོས་སྙན་ངག་གི་དུས་རིམ་གྱི་ཆ་ནས་བཤད་པ་ཡིན་ན། དུས་རིམ་ཤོད་ཚུལ་མི་འདྲ་བ་མང་པོ་སིག་ང་ཚོའི་རྩོམ་རྩལ་རིག་པའི་གར་སྟེག་ན་ཅུང་ཙམ་འཁྲུག་ཆ་དོད་པའི་བཟོ་ལྟ་འདྲ་པོ་དང་། ཡང་ན་ཅུང་ཙམ་སྙོག་གྲ་སློང་བཞིན་པ་ཞིག་རེད། དེའི་ཆ་ཙམ་ག་རེ་རེད་ཟེར་ན། རང་མོས་སྙན་ངག་གི་དུས་རིམ་འདིའི་སྐོར་ཤོད་ཚུལ་མི་མཐུན་ས་དང་། ལྟ་ཚུལ་མི་འགྲིག་ས། ཡང་ན་ངོས་འཛིན་མ་མཐུན་ས་དེ་དག་གི་སྐོར་རེད་ཟེར་ན་ཆོག་རྒྱུ་རེད། དཔེར་ན་རེ་ཞིག་གིས་རང་མོས་སྙན་ངག་འདི་མི་རིགས་ཀྱི་འཚོ་བའི་ཁྲོད་དུ་བྱུང་ཙམ་རེད། དེ་ལ་སྲོལ་གཏོད་བྱེད་མཁན་འདི་རེད་ཟེར་བ་དང་། ཡང་ན་དུས་སྐབས་འདིའི་ཆར་དུ་དར་བ་རེད་ཟིར་དགོས་ཧ་ཅང་དཀའ་པོ་རེད་ཟེར་ཡོད་རེད། ཡང་འགའ་རེས་དེ་ལྟར་མ་རེད། འདིའི་སྲོལ་གཏོད་པ་ངོས་འཛིན་རྒྱུ་ཡོད་རེད། ཨ་རིའི་རང་མོས་སྙན་ངག་གི་སྲོལ་འབྱེད་པ་ཧོས་ཐེ་མན་ཟེར་བ་འདི་རང་མོས་སྙན་ངག་གི་སྲོལ་འབྱེད་པ་རེད། དེའི་སྙན་ངག་ཤོག་གྲངས་༩༥ཅན་གྱི་རང་མོས་སྙན་ངག་གི་རྩོམ་དེབ་ཅིག་གསར་དུ་བཏོན་༡༩༨༥--༤ཉིན།པ་ནས་རང་མོས་སྙན་ངག་འདི་འཛམ་བུ་གླིང་དུ་དར་ཁྱབ་སོང་བ་རེད། བོད་ལྟ་བུ་ལ་མཚོན་ན་དོན་འགྲུབ་རྒྱལ་གྱི་དུས་སྐབས་སུ་སྤྱི་ལོ་༡༩༨༣ལོར་སྲོལ་གཏོད་བྱས་པ་རེད། འདིའི་ཕྱིས་ནས་སྤྱི་ལོ་༡༩༨༣ལོར་ལང་ཚོའི་རྦབ་ཆུ་སྦྲང་ཆར་དུས་དེབ་སྟེང་དུ་འཁོད་པ་སོགས་ཀྱི་སྐབས་དང་བསྟུན་ནས་བོད་དུ་རང་མོས་སྙན་ངག་དར་བ་ཡིན་ཟེར་ནས་ངོས་འཛིན་གནང་མཁན་མི་འདྲ་འམ། ཡང་ན་ཤོད་ཚུལ་རགས་པའི་དབང་དུ་བྱས་ན་དེ་འདྲ་ཟེར་གྱི་ཡོད་རེད། ང་རང་གི་འདིའི་ཐད་ནས་གཅིག་བལྟས་ཡོང་བ་ཡིན་ན་བོད་བཙན་པོའི་དུས་སྐབས་ནས་ཡོད་བསྡད་པ་འམ། ཡང་ན་ཡར་ལོ་རྒྱུས་རིང་པོར་བྱས་ན་མི་ལོ་ཁྲི་ཚོ་དུ་མའི་ཡར་སྔོན་ནས་ཡོད་བསྡད་པ་ལྟ་བུ་ཞིག་རེད། དེ་མ་ཡིན་པ་སྙན་ངག་གི་ཉམས་འདོན་ཚུལ་གྱི་ཆ་ནས་བཤད་ན། འཛམ་བུ་གླིང་སྤྱི་ལ་མཚོན་ན་སྐབས་ག་དུས་ཡོད་རྒྱུ་རེད་ཟེར་དགོས་ན་དཀའ་རྒྱུ་རེད་དེ། བོད་ལ་མཚོན་ན་རང་གྲོལ་གྱི་ཡར་སྔོན་ནས་མེད་བསྡད་པའི་བཟོ་དང་འདྲ། ད་གནས་ཚུལ་དེ་ལྟ་བུ་སིག་རེད་ཟེར། འོ་ཡ། ད་སྤྱིར་བཏང་ཆི་རེད་ཟེར་ན། སྐབས་འདིར་གསལ་ཁ་ཅུང་ཙམ་འདོན་དགོས་པ་དེ་རང་མོས་སྙན་ངག་གི་རྩོམ་སྟངས་དོན་འགྲུབ་རྒྱལ་གྱི་ཡར་སྔོན་དུ་ཡོད་རེད་ཟེར་དགོས་པའི་རྒྱུ་མཚན་གྱི་སྐོར་ནས་སྐད་ཆ་རེ་བཤད་དགོས་པ་དེ་རེད། དེ་ལྟ་བུ་ལྟ་བུའི་སྐད་བཤད་དགོས་ན་དང་པོ་གཏམ་ཡུལ་ཡིག་རྙིང་ནང་དུ་འདི་ལྟ་བུ་ཟེར་ཡོད་རེད། ཨ་བོ་ཡ་ངལ་གཉེར། ཉིན་གསུམ་བསང་། མཚན་གསུམ་བགྱེར། ནང་གསུམ་བཤལ་དུ་བཤལ། ཡར་ཏེ་ལྷ་བསངས། མར་ཏེ་དྲྀ་བཏུལ། ལྷའི་གཤིགས་ཤུལ་ཕྱེ། རྗེ་ཡི་སྣང་གསལ་སྒྲོན། རྣེལ་གྲི་གདུལ་འཚལ་ལོ།། སྒོ་སྒོ་མོ་ཅིག་བགྲོད་འཚལ་ལོ།། སྨྱུག་མ་གཡུ་ཡི་སྒོ། སོ་བ་ཟངས་ཀྱི་སྒོ། འདོང་མོ་འོངས་ཀྱི་སྒོ་བརྫས། དེ་ལྟ་བུ་ལ་ཆགས་བཞག་པ་ཡིན་ན། ཆིག་ད་རྩོམ་སྟངས་ནི་རང་མོས་སྙན་ངག་གི་རྩོམ་སྟངས་དང་ཡོངས་སུ་མཐུན་པ། ཆིག་ཚིག་ལྷུག་གི་རྩོམ་སྟངས་དང་འདྲེས་མ་སོང་བ། བཅད་ལྷུག་སྤེལ་གསུམ་གྱི་རྩོམ་ཚུལ་སུ་གང་གིས་སླད་མ་ཞུགས་པ། རང་མོས་སྙན་ངག་གི་རྩོམ་སྟངས་དང་གཅིག་ཏུ་གྱུར་པ། དབུགས་ཀྱི་ངལ་གསོ་དང་མཐུན་པ། མིའི་རིགས་ཀྱི་རྒྱུན་ལྡན་འཚོ་བའི་ཁྲོད་ཀྱི་སྐད་ཆ་རྩོམ་སྟངས་ཧ་ཅང་མཐུན་པོ་ཞིག་རེད་ཟེར། རང་མོས་སྙན་ངག་གི་རྩོམ་སྟངས་བརྫས་བཤད་བཞག་ན་ཆོག་ཅི་རེད་བརྫས། འོ་ད་དེ་རེད། དེ་མ་ཡིན་པ། ཏུན་ཧོང་ཡིག་རྙིང་ནང་དུ་འ་བ་ནི་ཉེ་བས་ཉིད། བྱ་རོ་རོ་ན་མདུང་གི་རྩེ་ར་ནིག