ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
བྱམས་ལྡན་ཕ་མ། ཁྱེད་དྲན་བྱུང་། | 2012/3/5 11:57:00

བྱམས་ལྡན་ཕ་མ།

ཁྱེད་དྲན་བྱུང་།

 

ཉི་འོད་སེར་པོའི་འོད་མདངས་རིང་ནས་ཡལ་སོང་།།

དཀར་གསལ་ཟླ་བའི་ལང་ཚོ་གཟའ་ཡིས་སྒྲིབ་སོང་།།

ཡོད་ཚད་མྱ་ངན་ཆེ་བའི་དགོང་མོ་འདི་ན། །

བྱམས་ལྡན་ཕ་མ་དྲན་པའི་ཞེན་ཆགས་ཟབ་བྱུང་། །

 

བུ་ཆུང་ས་མཐར་འགྲིམ་ལ་སྟ་གོན་རྩོམ་སྟེ། །

མདོ་གམ་ཡུལ་གྲུ་བརྒལ་བའི་གོམ་འགྲོས་མྱུར་མོས།

ཕ་ཡུལ་རྒྱང་དུ་བསྐྱུར་བའི་སྐྱོ་སྣང་ཁྲོད་ནས། །

བྱམས་ལྡན་ཕ་མ་དྲན་པའི་མིག་ཆུ་ཤོར་སོང་། །

 

སེམས་ཀྱི་བཀོད་སྒྲིག་ཟབ་པའི་མི་ཚེའི་སྟོད་ན། །

སློབ་རྭར་བཤེས་གཉེན་མཇལ་བའི་དུས་ཚིགས་འོག་ནས། །

སློབ་གསོའི་སྙན་དབྱངས་སྟོང་གིས་རྔ་སྒྲ་ལྡིར་ཚེ། །

བྱམས་ལྡན་ཕ་མ་དྲན་པའི་ན་ཟུག་ལྡང་བྱུང་། །

 

ཁེར་རྐྱང་ཡུལ་གྱར་པ་ཞིག་རྒྱང་དུ་བཞུད་ཀྱང་། །

བསམ་པའི་དུངས་བ་རེ་རེའི་ཞེན་ཆགས་ཤིག་གིས། །

ཁྱུང་དཀར་དཔལ་གྱི་འཛིན་མའི་མཐོ་སྒང་འདི་ནས། །

བྱམས་ལྡན་ཕ་མ་དྲན་པའི་ཕྱི་བལྟས་མང་སོང་། །

 

ཟླ་བའི་ངོས་བཞིན་གཙང་པའི་ཤོག་དཀར་ངོས་སུ། །

གཙང་མིང་སྨྱུག་འཛིན་ཞིག་གིས་སོར་སྨྱུག་དེ་ཡིས། །

སྙན་ངག་གཏམ་གྱིས་མཚོན་པའི་རིས་ཚགས་དུམ་བུ། །

བྱམས་ལྡན་ཕ་མ་དྲན་པའི་གདུང་དབྱངས་ཡིན་ངེས། །

                                       བདག་གི་སྙན་དེབ་ཁེར་རྐྱང་གི་རོལ་དབྱངས་ལས།

Re:བྱམས་ལྡན་ཕ་མ། ཁྱེད་དྲན་བྱུང་། | 2012/3/30 14:09:49
སྐུ་མགྲོན་H41Og6(སྐུ་མགྲོན)罿
རྩོམ་པ་པོ།:སྐུ་མགྲོན་H41Og6(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.