ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
དྲྭ་ཁང་དུ་སོང་བའི་མྱོང་སྣང་། | 2012/3/23 14:03:00

ཀ་བ་བརྒྱ་ཡིས་འདེགས་པའི་ཁང་ཆུང་སྟེ།།

ཁ་བ་ཅན་སོགས་མི་རིགས་མང་ཙམ་ཞིག།

ག་ལེར་དལ་གྱིས་འདུས་པའི་གཞིས་ཀ་ན།།

ང་ཅག་དམིགས་ཡུལ་མི་གཅིག་ལྷན་དུ་འཛོམས།།

ཅ་ཅོ་སོད་སོད་རྒྱོབ་ཅེས་འབོད་པའི་ཁྲོད།།

ཆ་ལུགས་དམར་ཡ་ཆགས་པའི་གྲྭ་འཁྱམས་ང།།

ཇ་ཡུན་ཙམ་ལ་གནས་འདིར་སྡོད་ན་ཡང་།།

ཉ་ཉོགས་དེ་ཚོས་རྟག་ཏུ་མིག་ལ་གཟན།།

ཏ་ཐ་ག་ཏའི་བསྟན་སྒོར་ཞུགས་པ་ཞིག།

ཐ་སྙད་གཞུང་ལུགས་ཀུན་ལ་སྦྱང་མཁན་ཞིག།

ད་ཆར་སློབ་ཚོགས་སྐྱོང་བའི་དགེ་རྒན་ཞིག།

ན་ཚོད་རྒས་ཡང་རོལ་རྩེད་འབད་པས་གཟན།།

པ་ཏྲའི་རིས་ཚགས་བསྟར་འདྲའི་འཕྲུལ་ལམ་ནས།།

ཕ་མར་མི་བསམ་ཉིན་མཚན་དུས་ཀུན་དུ།།

བ་ལང་ཁྱི་བཞིན་ངན་སྤྱོད་ལ་རོལ་བའི།།

མ་འོང་ཕྱི་འདིང་མེད་པའི་མི་རྣམས་གཟན།།

ཙ་རི་གནས་སྐོར་འགྲིམ་ལ་མི་དགའ་པར།།

ཚ་ཚུབ་མདུན་ལམ་ཕུང་བའི་མཛད་ངན་ཅན།།

ཛ་ཡ་བསྟན་ལ་དེད་འདུན་རིང་དོར་བའི།།

ཝ་དང་སྦེ་བཞིན་ཁ་ཕྱོགས་བོར་བས་གཟན།།

ཞྭ་དཀར་ལ་སོགས་རང་གཞན་གྲུབ་མཐའི་གཞུང་།།

ཟ་ཧོར་རྒྱ་སོགས་འདྲ་མིན་ཡུལ་གྲུ་ཀུན།།

འ་འུར་བཤད་གྲྲྭར་སྦྱང་པར་ཕྱིན་ན་ཡང་།།

ཡ་མཚན་གསོད་དང་རྒྱག་ལ་རོལ་བས་གཟན།།

ར་ལུག་ཇི་བཞིན་རྨོངས་པ་ཆེ་ན་ཡང་།།

ལ་ལུང་མི་གཅིག་ན་གཞོན་རེ་ཞིག་ནི།།

ཤ་ཟ་སྲོག་གཅོད་ལྟ་བུས་ཆེས་མཚོན་པའི།།

ས་སྟེང་རོལ་རྩེད་ཚོགས་ལ་མོས་པས་གཟན།།

ཧ་ཧ་ཧེ་ཧེ་སྒྲོག་པའི་ཚོམ་ཁང་དུ།།

ཨ་བུ་ཨ་ཞེ་མིང་སྲིང་རེ་ཞིག་གིས།།

ཧ་ལམ་ངན་སྤྱོད་ཁོ་ནར་བརྩོན་པ་ཡིས།།

ཨ་རོགས་ཁམས་པའི་གཤེན་སྨྱུག་བདག་ལ་གཟན།།

                                  སྟེང་ཆེན་གྱི་དྲྭ་ཁང་ཞིག་ནས།

Re:དྲྭ་ཁང་དུ་སོང་བའི་མྱོང་སྣང་། | 2012/4/23 14:53:25
སྐུ་མགྲོན་0FVh84(སྐུ་མགྲོན)གཡུང་དྲུང་གཙུག་ཕུད་ལགས་ཀྱིས་གསུངས་པ་དེ་བདེན་པ་རེད་ཡ།།མི་སུ་ཡིན་རུང་རང་ཉིད་ཀྱི་བསམ་ཚུལ་དང་སྐྱོན་ཡོན་གང་ཡོད་ཚང་མའི་མཐོང་ཡུལ་དུ་གྱུར་དགོས་པ་རེད།དེ་གྱུར་པ་ལ་སྐད་ཡིག་ཀྱི་ཐོག་ནས་དཔྱད་རྩོམ་སྙན་རྩོམ་སོགས་ཀྱིས་སམ་ཡང་ན་མི་ངོ་འཕྲད་བྱས་ནས་རང་གི་རིག་གནས་དང་བསམ་ཚུལ་མི་གཞན་གྱིས་མཁྱེན་ཐབས་བྱེད་དགོས་རྐྱེན་ཁོང་གིས་ཀྱང་རྩོམ་དེབ་དང་དྲྭ་ངོས་སུ་ཟིན་བྲིས་སུ་བཟོས་པ་དམིགས་ཡུལ་ཡང་དེ་ལ་མཆིས་པ་སྙམ།།བཅིངས་འགྲོལ་ནས
རྩོམ་པ་པོ།:སྐུ་མགྲོན་0FVh84(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:དྲྭ་ཁང་དུ་སོང་བའི་མྱོང་སྣང་། | 2012/4/7 15:00:39
སྐུ་མགྲོན་LQHs38(སྐུ་མགྲོན)རྩོམ་ཉོབ་མང་པོ་ཞིག་སྤེལ་འདུག་ད་དུང་ཡིན་མདོག་མདོག་ཨ་ཁ་ཁ་ཧཧཧཧཧཧ

གཤམ་དུ་གཤེན་སྨྱུག་ལགས་ཀྱིས་ལན་སློག་པ་ནི་
གཞན་ལ་ཟུར་ཟ་ཆེ་བའི་གྲྭ་རྒན་ཞིག་ཡིན་ཚོད་འདུག རང་ཉིད་ཀྱི་རྩོམ་ཞིག་ཡིན་པ་ནས་གང་སར་ཁྱབ་སྤེལ་བྱེད་དགོས་པ་ནི་རྩོམ་པ་པོ་རང་ཉིས་ཀྱི་འགན་འཁྲི་ཡིན་པར་འདོད་ཀྱི་ཡོད་ལ་དེ་ལྟར་མི་གཞན་ཞིག་གིས་རང་ཉིད་རྒྱས་ལོན་བྱུང་དགོས་ན་དང་པོ་རང་ཉིད་ཀྱི་ཚབ་བྱེད་ཐུབ་པའི་རྩོམ་དང་། སྐད་ཆ་ཡོད་ཚད་མི་གཞན་གྱི་མཐོང་ཡུལ་གྱུར་དགོས་པས་རྩོམ་པ་པོས་རྩོམ་ཡིག་གི་ཡག་སྡུག་ལ་མི་བསམ་པར་ཡོད་ཚད་མི་གཞན་གྱི་ལོངས་སུ་སྤྱོད་པར་བྱེད་དགོས་པར་འདོད་ཀྱི་ཡོད། དེང་གི་ཆར་ཚག་པར་དང་དུས་དེབ། ཟིན་བྲིས་དང་། དྲྭ་རྒྱ་སོགས་སྤེལ་བ་ནི་རྩོམ་པ་པོ་ཞིག་གིས་རྩོམ་ཡིག་མ་ལུས་པར་ཁྱབ་སྤེལ་བྱེད་པའི་ས་མིག་ཏུ་ཡང་རང་ཉིད་ཀྱིས་འདོད་ཀྱི་ཡོད་པས། དེའི་ཕྱིར་རང་གིི་ནུས་ཚོད་ཀྱིས་རྩོམ་གྲངས་མི་ཉུང་བ་ཞིག་ཕྱོགས་སོ་སོའི་མཐོང་ལམ་དུ་བསྟར་བཞིན་ཡོད།
རྩོམ་པ་པོ།:སྐུ་མགྲོན་LQHs38(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:དྲྭ་ཁང་དུ་སོང་བའི་མྱོང་སྣང་། | 2012/3/24 19:31:14
སྐུ་མགྲོན་J41Qht(སྐུ་མགྲོན)རང་སྐྱོན་མི་མཐོང་ཡང་གཞན་སྐྱོན་འཚོལ་བ་དེ་དེང་སང་མི་ཕལ་ཆེ་བ་རེད་ ་་ཁྱེད་ཉིད་ཀྱང་མ་འོངས་པ་དེ་རུ་ཕེབ་སྐབས་བོད་ཡིག་བཀོལ་སྤྱོད་བྱེད་པ་ལས་གཞན་སྒོ་མ་འབྱེད་ནའང་ཆོག
རྩོམ་པ་པོ།:སྐུ་མགྲོན་J41Qht(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:དྲྭ་ཁང་དུ་སོང་བའི་མྱོང་སྣང་། | 2012/3/23 17:26:19
yongdromཁྱུང་སྨྱུག་མཛེས་དང་ང་གཉིས་དྲྭ་ཁང་སོང་བ་ཉེས་ཆ་ཞིག་ཡོད་མེད་ཀྱི་ཐད་ནས་བཤད་ན། ང་རང་དྲྭ་ཁང་དུ་སོང་བ་ཉེས་ཆ་ཅུང་ཟད་རེ་ཡོད་ཆོགས་ཀྱང་བོད་ཡིག་དྲྭ་བ་ལས་ལས་དཀའ་གཞན་བཀོལ་སྤྱོད་བྱེད་ཅི་མེད་ཅེས་བཤད་བཞག་ན་ཕར་ཆེར་མི་ཆོགས་པ་མེད་པ་འདྲ་ཞིག་ཡིན། གོང་དུ་བཤད་ཟིན་པའི་ངན་བརྗོད་དེ་ནི་དུས་ཀུན་དུ་བག་མེད་ཀྱི་བྱ་བ་སྟེ་དམག་འཐབ་དང་རོལ་རྩེད་ལ་སོགས་ལ་དུས་མདའ་བར་བྱེད་པའི་རེིགས་ལ་བཤད་པ་ཞིག་ཡིན་པ་ལས་དྲྭ་ཁང་དུ་སོང་ཚད་ལ་མཚངས་འདྲུ་བྱས་པ་མིན།
གཙང་ཚ། གཤེན་སྨྱུག་གིས།
Re:དྲྭ་ཁང་དུ་སོང་བའི་མྱོང་སྣང་། | 2012/3/23 16:34:04
སྐུ་མགྲོན་017Hx3(སྐུ་མགྲོན)ཁྱུང་སྨྱག་མཛེས་ཀྱི་བཤད་སྟང་དང་མཐུན་པས་གཤེན་སྨྱུག་ལོས་ཡིན།
ཁྱེད་གཉིས་ཀྱང་དྲྭ་ཁང་དུ་སོང་བ་དེ་ཉེས་པ་ཞིག་ཡིན་ཆོགས་སམ།
དེ་མིན་ན་འདི་ལྟར་མ་བཤད་ན་ཆོགས་སྙམ།
རྩོམ་པ་པོ།:སྐུ་མགྲོན་017Hx3(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.