ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
སྙན་ངག་ནི་རྩོམ་པ་པོའི་མཚམ་སྦྱོར་བ་ཞིག | 2012/8/27 13:02:00

སྙན་ངག་ནི་རྩོམ་པ་པོའི་མཚམ་སྦྱོར་བ་ཞིག    

སྙན་དེབ་རྩྭ་ཐང་གི་བརྩེ་བ་ལ་གཞིག་སྟེ་བདེ་སྐྱིད་སྒྲོལ་མ་གླེང་བ།

དང་ཐོག་ཁེར་རྐྱང་ཞིག་གི་གོམ་གཤིས་དང་ལེན་བྱས་ནས་ན་སོན་པའི་ང་ཉིད་ཀྱིས་གུར་ལྟ་བུའི་རེ་བ་དང་བསམ་གཞིག དུང་སེམས། རྨི་ལམ། ཞེན་ཆགས་སོགས་ལས་རྩྭ་ཐང་གི་སྦ་གུར། ནོར་ལུག རྫི་བོ་སོགས་ཏེ། རྩྭ་ཐང་གི་ཁྱད་ཆོས་ཡོད་ཚད་འདོར་མྱོང་མེད། དེའི་ཕྱིར་ད་ལན་བུ་མོ་བདེ་སྐྱིད་སྒྲོལ་མའི་ཆུང་དུས་ཀྱི་རྩེད་རོགས་ཚོ་དང་ཨ་མའི་སྙན་ཚིག་གཅིག་ཅེས་པ་དེ་དང་། རྩྭ་ཐང་གི་བརྩེ་བ། ཞོགས་པའི་རྩྭ་ཐང་། རྩྭ་ཐང་གི་སེམས་ཁམས་སོགས་ཀྱིས་གཙོས་པའི་ཁོ་མོའི་སྙན་དེབ་རྩྭ་ཐང་གི་བརྩེ་བའི་ནང་འདུས་ཀྱི་སྙན་ཚིག་དེ་དག་ངལ་གསོའི་ཉིན་ཞིག་སྡུས་ཀློག་ཐེངས་གཅིག་བྱེད་དགོས་བྱུང་བས་སྐབས་འདི་ནས་བུ་མོ་བདེ་སྐྱིད་སྒྲོལ་མ་དང་ཁོ་མོའི་སྙན་ངག་དེ་དག་གིས་བདག་ལ་གླེང་གླེང་བའི་སྐད་ཆ་རེ་འགའ་སྣག་ཆུ་དང་སོར་སྨྱུག་གིས་རྐྱེན་བྱས་ཏེ་བཤད་དགོས་བྱུང་། དྲང་མོ་བཤད་ན་ང་རང་ཉིད་འདི་ནས་ཡར་བརྩིས་པའི་མི་ལོ་རེ་ཟུང་གི་ཡར་སྔོན་ནས་བསམ་མེད་ཀྱི་བྱིས་པ་ཞིག་དང་འདྲ་བར་བླུན་པོའི་རང་ཚུགས་འཛིན་བཞིན་རང་མོས་སྙན་ངག་ཅེས་ཟེར་ཡོང་དུས་སྤྲོ་སྣང་དང་། ཚོར་སྣང་གི་ཆེད་དུ་ཀློག་འདོན་བྱེད་རྒྱུ་ཡོད་པ་ཞིག་ཡིན་པ་ཙམ་ལས། འགྲེལ་རྒྱག་རྒྱུའི་འདུ་ཤེས་དང་། གོ་བ་ལེན་རྒྱུའི་བསམ་བློ་ཞིག་ཡེ་ནས་གཏོང་མ་མྱོང་། ད་ལོ་ན་ཉིང་ངའི་མིག་བར་ན་མེ་ལྕེའི་དེབ་ཕྲེང་ཟེར་