སྤྲོ་སེམས་ཀྱི་ལེགས་སྐྱེས།
ཐོག་མར་འཕྲིན་ཐུང་ནས་གཏམ་བཟང་ཞིག་ཐོས།
བར་དུ་བརྙན་གཟུགས་ལས་ལྟད་མོ་ཞིག་རིག
ཐ་མར་ངས་རེ་སྒུག་བྱས་པའི་རྒྱལ་ཁ་དེ་མཐོང་།
དེ་དག་ཡོད་ཚད་བུ་མོ་ཆོས་དབྱངས་ཀྱིས་ང་དང་ཁ་བ་ཅན་ལ་བཞག་པའི་གཏམ་རྒྱུད་དང་བཤམ་སྟོན།
རྒྱལ་ཁ་དང་གཟི་བརྗིད།
བུ་མོ་ཆོས་དབྱངས།
ལྷོ་གླིང་འཛིན་པའི་རྩེད་རྭ་ཆེན་མོ་ནས།
ཡུལ་གངས་ཅན་པའི་མཚན་སྙན་ལག་འཇུ་བྱས་ཏེ།
ཨང་གསུམ་གྱི་སྙན་པ་དེ་དོན་གྱིས་བླང་ཟེར།
དེ་ལྟར་ཡིན་ན། བོད་རེ་བ་ཅན་ལ་རེ་བའི་ཚད་ཞིག་མེད་ཀྱང་།
སྐབས་ཙམ་ཞིག་ང་དང་གཉེན་ཉེ་ཚོའི་རེ་ཁ་བུ་མོ་ཁྱེད་དང་ཁྱེད་ཀྱི་མཚན་སྙན་དེས་བཀང་ཡོད་སྲིད།
བུ་མོ་ཆོས་དབྱངས།
འཛམ་གླིང་འགྲོ་འགྲན་གྱི་གླིང་ཁ་དེ་ནས་ཁྱེད་ཀྱིས་གོམ་པ་སྔོན་དུ་སྤོས་སོང་བ་དེས་ང་དང་གངས་ཅན་པའི་མིང་སྲིང་ཚོ་སྔོན་ཐོན་གྱི་གོམ་འགྲོས་མྱུར་འོང་བའི་སྟ་གོན་གྱི་ལྟས་བཟང་ཞིག་ཡིན་ཆོག
གང་ལྟར་ཁྱེད་ལ་རྒྱལ་ཁ་དང་།
ལས་རླུང་གིས་མཚན་སྙན་ཐོབ་པ་ཐེངས་རེ་རེ་ཙམ་མིན་ཞིང་།
ཁྱེད་ལ་ཐོབ་ཟིན་པའི་རྒྱལ་ཁ་དེ་དག་མི་རིགས་ཤིག་གི་གཟི་བརྗིད་དུ་འབོད་པར་འདོད།
ང་རང་ངག་རིག་པ་ཞིག་ཡིན་པས།
རེ་བ་དང་ཡིད་ཆེས་ཀྱི་ཀློང་ནས།
དྲན་སྣང་གི་ལེགས་སྐྱེས་སོར་སྨྱུག་གིས་དྲངས་ཏེ་ལག་ཟུང་གིས་ཁྱེད་ལ་བསྲིངས་ཤིང་།
ང་རང་ཆོས་པ་ཞིག་ཡིན་པས། དད་འདུན་དང་།
སྐྱབས་འགྲོའི་དབྱངས་ཚིག་སྟོང་གིས་ཁྱེད་ཀྱི་དུས་གསུམ་ལ་བཀྲ་ཤིས་ཀྱི་ཁ་གཡང་བརྗོད།
2012-8-17ཉིན་རང་ཤག་ནས།
- ཟིན་ཐོ་གོང་མ།རྩྭ་ཐང་གི་རྒོད་སྒྲ།
- ཟིན་ཐོ་འོག་མ།བདག་གིས་སྙན་ངག་ལ་བཟུང་བའི་ལྟ་ཚུལ། ཁག་དང་པོ།