ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ལེགས་སྐྱེས་དང་། ཁ་བརྡ། | 2012/5/14 14:47:00

                ལེགས་སྐྱེས་དང་། ཁ་བརྡ།                   

ཧེ་བོན་ཟིན་བྲིས་སྤེལ་ནས་ལོ་གཅིག་ལོན་པར་བཀྲ་ཤིས་བདེ་ལེགས་ཞུ།

དེ་རིང་ནི་འཛམ་གླིང་ན་སྙན་དབྱངས་ཀྱི་གྲགས་པ་འབར་བའི་རི་བོ་ཧི་མ་ལ་ཡི་མཚན་གནས་ཀྱི་དོ་ཤལ་གསོལ་བ་ཧི་མ་ལའི་བོན་གྱི་དྲྭ་བ་ཆེན་མོའི་གཙོ་སྒྲུབ་མི་སྣ་དག་གིས་ཆེད་གཉེར་གནང་བའི་སྒྲོམ་གཞི་ཆེན་མོ་ཞིག་གམ། རྩོམ་པ་པོ་འམ་འཛམ་གླིང་གི་བོད་ཀྱི་མཁས་མང་སྐོར་འགའི་སྐད་ཆའི་འཚོགས་རྭ་ཆེན་མོ་སྟེ། མཚན་དུ་ཧི་མ་ལ་ཡི་བོན་གྱི་ཟིན་བྲིས་ཞེས་འབོད་པ་དེ་ཉིད་གཙོ་གཉེར་མཛད་ད་བར་མི་ལོ་ཧྲིལ་པོ་གཅིག་འཁོར་བའི་དུས་བཟང་དེ་དང་བསྟུན་ཏེ་ཁོ་བོ་གཙང་ཚྭ་གཤེན་སྨྱུག་པས་ཁྱེད་ལས་སྒྲུབ་མི་སྣ་དང་། དྲྭ་བ་འདིའི་གཙོ་འཛིན་པ་ཡོངས་ལ་ཐོག་མར་མཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་བ་ཡིན། དེ་ཡང་མཁྱེན་སྤྱན་མངའ་བའི་ཁྱེད་གཙོ་འཛིན་པ་ཡོངས་ཀྱིས་སྤྱིར་འཛམ་གླིང་གི་རིག་གནས་དང་། སྒོས་སུ་བོད་དང་བོན་གྱི་ཤེས་རིག་ལ་ཐུགས་ཁུར་སླད་མེད་ཅིག་མཛད་པའི་འོག་ནས་འཛམ་གླིང་གི་རྩོམ་པ་པོ་ཁྱུ་གཅིག་གི་སེམས་ཀྱི་རང་གཤིས་ཀྱིས་མཚོན་པའི་རྩོམ་རིག་མི་འདྲ་བ་སྣ་ཁ་བརྗོད་མི་ཤེས་པ་ཞིག་སྐྱེས་བསྲིང་ཐུབ་ཡོད་ལ། དེ་དག་ནི་ཁྱེད་ཅག་གི་ལག་རྗེས་ཡ་མཚན་པ་ཞིག་ཡིན་པར་སྨོས་མི་མཚར། མཚམས་འདི་ནས་བདག་གི་དྲྭ་ཚིག་དེས་སྟེར་བའི་བསམ་འཆར་རེ་ཞིག་བཤད་པར་མོས། དེ་ཡང་དེ་སྔོན་ལྟ་བུ་ལ་མཚོན་ན་རང་གཞན་ཀུན་གྱིས་ཅི་བྱུང་བྱུང་གི་རྩོམ་སྣ་མི་འདྲ་བའི་རིགས་དུ་མ་ཞིག་དྲྭ་ཚིག་འདིར་བཀོད་ཡོད་པའི་ཚོད་དུ་སྣང་ཞིང། སྤྱིར་རྩོམ་པ་པོ་ཞིག་གི་མིང་འཛིན་པ་ཞིག་ཡིན་པ་ནས་རང་གི་སེམས་ཀྱི་མྱོང་སྟངས་ཅི་ཡང་མ་བཅོས་པར་གསོན་པོར་ཤོད་དགོས་པ་ནི་རང་ཉིད་ཀྱི་རྩ་བའི་འགན་འཁྲི་ལས་མ་འདས། དེའི་ཕྱིར་རྩོམ་པ་པོ་ཞིག་གིས་ཡག་སྡུག་བཟང་ངན་ཀུན་གྱིས་མཚོན་པའི་རྩོམ་རིག་