ཡོས་རོ་རོ་ན་ལྷམ་གྱི་གོ་ར་ནིག བརླ་བརྡུང་། སྤུར་བཏབས། འོབ་དེ་མྱིད། སྤུ་དེ་མྱིད། ཅེས་པ་འདི་ལྟ་བུ་ལ་མཚོན་རྒྱུ་ཡིན་ན་དེ་ནང་བཞིན་རེད། རྩོམ་སྟངས་ནི་རང་མོས་སྙན་ངག་གི་རྩོམ་སྟངས་དང་གཅིག་ཏུ་གྱུར་པ་ཞིག་རེད། གཞན་ཆི་ཟེར་དགོས་ལེ་རེད། བོན་པོའི་སྲི་འདུར་གྱི་ཆོ་གའི་ངོས་སུ་ཆི་བརྫས་ཡོད་རེད་ཟེར་ན། གཡའ་མ་སྔོ་ལ་བྱོན། གར་གཤོག་འབྲང་གི་དབང་གཅིག་བསྐུར། བྲག་དམར་ཁ་ལ་བྱོན། བྱ་རྒྱལ་རྒོད་ཀྱི་དབང་གཅིག་བསྐུར། ནགས་ཚལ་གསེབ་ཏུ་བྱོན། རྒྱ་སྟགས་ཁྲ་བོས་དབང་གཅིག་བསྐུར་ཞེས་པ་དེ་ལྟར་ཚིག་གི་རྣམ་པ་མི་འདྲ་བ་མང་པོ་སོག་ཐོན་གྱི་ཡོད་རེད། ད་དེ་ལྟ་བུ་དེ་ངའི་ལྟ་ཚུལ་གཙང་མ་ཞིག་གི་ངོས་ནས་སྐད་ཆ་བཤད་པ་ཡིན་ན་འདི་དག་རང་མོས་སྙན་ངག་གི་རྩོམ་སྟངས་རེད་བརྫོ་དགོས་ན་དཀའ་ལས་ཁ་རྒྱུ་རེད་དེ་ནི་ཡིན་ན་དེང་རབས་རྒྱལ་ཕྱི་ནང་གི་རྩོམ་རིག་སྨྲ་བ་ཀུན་གྱིས་རྩོད་མེད་ཀྱི་ཐོག་ནས་ཁས་ལེན་བཞིན་པའི་དོན་འགྲུབ་རྒྱལ་གྱི་ལང་ཚོའི་རྦབ་ཆུའི་ནང་གི་རྩོམ་སྟངས་ཚིག་ཁ་ཤས་ལ་ཆགས་བཞག་ན་འདི་ཡང་རང་མོས་སྙན་ངག་ལ་ཁས་ལེན་དགོས་ས་རེད་བསམ་ཡོད་ཟེར་རྒྱུ་ཡིན། དེ་དེ་ལྟར་བུ་རྩོམ་ལུས་འགའི་སྐོར་ནས་བཤད་པ་དེ་དག་གིས་ཆི་སིག་ངོ་སྤྲོད་ཐུབ་ལེ་རེད་བརྫས་ན་སྤུ་རྒྱལ་བཙན་པོའི་དུས་སྐབས་ནས་ཡིག་ཐོག་ན་ཡོད་པར་ར་སྤྲོད་ཐུབ་ཅི་རེད་བསམ་གདའ། དེ་མ་ཡིན་པ་སྐད་ཆའི་སྟེང་ནས་བཤད་པ་ཡིན་ན། རང་མོས་སྙན་ངག་གི་རྩོམ་སྟངས་འདི་དུས་སྐབས་ག་དུས་སིག་ནས་འཚར་ལོང་བྱུང་ཡོད་རྒྱུ་རེད་ཟེར་ན་དུས་རབས་འདི་དུས་