དོ་ནུབ་དཔྱིད་ཟླ་ལྔ་པའི་ཚེས་བཟང་གི་དགོང་མོ་ཞིག་སྟེ། ཡོད་ཚད་ཀྱིས་ཁྱེད་ཉིད་གླེང་བའི་དུས་ཚིགས། ཡང་ན་རྒྱང་རིང་གི་ཨ་མ་དྲན་པའི་ཉིན་མོ། དེ་ནི་ངས། གང་ལྟར་མིང་སྲིང་ཚོའི་དྲན་ཞིང་དུང་བའི་མེ་ལོང་ཟུང་གཅིག་གི་ངོས་སུ་ལྷང་ངེར་ཤར་བའི་ཟླ་གཟུགས། དེ་ནི་ཟླ་བ་དང་འདྲ་བའི་ཟླ་གཟུགས།
ངའི་རྨི་ལམ་ནང་གི་དོན་དམ། གཉིད་སད་རྗེས་ཀྱི་འཁྲུལ་སྣང་།
དོན་དུ་ད་ནོང་ངའི་མིག་ཆུའི་ཀློང་གི་ཨ་མ། ངས་ཕ་ཡུལ་ལ་ལྟས་པའི་ཕྱི་མིག་ཞིག་གི་མཐོང་ཡུལ་ངོ་མ།
སེམས་ཀྱི་དྲན་དུང་རེ་རེའི་རྒྱབ་ནས་སོར་མོ་ཡི་སྟངས་སྟབ་དེ་ཡིས་བྲིས་ཟིན་པའི་ཡིག་འབྲུ་དུམ་བུའི་བརྗོད་བྱ་ཉག་གཅིག ཡང་ན། མགྲིན་པའི་ངག་སྒོ་ནས་མཆེད་པའི་རོལ་དབྱངས་རིང་མོ་སྟེ།
ཁྱེད་ལ་ཕུལ་བའི་སྙན་ངག་གི་ཚེ་སྲོག་ངོ་མ།
ཁྱོད་ཡོད་སའི་རི་ཆུ་དེའི་ཕ་རོལ་ན་ཡོད་པའི་ང་།
ཁ་སོང་ཁྱེད་བསམ་མྱོང་བ་འམ།
དེ་རིང་ཁྱེད་དྲན་མྱོང་བའི་ངའི་འཇིག་རྟེན་དང་ང་གཉིས་མ་བྲལ་བར།
ལོ་ཟླ་ཇི་ལྟར་མགོར་ཡང་།
བརྗིད་མི་སྲིད་པའི་ཁྱོད།
མདོར་ན་ངའི་སེམས་ཀྱི་དུང་བ་ཟབ་སའི་གངས་རིའི་བུ་མོ་སྟེ།
བྱམས་ལྡན་གྱི་ཨ་མ།
༢༠༡༢-༥-༨ཉིན་དབྱངས་ཅན་དགྱེས་པའི་རང་ཤག་ཁང་ནས།
- ཟིན་ཐོ་གོང་མ།དོགས་ལན་མདའ་གཞུ་ཁ་སྦྲེལ།
- ཟིན་ཐོ་འོག་མ།མཁྲེགས་འཛིན་ལ་སྡང་བའི་གཤེད་མ།
ཨ་མ་ཨ་མ་ཟེར་བ་ དྲིན་ཅན་ཨ་མ་ཨི་རེད་ དཀར་གསལ་ཟླ་བ་འདྲ་བའི་ སྙིང་གི་བྱམས་པ་ཨི་རེད།