ཡོད་ཚད་འགྲེམ་སྟོན་བྱེད་པ་ནི་བསྔག་པར་འོས་པའི་གནས་སོ། དེ་ལས་ལྡོག་སྟེ་རྩོམ་ཡིག་སྡུག་ཚད་སྦས་ནས་ཅུང་ཟད་ལེགས་པའི་རྩོམ་དེ་དག་ཕྱིར་སྟོན་བྱེད་པ་ནི་གཅིག་ན་རྩོམ་པ་པོ་རང་གིས་རྩོམ་པའི་བྱ་བ་ཕྱེས་ཀ་ཆུས་ཟོས་སུ་གཏོང་བ་ཡིན་ལ། ཞིབ་པར་དཔྱད་ན་དེའི་རིགས་རང་ཁེ་གཞན་ཕམ་གྱི་ཀུན་རྟོག་མང་དྲགས་པའི་རྩོམ་པོའི་སྡེ་ཚན་ཞེས་བརྗོད་ཀྱང་ཆོག དེས་ན་རྩོམ་པ་པོ་ཀུན་གྱིས་རང་གི་རྩོམ་ཡིག་ཡོད་ཚད་གཞན་གྱིས་བཀླག་པའི་གོ་སྐབས་སྟེར་རྒྱུ་དེ་འགན་འཁྲི་ཞིག་ལ་ཆ་བཞག་ནས་བཤད་ན་གཙོ་བོའི་ནང་གི་གཙོ་བོ་རེད། ཡིན་ཡང་། དྲྭ་ཚིག་འདིའི་ནང་དུ་རྩོམ་ཡིག་ཅུང་ཟད་ལེགས་པའི་རྩོམ་གྱི་སྡེ་ཚན་དེ་དག་ལས་སྤེལ་ཡོང་ཚད་འཇོག་ཤར་ཤར་མ་བྱས་ནས་ཅི་དྲན་གང་ཤར་གྱི་རྩོམ་ཡིག་ཡོད་ཚད་འདིར་འགོད་མི་ཐུབ་པར་བྲོ་བ་བཟང་ཞིང་སྡེབ་སྦྱོར་ཡག་པ་འམ། ཡང་ན་བརྗོད་བྱ་ཟབ་པ་རྐྱང་རྐྱང་འཁོད་པར་བྱས་ནས་རྩོམ་གྱི་རྣམ་གྲངས་ཅུང་ཙམ་ཉུང་དུ་གཏོང་ན་ཡག་པོ་འདུག་སྙམ། གང་ཞེ་ན། ཁ་སོང་ཁ་ཉིན་དྲྭ་བ་ཀློག་པ་པོ་མང་ཙམ་གྱིས་དྲྭ་བའི་ནང་དུ་རྩོམ་གྱི་རིགས་མང་དྲགས་པས་རྩོམ་ཡིག་དེ་དག་གི་ཁ་བྱང་ཙམ་ལས་ལྟ་ཐུབ་ཀྱི་མི་འདུག་ཞེས་ཟེར་གྱི་འདུག རང་ཉིད་ཀྱིས་དོན་དུ་དེ་བཞིན་ཡིན་པར་བསམ་གྱི་ཡོད། དེང་གི་ཟིན་བྲིས་རེ་འགའི་ནང་དུ་དུས་ཚོད་གཉིས་ཙམ་གྱི་རིང་ལ་རྩོམ་གྱི་རྣམ་གྲངས་ཕལ་ཆེར་བརྒྱ་ཙམ་ཟིན་ལ་ཉེ་བར་སྤེལ་ཞིང་། དེའི་ཕྱིར་ཟིན་ཐོ་སྤེལ་ནས་ཆུ་ཚོད་རེ་གཉིས་ཙམ་ལས་ཟིན་རྩོམ་དེ་མཐོང་བའི་གོ་སྐབས་མེད་པར་རྩོམ་ཡིག་ཁྲི་སྟོང་མང་པོའི་གསེང་དུ་འགྲེས་ནས་འཚོལ་མི་ཐུབ་པའི་གནས་སུ་འགྱུར་འགྲོ་གི་གདའ། དེ་ལྟར་གྱི་དྲྭ་རྩོམ་དེ་དག་ནི་དོན་ངོ་མར་བཤད་ན་ཀློག་བསམ་པའི་ཀློག་པོས་ཀློག་པའི་གོ་སྐབས་མེད་པའི་རྩོམ་ཡིག་ཞིག་ཏུ་འགྱུར་གྱི་འདུག་པས་དྲྭ་ཚིག་ཏུ་སྤེལ་བར་དགོས་པ་ཆེར་མེད་པར་སྣང་། དེའི་སྐོར་ལ་ཁྱེད་དྲྭ་བའི་གཙོ་འཛིན་མི་སྣ་རྣམས་ཀྱིས་ཐུགས་བསམ་ཆེ་བཞེས་གནང་བར་ཞུ་ཞེས་བསམ་འཆར་ཙམ་དུ་ཕུལ་བ་ཡིན། མཐར་ཁྱེད་གཙོ་སྒྲུབ་མི་སྣ་རྣམས་ཀྱི་མཛད་འཕྲིན་ཡར་ངོའི་ཟླ་བའི་དཔལ་ལ་འགྲན་ཞིང་། དྲྭ་བ་འདི་ཉིད་ཡུན་དུ་རྟེན་ཏེ་དུས་རྟག་ཏུ་ཤེད་ལྡན་གྱི་རྩོམ་པ་པོ་གང་མང་ཞིག་གི་གཞིས་ཁྱིམ་ངོ་མ་ཞིག་ཏུ་འགྱུར་བའི་ཤིས་སྨོན་ལན་ལན་བརྒྱར་ཞུ་ཞུ། དཔལ་གཤེན་བསྟན་ཀོ་རྒྱལ་ཀུན་གླིང་གདན་ས་ནས།

Re:ལེགས་སྐྱེས་དང་། ཁ་བརྡ། | 2012/5/21 13:20:46
སྐུ་མགྲོན་sWNa61(སྐུ་མགྲོན)ག་རེ་བསྲུབ་དགོས་ཀྱི་འདུག ཐད་དཀར་གསུངས་དང་།
རྩོམ་པ་པོ།:སྐུ་མགྲོན་sWNa61(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ལེགས་སྐྱེས་དང་། ཁ་བརྡ། | 2012/5/21 11:46:43
སྐུ་མགྲོན་13AMd5(སྐུ་མགྲོན)ཡག་པོ་ཡོད་པ་འདྲ་
རྩོམ་པ་པོ།:སྐུ་མགྲོན་13AMd5(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ལེགས་སྐྱེས་དང་། ཁ་བརྡ། | 2012/5/21 11:43:44
སྐུ་མགྲོན་J51Qiu(སྐུ་མགྲོན)ཁྱེད་རང་གི་རྩོམ་ཡིག་ཡང་བསྲུབ་དགོས་པའི་དྲལ་ལ་སླེབས་འདུག
རྩོམ་པ་པོ།:སྐུ་མགྲོན་J51Qiu(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ལེགས་སྐྱེས་དང་། ཁ་བརྡ། | 2012/5/14 18:22:55
མིང་མེད་པ་ཞིག(སྐུ་མགྲོན)བདེན་ལགས་ཁྱེད་ཀྱི་རྩོམ་ཡང་མང་ཆེ་ཤོས་སུ་འདུག། དེས་ན་འགོ་ཁྱེད་
ཀྱིས་བཙུག་དགོས་པ་འདྲ།
རྩོམ་པ་པོ།:མིང་མེད་པ་ཞིག(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ལེགས་སྐྱེས་དང་། ཁ་བརྡ། | 2012/5/14 18:19:06
yongdromརྩོམ་ཡིག་མང་བའི་རྩོམ་ཡོད་ཚད་ཀྱིས་རྩོམ་ཡིག་བསྲུབ་དགོས་ཟེར་གྱི་མེད། རྩོམ་ཡིག་བརྗོད་དོན་འདི་མིན་དེ་མིན། ཁ་ཕྱོགས་ཅི་ཡང་མེད་པ། སྡེབ་སྦྱོར་མ་ལིགས་པ་སོགས་ཀྱིས་མཚོན་པ་དག་བཞག་ན་མ་བཞག་ན་དོན་མེ་འདུག་ཞེས་བཤད་ན་ཡིན། དེའི་ཐད་ལ་བསམ་འཆར་ཡོད་ན་གསུངས་ཤོག རང་ཉིད་ཀྱིས་ཀྱང་གནས་ཚུལ་དེ་ལ་བསམ་གཞིག་བྱས་ནས་རྩོམ་ཡིག་རེ་ཞིག་བདུན་སྔོན་མ་དང་དེ་རིང་སོགས་ནས་བསྲུབ་འགོ་འཛིན་ཏེ་རྩོམ་ཡིག་རེ་ཞིག་བསྲུབ་ཚར་བ་ཡིན།
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.