ནས་འཚར་ལངས་བྱུང་ཡོད་པ་དང་། ལོ་རབས་ཟླ་ཚེས། ཞག་གྲངས་སོགས་འདི་ལྟ་བུ་ཞིག་རེད་ཟེར་ནས་ཐག་གཅོད་བྱེད་དགོས་ན་དཀའ་ཁག་ཆེན་པོ་རེད། དཔེར་ན་དེ་རིང་ག་ན་འགྲོ། དོ་དགོང་ག་ན་སྡོད། སང་ཉིན་ཅི་ཞིག་ལ་མཇལ་དུ་འགྲོ་ཟེར་བ་འདི་ལྟ་བུ་ཆགས་བཞག་ན་ངག་ཐོག་གི་རང་མོས་སྙན་ངག་གི་རྩོམ་སྟངས་བརྫོ་རྒྱུ་དེ་འོང་འདུག་ལེ་རེད། འོ་ཡ་ད་དེ་ལྟ་བུའི་སྐད་ཆ་བཤད་སྟངས་དེ་གང་དུ་ཡོད་རེད་ཟེར་ན་དེ་ལྟར་གྱི་སྐད་ཆ་བཤད་སྟངས་དེ་མིའི་རིགས་ཀྱི་རྒྱུན་ལྡན་འཚོ་བའི་ཁྲོད་ཀྱི་སྐད་ཆའི་ནང་དུ་ཡོད་པ་ཞིག་རེད། དེ་ཡིན་དུས་ད་སྐད་ཆ་རྩོམ་སྟངས་དེ་འདི་སྐབས་སུ་དར་ལེ་རེད། འདིའི་སྐབས་སུ་མ་དར་བ་རེད་ཅེས་བཤད་དགོས་ན་དཀའ་མོ་ཡིན་སྲིད་རྒྱུ་རེད། རེད་དེ་མིའི་རིགས་ཀྱི་སྐད་ཆ་བྱུང་ནས་ད་བར་དུ་མི་ལོ་ཁྲི་ཚོ་དུ་མ་ཞིག་བརྒལ་ཟིན་ཚར་དུས་སྐད་ཐོག་གི་རང་མོས་སྙན་ངག་རྩོམ་སྟངས་དེ་མི་ལོ་ཁྲི་ཚོ་མང་པོའི་ལོ་རྒྱུས་དང་ལྡན་པ་ཞིག་ཡིན་རྒྱུ་རེད། ད་གླེང་མོལ་འདིའི་སྐབས་སུ་བབས་པ་བོད་ཀྱི་རང་མོས་སྙན་ངག་གི་སྐོར་རེད། དེ་ཡིན་སོང་དུས་འདི་དང་འབྲེལ་ཡོད་ཁི་བྱུང་རིམ་དང་གནས་དུས་སོགས་ལ་སྟབས་བདེའི་ངང་དུ་གཅིག་བཤད་ན་དགོས་པའི་དབང་དུ་གཏང་ན། ད་བོད་ཀྱི་རང་མོས་སྙན་ངག་གི་རྩོམ་སྟངས་ཡིག་ཐོག་ན་ཡོད་པ་དེ་སྤུ་རྒྱལ་བཙན་པོའི་དུས་སྐབས་ནས་ཡོད་པ་དང་། ངག་ཐོག་གི་རྩོམ་སྟངས་དེ་སྐབས་འདི་དུས་བྱུང་ཞེས་དུས་རབས་སིག་ལ་ཐག་གཅོད་བྱེད་མི་ཐུབ་ན་འང་ལོ་ངོ་ཁྲི་སྟོང་མང་པོའི་ཡར་སྔོན་ན་ཡོད་པ་སོགས་ཐག་ཆོད་པའི་སྒོ་ནས་ངོས་འཛིན་བྱེད་ཐུབ་པར་འདོད་པ་ཡིན། ད་བོད་ཀྱི་རང་མོས་སྙན་ངག་འདི་ཉིད་སྐུ་ཞབས་རང་གྲོལ་གྱི་ཡར་སྔོན་ནས་བྱུང་ཡོད་དམ་མེད་ཅེས་དྲི་བ་སིག་བཀོལ་ཡོང་བའི་དབང་དུ་བྱས་ན་ད་དུང་ང་ལྟ་བུར་མཚོན་ན་དོགས་གཞི་དང་ཐེ་ཚོམ་གྱི་རང་བཞིན་དུ་བྱས་ནས་འཇོག་པ་མ་གཏོགས་ཡོད་མེད་གང་རུང་ལ་ཐག་གཅོད་བྱེད་ཐུབ་རྒྱུ་མ་རེད་ལ། ཐག་གཅོད་བྱས་བཞག་ན་དེ་ཙམ་འོས་ཤིང་འཚམས་པ་ཞིག་ཡིན་མིན་ཡང་ཤེས་ཀྱི་མེད། འདི་སྐབས་སུ་བོན་པོ་ནང་ཁུལ་ལ་མཚོན་རྒྱུ་ཡིན་ན་ད་དབྲ་ཁྱུང་སྐལ་བཟང་ནོར་བུ་ཁོང་གིས་བརྩམས་པའི་སྙན་ངག་འགྲེལ་ཨེར་སངས་ལྷ་མོའི་མགུར་རྒྱན་ནང་དུ་རང་མོས་སྙན་ངག་འདི་ཉིད་ཀྱི་མཚན་གཞི་ཕྱ་ཕྲན་ནི་སྲིན་མོས་བཀང་། །ཡང་རིང་ནི་ལྕགས་ཀྱིས་མཐུད། །བ་དན་ནི་དཀར་དང་དམར། །ཐུགས་རྗེ་ནི་གར་ཡང་ཁྱབ། །དཀའ་རྟགས་ནི་ནུབ་པ་མེད། །ཅེས་པའི་ཚིག་རྐང་རེ་ཟུང་ཞིག་ཁྲོ་བོའི་གཞུང་ནས་ཟུར་འདྲེན་བྱས་ཡོང་ནས་ད་འདི་རང་མོས་སྙན་ངག་གི་རྩོམ་སྟངས་རེད། རང་མོས་སྙན་ངག་གི་རྣམ་པ་རེད། དེའི་ཕྱིར་བོད་ཀྱི་རང་མོས་སྙན་ངག་གི་ཕུགས་འདི་དོན་འགྲུབ་རྒྱལ་ལ་གཏུག་དགོས་ཀྱི་མི་འདུག་ཅེས་བཤད་བཞིན་ཐག་གཅོད་གནང་བཞིན་པ་རེད། ཡིན་ཡང་ང་ལྟ་བུར་མཚོན་ན་རྩོམ་སྟངས་འདི་ལ་བསམ་བློ་གཏང་ན་གོང་གི་ཚིག་རྐང་རེ་ཟུང་དེ་རང་མོས་སྙན་ངག་ཡིན་རྒྱུ་ཕར་ཞོག སྤེལ་མའི་སྙན་ངག་ཀྱང་ཡིན་རྒྱུ་མ་རེད། ག་སྲིད་དེ་སྙན་ངག་ཡིན་པའི་དབང་དུ་བྱས་ན་ཚིགས་བཅད་སྙན་ངག་རུ་ཁས་ལེན་དགོས་ས་རེད་བསམ་འོད། ཅི་རེད་ཟེར་ན། ཚིག་རྐང་དེ་དག་དྲུག་ཚིག་གི་ལམ་ནས་བྲིས་པ་རྐྱང་རྐྱང་རེད། དེ་ཡིན་དུས་ངས་འདི་སྙན་ངག་ཡིན་པའི་དབང་དུ་བྱས་ན་ཚིགས་བཅད་སྙན་ངག་ཡིན་ས་རེད་ཟེར་བ་ཡིན། ད་འདིའི་སྐོར་ནས་བོད་གངས་ཅན་གྱི་ཡུལ་གྲུ་ཆུང་ཆུང་འདི་ལྟ་བུར་མཚོན་ན་ཡང་ཆིག་དགག་བཞག་སྤང་གསུམ་མང་པོ་སིག་བྱེད་དང་བྱེད་བཞིན་ཡོད་རེད། ཡིན་ན་ཡང་དེའི་སྐོར་དེ་རིང་གཅིག་བཤད་ན་དགོས་པ་དང་རྒྱུ་མཚན་ཆེན་པོ་ཅུང་ཨི་ཡོད་མི་ཤེས། དེ་ཡིན་དུས་ད་དེ་རིང་འདིར་དེའི་སྐོར་ནས་སྙོག་གྲ་འགའ་སློང་འདོད་མེད། ད་དུས་ཚོད་ཀྱི་དབང་གིས་ད་ཐེངས་གི་དཔྱད་བརྗོད་འདིའི་མཇུག་བསྡུ་བའི་མཚམས་ལ་སྩེབ་སོང་བའི་རྐྱེན་གྱིས་མཚམས་འདིར་འཇོག་པ་ཡིན། ད་མཇུག་ནས་གོང་དུ་སྙན་ངག་གསར་པ་འམ་ཡང་ན་རང་མོས་སྙན་ངག་གི་ཕྱི་ནང་ལས་འཕྲོས་པའི་གཏམ་འདིས་དེ་རིང་ཁྱེད་ཉན་མཁན་ཡོངས་ལ་ཚོར་སྣང་གང་འདྲ་སྟེར་ཡོད་པ་ཀུན་མ་གསང་པར་ཐད་དཀར་གང་གསུངས་པ་ཐམས་ཅད་དགའ་དད་སྤྲོ་གསུམ་གྱི་ངང་ནས་དང་ལེན་བྱེད་འདོད་ཡོད་ཅེས་གཏམ་གླེང་འདིའི་མཇུག་བསྡུས་པ་ཡིན།། །།

Re:རང་མོས་སྙན་ངག་གི་ཕྱི་ནང་དེའི་དུས་རིམ་ལ་དཔྱད་པའི་བགྲོ་གླེང་། | 2013/2/15 17:30:42
སྐུ་མགྲོན་v05Dth(སྐུ་མགྲོན)ཁྱེད་ཀྱི་རོང་མོས་སྙན་ངག་ལ་དཔྱད་གཏམ་སྤེལ་བ་ཐུགས་རྗེ་ཆེ་ཞུ།ཁྱུང་ཚེ་ནས།
རྩོམ་པ་པོ།:སྐུ་མགྲོན་v05Dth(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:རང་མོས་སྙན་ངག་གི་ཕྱི་ནང་དེའི་དུས་རིམ་ལ་དཔྱད་པའི་བགྲོ་གླེང་། | 2013/1/9 18:22:13
སྐུ་མགྲོན་0HWj0N(སྐུ་མགྲོན)བཀྲ་ཤིས་བདེ་ལེགས།།
རྩོམ་པ་པོ།:སྐུ་མགྲོན་0HWj0N(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:རང་མོས་སྙན་ངག་གི་ཕྱི་ནང་དེའི་དུས་རིམ་ལ་དཔྱད་པའི་བགྲོ་གླེང་། | 2012/12/24 20:55:02
སྐུ་མགྲོན་qVMx5C(སྐུ་མགྲོན)ཡག་མོ་གསུངས་འདུག
རྩོམ་པ་པོ།:སྐུ་མགྲོན་qVMx5C(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.