ཧི་བོན་ཟིན་བྲིས།
གཉན་ཆེན་ཐང་ལྷ།
སྤྱི་བསྒྲགས།

    སྐྱེས་ཡུལ་སྦྲ་ཆེན།

    སྡོད་གནས་ཀོ་དགོན་བཤད་སྒྲུབ་འདུས་སྡེ།

    ལག་ཐོག་ཁ་པར།  18798956012

    སྐད་འཕྲིན།1938853760

ལི་ཐོ།
    <<  < 2021 - >  >>
    1234
    567891011
    12131415161718
    19202122232425
    262728293031
ཆེད་སྒྲིག་རྣམ་དབྱེ།
པར་མཛོད།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
རྩྭ་ཐང་གི་རྒོད་སྒྲ། | 2012/8/18 10:55:00

རྩྭ་ཐང་གི་རྒོད་སྒྲ།

ཟླ་ལྔ་པར་སྤང་ལྗོངས་ན་མཛེས་སྡུག་གི་འཇའ་ཚོན་བཀྲ་ཞིང་།

མེ་ཧྲོག་ལང་ཚོ་རྒྱས།

སྟོད་ན་དམར་གཞུང་དྲུག་ནས་སེར་ཆེན་མེ་ཧྲོག་གི་འདབ་ཕྲེང་རྒྱས་བཞིན།

སྨད་ཆུ་ཁའི་གྲམ་གཞུང་ན་རའི་བུ་དང་ལུ་གུའི་མེ་ཧྲོག་བཀྲ།

ཡོད་ཚད་རྫི་གླུ་དང་འབའ་ངུར་གྱི་དབྱངས་རྟ་རིང་མོར་ཞེན་ཆགས་ཤིག་གིས་རྩྭ་ཐང་ན་རྒོད་སྒྲ་ཤིག་ཤིག

གངས་ཆུའི་བཞུར་སྒྲ་སྙན། རྫ་ཆུའི་དབྱངས་རྟ་རིང་།

སྨན་ཆུང་བུ་མོས་འོ་ཞོ་དབྱུག་པའི་གླུ་ངག་དེ་ཡིས་འབྲོག་ཐང་གི་བརྩེ་བ་ཟབ་ཅིང་རྒྱས་ཤིང་།

སྟག་ཤར་བུ་ཚས་ཀི་བསོ་ལྷ་རྒྱལ་གྱི་འབོད་ཚིག་གཙང་མས་ལས་རླུང་གི་བ་དན་རྩྭ་ཐང་ནས་སྒྲིང་།

ངའི་ཕུ་ནུ་མིང་སྲིང་། ངའི་བྱམས་ལྡན་ཕ་མ།

ངའི་ཕ་མེས་ཡང་མེས།

སྙན་འགྱུར་གྱི་རྒོད་སྒྲ་རེ་རེས་རྩྭ་ཐང་ན་འཚོ་བའི་གོ་རིམ་ཁྲོད་མི་རིགས་ཤིག་གི་གཏམ་རྒྱུད་མང་ཞིང་།

མི་ཚེའི་རིང་མོའི་ཕུག་འདུན་མཆིས།

དེའི་ཕྱིར་རྩྭ་ཐང་ནི་རྒོད་སྒྲའི་འཇིག་རྟེན་ཞིག་གམ།

སྤྲོ་སྣང་གི་ཞིང་ཁམས་ཤིག་ཡིན་པས་རྩྭ་ཐང་གི་དགོད་སྒྲ་རྩྭ་ཐང་ན་ཁྱབ་ཅིང་།

དུས་ནམ་ཡང་རྩྭ་ཐང་ནི་རྒོད་སྒྲའི་རང་བཞིན་ཅན་ཞིག

ཕ་ཡུལ་དམར་རི་ནས། 2012.5.25ཉིན།

དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.