ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ཟུར་ཟ་ལ་རྒོལ་བ། | 2012/8/6 13:24:00

ཟུར་ཟ་ལ་རྒོལ་བ།

དྲྭ་གྲོགས་ཟུར་ཟ་ཅན་དག་གིས་གཙོས་པའི་ཟུར་ཟའི་སློབ་དཔོན་དག་ལ།

ངག་རིག་རྩེད་འཇོ་ལ་དགའ་བའི་ཁེར་རྐྱང་ང་སྐྱེས་ནས་བགྲང་བྱ་ཉི་ཤུར་ཟིན་ལ་མ་ཟིན་པའི་དུས་ནི་ཁ་སོང་དང་དེ་རིང་ཡིན།

ཉིན་མོ་འདི་དག་ང་གཤིན་རྗེ་ཚང་གི་སྒོ་ཁ་ནས་ཐོན་ཏེ་མི་ཡུལ་དུ་གོམ་པ་སྤོ་བའི་ཁ་སང་དེ་རིང་།

དུས་ཚིགས་འདི་དག་གི་ཡོ་ལང་བར་ན་ཁྲམ་ཚོགས་སྐོར་འགས་ཟུར་ཟ་མི་དགོས་ས་ཟུར་ཟ་འཚོལ་བཞིན་ངའི་གཉའ་སྟེང་ན་རྡོག་བརྫིས་ཨི་ཐུབ་ལྟས།

ཡིན་ཡང་།

ཟུར་ཟ་དེ་དག་ནི་དུས་ནམ་ཡང་ཟུར་ཟ་རང་ཡིན་པ་ལས་འཇིག་རྟེན་གྱི་བདེན་པ་གཅིག་ཏུ་གྲུབ་མི་སྲིད་པས་ངའི་གཉའ་ཐོག་ན་ལྷུང་བ་ཙམ་གྱི་གཙང་བུ་ང་མགོ་འཕང་མཐོ་བར་མ་བྱས་ན་དམར་བར་མི་ཐུབ།

དེའི་ཕྱིར་ངའི་སེམས་སྟེང་ནས་ཟུར་ཟའི་ཆེད་དུ་ཟུར་ཟ་ཟུར་ཟ་བྱེད་མི་འདོད།

ཡིན་ཡང་ང་དང་ངའི་མཐར་འཁོར་འདི་དག་ལས་ཟུར་ཅན་ཚོས་ཟུར་ཟ་ལས་གཞན་ཅི་ཡང་རྙེད་མ་མྱོང་བས་ཁྱེད་ཚོས་དུས་རྟག་ཏུ་ཁ་ཕྱོགས་དང་འཛིན་སྟངས་སམ།

ཡང་ན་སྒྱུ་རྩལ་དང་རིན་ཐང་འཚོལ་ཐུབ་ཀྱི་མི་འདུག་ཅེས་ཟུར་ཟ་བྱེད་ན་འདོད། དེའི་ཕྱིར་ཟུར་ཟའི་བྲན་གཡོག་ཏུ་གྱུར་འདུག་ཅེས་ཟུར་ཟ་བྱེད་པར་སྤོབ།

མཚམས་འདི་ནས་སྤྲོས་པས་སྤྲོས་པ་གཅོད་ཅེས་པའི་དབུས་སྨྲ་བའི་ཐ་སྙད་རིན་ཐང་ལྡན་པ་སྐོར་ཞིག་ལ་ཡིད་ཆེས་དང་མོས་པ་ཞིག་གིས་ཟུར་ཟས་ཟུར་ཟར་རྒོལ་བའི་མཛད་པ་སྐྱོང་བཞིན་ཟུར་ཟའི་བྲག་རི་འདི་དག་ཐོག་འདྲ་བའི་དྲང་བདེན་གྱིས་གཏོར་བར་མོས།

དེ་ནི་ངས་ཟུར་ཟ་ལ་ངོག་ལོག་པའི་གཏམ་རྒྱུད་ཙམ་སྟེ།

ཟུར་ཟས་ཟུར་ཟ་འགོག་པའི་གཏན་ཚིགས་ཡང་དག་ཞིག ། །།

                                                   2012-7-6ཉིན་སྟེང་ཆེན་དྲྭ་ཁང་ནས།

http://blog.amdotibet.cn/okokok/archives/61458.aspx

དྲྭ་བྱང་འདིའི་ནང་དུ་གཉའ་བློ་གྲོས་རྒྱལ་མཚན་གྱི་གསུང་བཤད་ཅིག་འདུག འདི་རྩོམ་ཡིག་འདིའི་ཀློག་པ་པོ་དག་ལ་ལེགས་སྐྱེས་སུ་དམིགས་ཏེ་བཤམས་སྟོན་བྱས་པ་ཡིན།

Re:ཟུར་ཟ་ལ་རྒོལ་བ། | 2013/2/21 1:33:07
སྐུ་མགྲོན་tXOa61(སྐུ་མགྲོན)གྲོགས་པོ་ལགས། རྒྱབ་སྐྱོར་ཡོད་། ཁྱུང་ཚེ་གྲགས་ནས།
རྩོམ་པ་པོ།:སྐུ་མགྲོན་tXOa61(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ཟུར་ཟ་ལ་རྒོལ་བ། | 2012/8/15 14:58:34
སྐུ་མགྲོན་0GWj0N(སྐུ་མགྲོན)ཟུར་ཟ་རྒོལ་བ་ཡང་བདེན་མེད་མ་རེད་དམ ཁུ་བློ་ནས།
རྩོམ་པ་པོ།:སྐུ་མགྲོན་0GWj0N(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.