བའི་དེབ་ཚོམ་ཁ་ཤས་དང་། བླ་དཔེ་ཚོགས་སུ་གྲགས་པའི་བོད་ཀྱི་གདོང་མཆོང་ཕོ་མོའི་རྩོམ་བཏུས་རེ་ཞིག་ཤར་ཡོང་བ་དང་མཉམ་དུ་རང་མོས་སྙན་ངག་ལ་འགྲེལ་བ་རྒྱག་རྒྱུའི་གོ་སྐབས་ཡོད་མེད་དང་། རང་མོས་སྙན་ངག་གི་སྟེང་ན་གོ་དཀའ་སླའི་ཁྱད་ཆོས་ལྡན་མིན་གྱི་བསམ་གཞིག་བྱེད་པའི་འགོ་དངོས་སུ་འཛིན་དགོས་པར་བྱུང་ནས་སྙན་ངག་གི་ཕྱི་ནང་ལ་བཟུང་བའི་བདག་གི་ལྟ་ཚུལ་ཞེས་པ་དེ་འབྲི་དགོས་པར་བྱུང་། ཡིན་ཡང་ང་རང་ཉིད་ཨ་མའི་མངར་སྒོ་ནས་ཐོན་ཏེ་རྐང་པ་ས་ལ་བཙུག ལག་པ་གནམ་དུ་རྐྱང་བཞིན་མིག་གིས་མི་ཡུལ་གྱི་འཇིག་རྟེན་འདིར་ལྟད་མོ་བལྟས་པས་མི་བུ་ཞིག་གི་མིང་འཛིན་པ་ནས་ད་ལྟ་རང་ཉིད་མི་ལོ་ཉི་ཤུར་ཕྱིན་སོང་ཡང་རང་མོས་སྙན་ངག་ཞིག་ལ་འགྲེལ་བ་ཐོག་མ་རྒྱག་པའི་སྐབས་ནི་དེ་རིང་སྟེ། སློབ་ཆེན་འདིའི་ངལ་གསོའི་ཉིན་མོ་ཞིག་ཡིན། ཉིན་མོ་འདིར་སྙན་དེབ་རྩྭ་ཐང་གི་བརྩེ་བ་བཀླག་པ་དང་མཉམ་དུ་ཁོ་མོའི་རང་མོས་སྙན་ངག་རེ་ཞིག་ལ་ཚིག་རེ་རེ་ན་འགྲེལ་རྒྱག་རྒྱུ་མ་བྱུང་ན་ཡང་། རྩོམ་དེའི་གཞི་རྩའི་བསྟན་དོན་འདི་ལྟར་ཡིན་ཞེས་པ་དང་། ཡང་ན་རང་མོས་སྙན་ཚིག་དེ་དག་གིས་ནང་དོན་འདི་འདྲ་ཞིག་བསྟན་འདུག་ཅེས་ཞུས་པ་འདི་ཉིད་ཀྱང་ངས་རང་མོས་སྙན་ངག་འགྲེལ་བརྒྱབ་པའི་སྐད་ཆ་ཐོག་མ་དེ་ཁོ་ན་ཡིན་སྲིད་པ་དེ་རེད། བདག་གིས་ཞིབ་པར་རྩྭ་ཐང་གི་བརྩེ་བ་ཞེས་པའི་དེབ་གཞི་འདི་ཉིད་ཀློག་ཡོང་དུས་མོ་རང་རྩྭ་ཐང་དང་འབྲེལ་བའི་སྙན་ངག་གི་སྲོག་གམ། ཟུང་འཇུག་ལྟ་བུར་གྱུར་ཡོད་པར་རྟོགས་བྱུང་། ཁོ་མོ་སྙན་ངག་འབྲི་བའི་ལམ་ནས་ཆས་ཏེ། རྩྭ་ཐང་དང་རྩྭ་ཐང་ཞེས་འབོད་པ་བཏང་བ་གྲངས་ཀྱིས་མི་ལོང་བས། ང་ལྟ་བུའི་འབྲོག་ཕྲུག་ཕལ་པ་ཚོས་ཨ་མ་ང་ལ་ཞོ་བླུག་རོགས། འོ་མ་བྱིན་ཤོག མར་དང་ཕྱུར་བ་གང་ན་ཡོད་ཅེས་འབོད་པ་བཏང་སའི་སྙི་ཉེ་བའི་ཨ་ཅེ་འབྲོག་མོ་དེ་ཡིན་པར་ངེས། སྙན་དེབ་རྩྭ་ཐང་གི་བརྩེ་བ་བཀླག་པའི་འགོ་བརྩམས་ནས་རིམ་བཞིན་བལྟས་ཡོད་དུས། གློ་བུར་དུ་མིག་ལམ་ནས་ཁྱོད་དང་དཔྱིད་ཟླ་དང་པོ་མཉམ་གཅིག་ཏུ་བསླེབས་ཤིང་། ཁྱོད་དང་མེ་ཏོག་སེར་ཆེན་ལྷན་གཅིག་ཏུ་བཞད་དེ། ཁྱོད་དང་ཁ་ལ་ཡུག་མོ་སྡེབ་གཅིག་ཏུ་བརྩེན་པས། ཁྱོད་དང་ཁྱོད་ཀྱི་ཨ་མར་ནུ་ཁ་བཀང་བའི་ནངས་བཞོའི་སྐབས་དེ་ནས། ང་ནི་བེའུ་ཁྱུའི་བློས་ཐུབ་ཀྱི་རྫི་བོ་ཆུང་ཆུང་ཡིན་ཞེས་པ་དེ་ཤོར་སོང་བས། བསྐྱར་ཀློག་ཐེངས་གཅིག་བྱས་དུས་ཁྱེད་ཀྱང་འབྲོག་ཐང་ལ་སྙིང་ཞེན་ཟབ་ཅིང་། ནོར་ལུག་ལ་བརྩེ་དུང་གིས་ཆགས་བཞིན་ཕྱུགས་ཁྱུ་འཚོ་སྐྱོང་གནང་བའི་མཛངས་མ་ཞིག་ཡིན་པར་མཚམ་སྦྱོར་བྱས་འདུག་པར་སྙམ་པས་སྐབས་ཤིག་ཞི་གནས་ལྟར་སེམས་གནས་ཆ་ཐོབ་དྲགས་པས་ལག་ཐོག་ཁ་པར་གྱི་ཉན་བརྡ་བཏང་བྱུང་བ་མ་ཚོར་བར་བསམ་གཞིག་གིས་བསམ་གཞིག་བསུས་པས་བསམ་གཞིག་གི་སྣེ་མོ་བསམ་གཞིག་མཐུད་བཞིན་ལུས། ཡང་ཁྱེད་བེའུ་དང་ལྷན་དུ་ལྷས་རྡང་ནས་ཡོད་པའི་སྐབས་ཤིག་འདི་ལྟར་ཟེར། ལྷས་རྡང་གི་བཏང་འདོགས་ཁྲོད་དུའང་། ཁྱོད་ཀྱིས་ངའི་རྐང་རྗེན་ལ་སྐྱི་གཤུ་མ་བཏོན་པ་ནམ་ཞིག་ཡོད། ཁྱོད་ཀྱིས་རང་གི་ཨ་མ་མཐོང་དུས་ཀྱི་ཤེད་ཤུགས་དང་། ཁྱོད་ཀྱིས་རང་གི་ཨ་མ་མཐོང་དུས་ཀྱི་རྔམ་སྟབས་དེ་ལ་ངས་སྔ་མོ་ནས་གུ་ཡངས་བཏང་ཡོད་དེ། ངེད་གཉིས་ཀྱིས་རང་རང་གི་ཨ་མ་དྲན་པའི་གདུང་སེམས་འདྲ་འདྲ་ཡིན་པར། སུས་ཀྱང་དུད་འགྲོ་དང་འགྲོ་མིའི་ཁྱད་པར་ཕྱེ་ནས་བརྗོད་ག་ལ་ཆོག་ཅེས་པ་དེས་མོ་རང་ཡོད་ཚད་འདྲ་མཉམ་དུ་འཛིན་པའི་ཨ་མ་སྟེ། ཁྱི་དང་མིའི་བར་ནས་བརྙས་ཆོས་དང་། ཐུབ་ཚོད་བྱེད་པའི་ལས་སྨན་ཞིག་མིན་པར་ལྷས་རྭ་དང་། འབྲོག་ཁྱིམ་ལ་ཁ་གཡང་སྟོང་དང་། བརྩེ་ཞེན་དང་བར་ཐག་མི་རིང་བའི་བྱམས་སེམས་དང་སྙིང་རྗེ་བརྒྱ་ཡིས་འབྲོག་ཐང་གི་ཕྱུགས་ཁྱུ་གཅེས་སྐྱོང་གནང་བའི་བག་ཡོད་དང་། ངང་རྒྱུན་རིང་བའི་བདག་མོ་ཞིག་ཡིན་པར་རྟོགས་ཐུབ་པ་འདི་ལ་གཞིག་ན། ཁོ་བོའི་སྙན་ངག་སློབ་དཔོན་གྱིས་བདག་གིས་རྩོམ་ཡིག་རྒྱུད་ནས་གཞན་ཞིག་ངོ་སྤྲོད་དང་མཚམ་སྦྱོར་བྱེད་པའི་ཞོར་དུ་སྙན་ངག་གིས་བདག་གི་ཚོར་འདུ་དང་རང་ཉིད་ངོ་སྤྲོད་བྱེད་ཀྱི་ཡིན་པར་གསུངས་པ་དེ་བློ་བུར་དུ་ཡིད་ངོར་ན་ཟླ་བ་བཞིན་ཤར་འོང་ཞིང་། དྲན་སྟེང་ན་ཉི་མ་བཞིན་འཛུམ་ཡོང་བའི་ཞོར་དུ་སྙན་ངག་གི་རྩོམ་པ་པོ་ངོ་སྤྲོད་བྱེད་ཅེས་པ་དེ་གླེང་བརྗོད་འདིའི་བློས་ཐུབ་ཀྱི་གྲོགས་པོ་ཉག་གཅིག་རྩྭ་ཐང་གི་བརྩེ་བ་དང་། ཆུང་དུས་ཀྱི་རྩེད་རོགས་ཚོ་དང་ཨ་མའི་སྙན་ཚིག་གཅིག་ཅེས་པ་འདི་དག་གིས་བདེ་སྐྱིད་སྒྲོལ་མ་ངོ་སྤྲོད་བྱེད་ཐུབ་པ་འདི་ལྟ་བུ་ཡིན་པར་ངེས་སྙམ་བཞིན་སློབ་དཔོན་གོང་མས་བརྡའ་བཏང་པ་དེ་ད་གཟོད་ངའི་སེམས་ངོས་ན་སྟབས་བདེ་པོའི་ངང་ནས་ཤེས་ཐུབ་པར་བྱུང་། ད་དུང་སྙན་དེབ་རྩྭ་ཐང་གི་བརྩེ་བའི་ནང་གི་སྙན་ཚིག་རྫི་མོ་ཞེས་པའི་རྗོད་བྱེད་འོ་མ་དཀྲོག་བཞིན་པའི་ཉིན་མོར། གློ་བུར་དུ། ཅི་ཞིག་གི་འབོད་པ་སྦྲ་ནང་ནས་ཐོས་བྱུང་བར། འུར་ཆ་ལག་ལ་ཐོགས། ལན་བུ་མདུན་དུ་བླངས། རྐང་པ་རྗེན་པར་བུད། རྩག་མཐུ་བཟུང་ནས་ཞེས་པའི་ཚིག་རྐང་དྲུག་བདུན་དེས་བཀག་མི་ཐུབ་པར། རང་དབང་བྲལ་བཞིན། སེམས་ཀྱི་ཁ་ཕྱོགས་བསྒྱུར་མ་ནུས་པས་ངའི་སེམས་ངོས་སུ་སྦྲ་ནག་ནས་བྱམས་བརྩེ་དང་སྙིང་ཞེན་སྟོང་གིས་གཟའ་མི་ཚོ་ཇི་ལྟར་འཚོ་སྐྱོང་གནང་ཡོད་དམ། རྩྭ་ཐང་ནས། རྫི་གླུ་དང་ཀི་སྒྲ་རེ་རེ། འུར་ཆའི་ཚག་སྒྲ་དང་མཉམ་དུ་ར་ལུག་དང་། རྟ་ནོར། མདོར་ན་རྩྭ་ཐང་དང་། ཡང་ན་བརྗིད་ཉམས་ཀྱི་ཕྱུག་པའི་འབྲོག་ལྷས་ཤིག་ནས་འོ་ཞོ་འཇོ་བཞིན་དཀྲུག་བཞིན། ཕྱུགས་ཁྱུ་ཡོད་ཚད་ཅི་ལྟར་འཚོ་སྐྱོང་བྱས་ཡོད་པར་སྙམ་སྟེ་མོ་རང་འབྲོག་མོ་ཞིག་གི་རང་གཤིས་དང་མ་འབྲལ་བར་དུས་ཡུན་རིང་ཙམ་དུ་མདོ་དབུས་མཐོ་སྒང་ན་སྐབས་རེ་ཞིག་རྫི་བོ་དང་། དུས་འགའ་ཞིག་ཨ་མའི་ངང་གཤིས་ཅན་ཞིག་ཏུ་བྱས་ནས་གནས་ཡོ་པར་ཤེས་པས་གནས་ལུགས་དང་རྒྱུ་མཚན་དེ་དག་རྟོགས་བྱུང་། སེམས་ཁྲལ་གྱི་འཕོ་ཉུལ་ལས། ང་ཚོས་རང་ཉིད་བསམ་དགོས་ལ་མི་བུ་ཡན་གར་བ་རེ་རེ་ནས་འགྲེང་ཚུགས་སུ་ཡོང་ཐུབ་པར་བརྩོན་དགོས་ཞེས་པ་ལྟར་བུ་མོ་བདེ་སྐྱིད་སྒྲོལ་མས། སྙན་ཚིག་བུ་ཆུང་གི་དྲི་བ་དང་། གཅེས་ཕྲུག་སོགས་བསམ་པ་དང་འདུ་ཤེས་ཟུང་འཇུག་བྱས་ཤིང་། ཐ་སྙད་ཀྱི་ལྷུ་ཚིག་སྦྲེལ་སྟངས་ཤིག་གིས་མི་ཡུལ་གྱི་འཇིག་རྟེན་འདིར་གཏན་ལ་ཕབ་པ་དེས། མི་རིགས་དང་། ཕ་ཡུལ་ལ་བརྩེ་བའི་དུངས་ཞེན་དེ་མོ་རང་ལ་དོན་གྱིས་དབང་པའི་རྒྱུ་མཚན་གྱིས་ཨ་མའི་མཐའ་འཁོར་ན་ཡོད་པའི་གཅེས་ཕྲུག་དང་། མིང་སྲིང་ཚོས་རང་ཉིད་ལ་བསམ་གཞིག་བྱེད་ཞོར་རིགས་རྒྱུད་དང་། གཞིས་ཀ་དེ་དག་བློས་གཏོང་མི་རུང་བར་གསལ་བཤད་བྱས་པ་འདིས། ང་རང་ཉིད་ཀྱིས་རང་གཞན་གཉིས་ཕྱོགས་ནས་བསམ་བློ་གཏང་ཐུབ་སྟེང་རང་གཞན་གཉིས་ཀའི་དོན་མི་དམན་པ་ཞིག་སྒྲུབ་ཐུབ་ཚེ་ད་གཟོད་འུ་ཚང་ལ་འཁོ་གལ་ཆེ་བའི་ཅ་དངོས་ཤིག་ཏུ་འགྱུར་ཐུབ་པར་སྙམ་བྱུང་། མདོར་ན། རྩྭ་ཐང་གི་བརྩེ་བ་ཞེས་པའི་སྙན་དེབ་འདིའི་ནང་དུ་འདུས་ཡོད་པའི་རྩོམ་སྣ་བརྒྱ་ཕྲག་གཅིག་པོ་འམ། ཞི་མོའི་རྐང་རྗེས་ཁྱར་ཁྱོར། འབྲོག་མོའི་གཉོམ་སེམས་དུངས་དུངས། ཨ་མའི་བུ་དུངས་ལྷུག་ལྷུག མཛའ་མོའི་སེམས་གཞས་ཀྱ་ཀྱུ། སྐྱེས་མའི་འཆར་སྣང་ཐན་ཐུན། དམན་ཆུང་སེམས་ཁྲལ་ངན་ངོག་སོགས་ཀྱིས་མཚོན་པའི་ཚན་པའི་རྣམ་གྲངས་དེ་དག་མོ་རང་གིས་བཞེངས་སྐྲུན་བྱས་ཤིང་། དེ་དག་གིས་བདེ་སྐྱིད་སྒྲོལ་མའི་སྐུ་ཚབ་བམ། མོ་རང་ཉིད་གང་འདྲ་ཞིག་ཡིན་པར་མཚམ་སྦྱོར་བྱས་ཡོད། སྙན་ཚིག་འདི་དག་གིས་བུ་མོ་ཞིག་ཐོག་མར་སྐྱེས་ནས་མདོ་དབུས་མཐོ་སྒང་ནས་ནར་སོན་པའི་རྣམ་ཐར་ཞིག་ངོ་སྤྲོད་ཚད་དང་ལྡན་པར་བྱས་ཡོད་པ་གླེང་མི་དགོས་པའི་སྣང་བརྙན་གསོན་པོ་ཞིག་ཏུ་གྲུབ་འདུག་པས་བདག་གིས་སྙན་ངག་པས་སྙན་ངག་སྐྲུན་བཟོ་བྱས་པས་སྙན་ངག་པའི་ཚབ་ཏུ་སྙན་ངག་འགྲོ་སྲིད་པའི་མཚན་གཞི་འདི་ལྟ་བུ་ཞིག་ལ་འཇོག་འདོད་པ་ཡིན་ལ། རི་བོ་ཞིག་གངས་ཀྱི་གཏུམ་པ་བཞིན་རྩྭ་ཐང་ཞེས་པའི་ཐ་སྙད་གྲངས་མང་བདེ་སྐྱིད་སྒྲོལ་མའི་སྐད་ཆའི་ཕྱི་གཡོག་བྱས་པ་དེ་དག་གིས་བུ་མོ་ཞིག་གི་དུས་གསུམ་འདི་ལྟར་ཡིན་ཞེས་འབོད་པ་ཕྱོགས་ཡོངས་སུ་གཏོང་བཞིན་མཆིས་ཤིང་། བདེ་སྐྱིད་སྒྲོལ་མས་མོ་རང་ཅི་ཞིག་ཡིན་པར་ཤེས་སོང་བས་ཟླ་ཐོ་ཆུ་མོ་དགུ་མདུད་ཅེས་བྲིས་ཡོད་པ་དེའི་གནད་ཚིག་དེ་དག་ཀློག་ཡོང་དུས་སྐབས་འགར་དགོད་དགོས་པ་དང་། རེ་ཞིག་ངུ་དགོས་པའི་ཚོར་སྣང་ཡང་མང་དུ་སྦྱིན་བྱུང་བ་དང་མཉམ་དུ་ཨ་མའི་མངལ་སྒོ་ནས་ཐོན་པའི་ཕྲུག་གུ་ཞིག་ཡིན་ཚེ་སྒྲུབ་བྱ་དང་། འཇུག་འབྲས་ཅན་ཞིག་ཡིན་པའི་ངང་ནས་མི་ཡུལ་དུ་གོམ་པ་སྤོ་དགོས་པ་ངོས་ཟིན་པའི་ཆེད་དུ་ཟླ་བ་གཅིག་ནས་དགུའི་བར་གྱི་མྱོང་ཚོར་དང་དཀའ་སྡུག་མི་ཡུལ་དུ་ཕྱིར་སྟོན་བྱས་པ་ཞིག་ཡིན་པར་ངེས། དེའི་ཕྱིར་སྙན་དེབ་རྩྭ་ཐང་གི་བརྩེ་བ་འདི་ཉིད། བདེ་སྐྱིད་སྒྲོལ་མའི་བརྩེ་བ་དང་། ཤ་ཞན། ལ་རྒྱ། རེ་བ། ཡིད་ཆེས། དགའ་ཕྱོགས། བསམ་བྱ། ཡང་ན་དེ་དག་ལས་འོང་བའི་སློབ་གསོ། མྱོང་ཚོར། དྲང་བཤད་སོགས་དང་དུས་གཏན་དུ་ཁ་འབྲལ་མི་སྲིད་པ་ཞིག་ཡིན་ཞེས་བཤད་ཆོག་ཆོག་ཏུ་ངེས། སྐབས་གཅིག་གི་མྱོང་ཚོར་གཅེར་དུ་འདི་ལྟར་ཕྱུང་བ་ནི་གཙོ་བོ་སྙན་དེབ་རྩྭ་ཐང་གི་བརྩེ་བའི་རང་གཤིས་སམ་བདེ་སྐྱིད་སྒྲོལ་མའི་རང་གཤིས་འདི་ལྟར་ཡིན་པར་ངོ་འཕྲོད་པའི་ཆེད་དུ་ཡིན་ཞིང་། མ་གཞི་ནས་སྙན་ངག་པ་སུ་ཞིག་ཡིན་རུང་། རང་གིས་རང་ཉིད་ཅི་ཞིག་ཡིན་པར་ཤེས་ཐུབ་པ་དང་། རང་ཉིད་སྙན་ངག་གི་ཟུང་འཇུག་ཏུ་འགྱུར་དགོས་པར་ངོ་འཕྲོད་ཐུབ་པར་བྱུང་ན་ཡག་དང་བཟང་ཞེས་སྙན་ངག་པའི་རེ་བ་བརྗོད་པ་ཡིན།          2012.8.19ཉིན།

Re:སྙན་ངག་ནི་རྩོམ་པ་པོའི་མཚམ་སྦྱོར་བ་ཞིག | 2012/8/30 19:00:25
danzengyixi


བཀླགས་ཟིན། མུ་མཐུད་ནས་ཕྲིས་དང་། ཁྱེད་ཀྱི་སྙན་རྩོམ་ཀློག་པ་ནམ་ཡང་ཡོང་ངེས་ཡིན།
ལྷ་གཡག་དར་མས།
Re:སྙན་ངག་ནི་རྩོམ་པ་པོའི་མཚམ་སྦྱོར་བ་ཞིག | 2012/8/28 8:14:09
སྐུ་མགྲོན་INEp27(སྐུ་མགྲོན)ངོ་མ་ཆེས་དགའ་འོས་པ་པ་ཞིག་རེད། ཁྱེད་རྩོམ་རིག་ཞིབ་འཇུག་པ་ཞིག་ཡིན་པ་ཡེ་ནས་མ་བསམ། ཧོར་དང་ཁྱུང་པོའི་ཕྱོགས་ནས་འདི་བུ་ཞིག་ཐེངས་དང་པོ་མིན་ན། སྔོན་ཐོན་གྱི་གྲལ་ཞིག་ཡིན་བཤད་མ་དགོས། མུ་མཐུད་དུ་ཡིན་གོ། རིག་འབྱུང་ཡུལ་ནས།
རྩོམ་པ་པོ།:སྐུ་མགྲོན་INEp27(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.